༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • བཀའ་སློབ།
  • ↝
  • དོལ་རྒྱལ།

ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༢༧ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༢༧ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

དོལ་རྒྱལ་སྐོར་ཁྱེད་རང་ཚོ་གཞོན་སྐྱེས་ནང་རིགས་ཁ་ཤས་ཀྱིས་མགོ་ཚོས་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག དོལ་རྒྱལ་སྐོར་གྱི་ལོ་རྒྱུས་དང་ནང་ཆོས་ཀྱི་འགྲོ་སྟངས་ཤེས་པ་དགོས། དེ་བྱུང་ན་གནས་ཚུལ་དེའི་གནད་འགག་གང་འདྲ་ཡིན་མིན་གཞི་ནས་ཤེས་ཐུབ། བར་སྐབས་དོལ་རྒྱལ་དམ་དྲག་བྱས་པའི་རྐྱེན་གྱིས་བོད་སྤྱི་པའི་ལས་འགན་ཆེན་པོ་བསྒྲུབ་རྒྱུར་འགོག་རྐྱེན་དང་རྙོག་དྲ་སྣོན་མ་ལྟ་བུ་ཆགས་སོང་སྙམ་པ་མི་ཁ་ཤས་དེ་ལྟར་དྲན་སྲིད། ཧ་ཅང་རྙོག་དྲ་ཚ་པོ་ཡིན། ྋགོང་ས་ལྔ་པ་ཆེན་པོ་ནི་བོད་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་དང་པོ་དེ་ཡིན། ྋརྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་བོད་གཞུང་དགའ་ལྡན་ཕོ་བྲང་འཛུགས་གནང་མཛད་པ་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་འཛིན་གྱི་གཞུང་དེ་ང་ཚོ་ཆགས་ཡོད། ྋརྒྱལ་བ་ལྔ་པས་དོལ་རྒྱལ་འདི་སྨོན་ལམ་ལོག་པའི་དམ་སྲི་ཡིན་པར་ངོས་འཛིན་གནང་བར་མ་ཟད། བསྟན་སྲིད་ཀྱི་དགྲ་བོར་ཡང་བརྩིས་ནས་དྲག་པོ་མངོན་སྤྱོད་ཀྱི་ཕྱག་ལེན་མཛད་ཡོད། དེ་ལྟར་གནས་ཚུལ་དངོས་ཀྱི་ཐོག་ནས་དོལ་རྒྱལ་བསྟེན་མཁན་དེ་ཚོ་བོད་གཞུང་དགའ་ལྡན་ཕོ་བྲང་དང་ཇི་ལྟར་བྱས་ཀྱང་ཅུང་ཟད་མ་འགྲིགས་པ་ཡོང་གི་ཡོད། གནས་ཚུལ་དེ་ཁྱེད་རང་ཚོས་ཞིབ་ཕྲའི་སྒོ་ནས་བསམ་བློ་གཏོང་བ་དང་རྩད་གཅོད་བྱེད་དགོས། སྐུ་མདུན་སྐུ་གོང་མས་དམ་དྲག་མཇུག་གནོན་གནང་ཡོད།

རྡོ་དོན་སྙིང་པོ་ྋརྒྱལ་བ་རིན་པོ་ཆེས་བོད་གཞུང་གི་འགན་འཁྱེར་ནས་སྡོད་རིང་དོལ་རྒྱལ་དང་འབྲེལ་བ་བྱེད་རྒྱུ་རྩ་བ་ཉིད་ནས་ཡག་པོ་མི་འདུག སྔ་མོ་ངས་མ་ཤེས་པར་དོལ་རྒྱལ་བསྟེན་པ་ཡིན། འོན་ཀྱང་རིམ་པས་གནས་ཚུལ་རྟོགས་ཡོང་དུས་ནོར་འཁྲུལ་དང་མ་འགྲིགས་པ་ཡིན་པ་ཤེས་བྱུང༌། དེ་ཡང་མི་སྤྱིར་བཏང་གིས་མཐོང་མི་ཐུབ་པའི་རིགས་རྣམ་དཔྱོད་ཀྱིས་དཔྱད་པ་བྱས། དཔེར་ན་ངས་མཐོང་མི་ཐུབ་པའི་ལྐོག་གྱུར་དང༌། ཤིན་ཏུ་ལྐོག་གྱུར་གྱི་རིགས་ཟན་བརྟག་བསྒྲིལ་བ་དང༌། མོ་བརྒྱབ། དེ་ལྟར་བརྟག་དཔྱད་བྱས་པའི་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད། ཟན་བརྟག་བསྒྲིལ་བ་ནི་ངའི་མི་ཚེའི་ནང་ལག་ལེན་མང་ཤོས་ཤིག་ཡིན། དཔེར་ན་གནད་དོན་ཞིག་གི་ཐད་ལ་དང་པོ་བསམ་བློ་གཏོང་བ་དང༌། དེ་ནས་འབྲེལ་ཡོད་ཚང་མར་གོ་བསྡུར་གྱིས་མིའི་རྣམ་དཔྱོད་ཀྱི་ཐོག་ནས་དོན་ཚན་གཉིས་གསུམ་ཞིག་གཏན་འབེབས་བྱས། དེ་རྗེས་དོན་ཚན་སོ་སོར་དགེ་སྐྱོན་གང་ཡོད་གསལ་པོར་བཀོད་པ་དེ་དག་བསམ་བློའི་ནང་ནས་གདམ་ག་མ་བྱས་པར་ཟན་བརྟག་བསྒྲིལ་ཏེ་ཐག་གཅོད་བྱེད་ཀྱི་ཡོད། ད་ལྟ་བར་དུ་ངས་གནད་དོན་གལ་འགངས་ཆེ་བའི་རིགས་དེ་ལྟར་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱེད་ཀྱི་ཡོད་ལ། དངོས་གནས་བསླུ་བ་རྩ་བ་ནས་བྱུང་མེད། དེ་འདྲའི་ཐོག་ནས་དོལ་རྒྱལ་སྤང་བླང་ཡང་ཐག་གཅོད་བྱས་པ་ཡིན། ཕྱིས་སུ་དོལ་རྒྱལ་དམ་དྲག་བྱེད་རྒྱུ་ཡང་དེ་ལྟར་བྱས་ནས་ཐག་གཅོད་བྱས་པ་ཡིན། ྋགོང་ས་ལྔ་པ་ཆེན་པོ་དང་མ་འགྲིགས་པར་སྨོན་ལམ་ལོག་པའི་དམ་སྲི་ལ་ངོས་འཛིན་གནང་བ་ཞིག་ཡིན་དུས། ྋགོང་ས་ལྔ་པ་ཆེན་པོས་དབུ་བཙུགས་པའི་དགའ་ལྡན་ཕོ་བྲང་གི་བསྟན་སྲིད་ཐོག་ལ་ཡག་པོ་མེད་པ་ཧ་ཅང་གསལ་པོ་ཡིན།

དེ་བཞིན་བོད་གངས་ཅན་གྱི་ཆོས་འདི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་སྤུས་དག་པོ་འདི་འདྲ་ཞིག་ཡོད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་ཐབས་སྐྱོ་བ་ཞིག་ལ་སངས་རྒྱས་ཀྱི་ཆོས་འདི་གང་འདྲ་ཞིག་ཡིན་པ་ཡག་པོ་ཤེས་ཀྱི་མེད། དཔེར་ན། སྤྱི་ཚོགས་ནང་ནད་ན་ཚ་ཕྲན་བུ་བྱུང་ན་སྔོན་ལ་ཨེམ་རྗེ་མ་བསྟེན་པར་ཐུགས་དམ་ཞུ་གི་ཡོད། དེ་མ་འགྲིགས་པ་མེད་ནའང་ཐུགས་དམ་གནང་མཁན་ཚོས་ལྷས་གནོད་འདུག ཀླུས་གནོད་འདུག ཀླུ་གཏོར་གཏོང་དགོས། ལྷ་བསང་གཏོང་དགོས་ཟེར་བ་ལྟ་བུ་ལས། ནང་པ་སངས་རྒྱས་པའི་ཆོས་ཀྱི་རྩ་བར་བཤད་པའི་བདེན་པ་བཞི་དང༌། དེ་དང་འབྲེལ་བའི་ཐོག་ནས་རྒྱུ་འབྲས་ཀྱི་བླང་དོར་སྐོར་ཤོད་མཁན་མེད་པའམ་ཤོད་རྒྱུ་ཉུང་དྲགས་པ་དེ་ང་ཚོ་རྩ་བ་ནས་ནོར་གྱི་ཡོད་པ་རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་ནང་ཧ་ཅང་གསལ་པོ་གསུངས་ཡོད། དེ་དང་དེ་འདྲའི་སྔོན་བྱོན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཚང་མས་གཅིག་གྱུར་དུ་གསུངས་ཡོད། ང་རང་ཚོའི་སྤྱི་ཚོགས་ནང་ནང་ཆོས་དར་ཁྱབ་ཧ་ཅང་ཤུགས་ཆེན་པོ་ཕྱིན་ཡོད། འོན་ཀྱང་རང་བཞིན་གྱིས་ལྷ་གསོལ་ཀླུ་གསོལ་བྱེད་རྒྱུར་དགའ་པོ་བྱེད་པ་འདིར་ཞིབ་ཚགས་པོའི་ཐོག་ལ་བསམ་བློ་བཏང་ན། ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ཡག་པོ་མ་ཤེས་པ་དང༌། ཉམས་ལེན་བྱེད་སྟངས་ཡག་པོ་མ་ཤེས་པ་དེ་འདྲའི་ཐོག་འགྲོ་བ་དེ་སྤྱི་ཡོངས་ཀྱི་ཞན་ཆ་ཆེན་པོ་རེད། སངས་རྒྱས་ཀྱི་ཆོས་སྤུས་དག་པོ་འདི་ལྷ་གསོལ་ཀླུ་གསོལ་བྱེད་པའི་ཆོ་ག་འདོན་པ་དེ་འདྲའི་ཐོག་ཕྱིན་ན་ཧ་ཅང་ཐབས་སྐྱོ་པོ་ཡིན། ང་ཚོས་སངས་རྒྱས་ཆོས་དང་དགེ་འདུན་ཞེས་སྐྱབས་གསུམ་དུ་ཤོད་ཀྱི་ཡོད། ངོ་བོ་ག་རེ་ཡིན་མིན་ལ་མ་ལྟོས་པར་རྣམ་པ་དྲེགས་པའི་རིགས་དེ་དག་སངས་རྒྱས་དཀོན་མཆོག་ཕར་བཞག་དགེ་འདུན་དཀོན་མཆོག་གི་གྲས་ལའང་ཚུད་ཀྱི་མེད།

རྒྱལ་པོ་སྐུ་ལྔ་ལྟ་བུར་ཆ་བཞག་ནའང་དྲེགས་པའི་ཚུལ་བཟུང་བས་སྐྱབས་ཡུལ་གྱི་གྲས་ལ་སླེབས་ཀྱི་མེད། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དང་འབྲེལ་བའི་བོད་དོན་ཆེད་རྗེ་ཡི་མགུར་ལྷ་བཅུ་གསུམ་གསོལ་མཆོད་བྱེད་པ་དང༌། བརྟན་མ་བཅུ་གཉིས་གསོལ་མཆོད་བྱེད་པ། རྒྱལ་པོ་སྐུ་ལྔ་གསོལ་མཆོད་བྱེད་པ་དེ་དག་ནི་འགྲིགས་པ་ཡིན། བོད་སྤྱི་པའི་དོན་དག་ལ་ཐུག་ཡོད་པས་ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་བོད་ཀྱི་དོན་དག་ཅིག་སྒྲུབ་པ་ཆགས་ཀྱི་ཡོད་སྟབས། བོད་དོན་འདི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཡོད། སྔོན་གྱི་ཆོས་རྒྱལ་བཀའ་དྲིན་ཅན་སོགས་དང༌། ལྷག་པར་སློབ་དཔོན་རིན་པོ་ཆེ་བོད་ལ་ཕེབས་ནས་བོད་ཀྱི་མི་མ་ཡིན་གྱི་རིགས་དེ་རྣམས་བཀའ་བསྒོས་གཉེར་གཏད་གནང་བ་དང༌། བོད་རང་ལ་ས་ཆགས་རྡོ་ཆགས་མིན་པར་རྒྱ་གར་སོགས་ནས་ཡོང་བའི་དྲེགས་པ་ཕོ་མོ་རྣམས་ལའང་སློབ་དཔོན་གྱིས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་སྲུང་སྐྱོབ་བྱེད་རྒྱུའི་དོན་དུ་བཀའ་བསྒོས་གཉེར་གཏད་གནང་བ་ཡང་ཡོད། དེའི་གྲས་ཡིན་ན་འགྲིགས་ཀྱི་ཡོད། གསོལ་སྟངས་ཀྱང་སྐྱབས་སུ་མཆི་ཞེས་གསོལ་གྱི་མེད། གྲོགས་པོ་གྲོགས་མཆེད་ལྟ་བུ་བྱས་ཏེ་གསོལ་གྱི་ཡོད། གྲོགས་པོ་ཀོ་ཐག་མ་གློད་ཨང་གྲོགས་པོ་ཤུགས་བརྒྱབ་ཤོག་ཨང༌། ཞེས་ཞུས་ན་འགྲིགས་པ་ཡིན། ཁྱེད་རང་ཚོའི་ནང་ནས་རྒྱལ་པོ་སྐུ་ལྔ་དང༌། རྗེ་ཡི་མགུར་ལྷ་བཅུ་གསུམ། སྲིད་པའི་ལྷ་ཆེན་དེ་ཚོའི་གསོལ་མཆོད་འདོན་སྐབས། བོད་ཀྱི་བསྟན་སྲིད་དང་འབྲེལ་བའི་གྲོགས་འཕྲིན་ལས་བཅོལ་བ་ལས། རང་ཉིད་ཀྱི་བྱང་ཆུབ་སྒྲུབ་པའི་དོན་ལ་སྐྱབས་སུ་མཆི་ནས་གསོལ་མཆོད་བྱེད་ཀྱི་མེད། དེ་ལྟར་བྱས་ན་སྐྱབས་འགྲོ་དང་འགལ་གྱི་ཡོད།

དོལ་རྒྱལ་དྲེགས་པ་ཚད་ལྡན་མིན་པ་བོད་ཀྱི་ས་དགེ་བཀའ་རྙིང་ཡོངས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་གིས་སྨོམ་ལམ་ལོག་པའི་དམ་སྲི་ཡིན་པར་ངོས་འཛིན་གནང་ཡོད། དེ་འདྲ་ཞིག་ལ་རྩ་ཆེན་པོ་བརྩིས་ན་གང་འདྲ་ཡོང་བ་འདུག་གམ། དེར་བརྟེན་གནས་ཚུལ་འདི་སྐོར་དཀའ་ངལ་འཕྲད་ཡོད། གང་ལྟར་དྲེགས་པ་དེ་གསོལ་མཆོད་བྱས་ན་མ་འགྲིགས་པ་དགེ་ལུགས་ཀྱི་བླ་མའི་ནང་སྙན་གྲགས་ཡོད་པ་མཚན་ཐོས་པ་ཙམ་གྱིས་ལག་གཉིས་ཐལ་མོ་སྦྱར་ནས་དད་པ་བྱེད་ཡུལ་ཕུར་ལྕོག་ངག་དབང་བྱམས་པ་དང༌། ཁྲི་ཆེན་ངག་དབང་མཆོག་ལྡན། ལྕང་སྐྱ་རོལ་པའི་རྡོ་རྗེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་ཀྱི་གསུང་ནང་ཧ་ཅང་གསལ་པོ་འདུག དོལ་རྒྱལ་བསྟེན་གསོལ་བྱས་ན་མི་འགྲིགས་པ་དང་མི་འོས་པ། སྐྱོན་ཡོད་པ་བཅས་ལ་ངོས་འཛིན་གསལ་པོ་གནང་འདུག

ལྷག་པར་ཁྲི་ཆེན་ངག་དབང་མཆོག་ལྡན་དགའ་ལྡན་ཁྲི་པ་གནང་བའི་སྐབས་དགའ་ལྡན་གླིང་ནང་དོལ་རྒྱལ་བསྟེན་མི་ཆོག་པ་དང༌། དོལ་རྒྱལ་གྱི་རྟཻན་མཁར་བཤིག་ནས་ས་ས་མལ་དང་རྡོ་རྡོ་མལ་ལ་སྐྱེལ་གནང་མཛད་པ་སོགས་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ནང་གསལ་ཐག་ཆོད་བཀོད་འདུག བར་སྐབས་བོད་ནས་དཔར་བསྐྲུན་བྱས་པའི་དེབ་ཅིག་གི་ནང༌། པཎ་ཆེན་བསྟན་པའི་དབང་ཕྱུག་གིས་མཛད་པའི་བཀྲ་ཤིས་ལྷུན་པོའི་བཅའ་ཡིག་ནང༌། དོལ་རྒྱལ་བསྟེན་གསོལ་མི་ཆོག་པ་ཧ་ཅང་གསལ་པོ་གསུངས་འདུག སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་ཡོད་པ་དང༌། དོལ་རྒྱལ་ཙམ་མ་ཟད་སྤྱིར་བཏང་ང་རང་ཚོ་བོད་པ་འགྲུལ་བསྐྱོད་སྐབས་ལམ་གཡས་གཡོན་གྱི་རྒྱལ་ཁང་དང་བཙན་ཁང་ཡོད་སར་རྟ་བབས་པ་དང་ཞྭ་ཕུད་པ་སོགས་བྱེད་མི་རུང་ཞེས་བཀའ་གནང་འདུག དེ་བདེན་པ་རེད། དངོས་གནས་ལམ་རིམ་གྱི་ཕྱག་བཞེས་གནང་སྟེ་ཧ་ཅང་ཡག་པོ་བྱུང་ཡོད་ཀྱང༌། ཕྱིས་སུ་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་ཤུགས་ལྡན་བསྟེན་གནང་གི་ཡོད་སྟབས། ཁྲི་བྱང་རིན་པོ་ཆེ་ྋསྐྱབས་རྗེ་ཕ་བོང་ཁའི་ཞལ་སློབ་ཡིན་པར་བརྟེན་དོལ་རྒྱལ་བསྟེན་གནང་གི་ཡོད། དར་སྤེལ་ཤུགས་ཆེན་པོ་གནང་ཡོད། ཞིབ་ཚགས་པོའི་ཐོག་ནས་བཤད་ན་རྒྱུ་མཚན་དེ་འདྲ་རེད། དགོངས་གཞི་འདི་འདྲ་རེད་ཅེས་བཀའ་གནང་ཡོད་ན་གནས་ཚུལ་ཐ་དད་ཡིན།

ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་སྟག་ཕུ་རྡོ་རྗེ་འཆང་གཉིས་ལ་གནས་ཚུལ་ཞིག་བྱུང་བ་རེད། གནས་ཚུལ་ཡོངས་རྫོགས་ཐུགས་ཞིབ་གནང་རྒྱུ་བྱུང་ཡོད་མེད་མི་ཤེས་ཀྱང༌། གང་ལྟར་ྋསྐྱབས་རྗེ་ཕ་བོང་ཁ་ཚད་ཐུབ་ཀྱི་བླ་མ་ཧེ་རུ་ཀའི་རྣལ་འབྱོར་པ་ཆེན་པོ་དཔེ་མེད་ཡོངས་གྲགས་དང༌། ལམ་རིམ་བློ་སྦྱོང་གི་བསྟན་པའི་བདག་པོ་དཔེ་མེད་ཡོངས་གྲགས་རེད། དེ་དག་གིས་དོལ་རྒྱལ་བསྟེན་པ་གནང་སྟངས་ནི་རང་ཉིད་ལྷ་ཡི་རྣལ་འབྱོར་བརྟན་པོ་ཡོད་པའི་ཐོག་ནས་དྲེགས་པ་བྲན་དུ་བཀོལ་བའི་གནས་ཚུལ་ཐ་དད་ཡིན། དཔེར་ན་ང་རང་ཚོའི་བློ་སྦྱོང་ནང་ཆ་བཞག་ན། སྦྱོར་བ་བཞི་ཉམས་ལེན་བྱེད་དུས་མི་དང་མི་མ་ཡིན་ལ་འཕྲིན་བཅོལ་བྱེད་ཚུལ་ཡོད། དེ་རྣམས་རང་ཉིད་ལྷའི་རྣལ་འབྱོར་གྱི་གདེང་དང་ལྡན་པའི་ཐོག་ནས་དྲེགས་པའི་སྲོག་རང་ལ་ཚུར་གཏད་དེ་དྲེགས་པ་བྲན་དུ་བཀོལ་བ་ཞིག་ཡིན་ཀྱང༌། བར་སྐབས་ཀྱི་བྱེད་སྟངས་མང་པོ་ཞིག་ནི་རང་གི་སྲོག་དྲེགས་པ་ལ་ཕར་གཏད་པ་ལྟ་བུ་ལས་དྲེགས་པའི་སྲོག་ཚུར་ལ་གཏད་དེ་དྲེགས་པ་བྲན་ཏུ་བཀོལ་བ་ཞིག་རེད་མི་འདུག ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ནི་དངོས་གནས་ཚད་ལོངས་པའི་དགེ་བའི་བཤེས་གཉེན་རེད། ཁོང་རྣམ་གཉིས་ཀྱིས་དྲེགས་པ་བྲན་ཏུ་བཀོལ་གནང་བ་ལས། སྐྱབས་ཡུལ་དུ་བརྩིས་ཏེ་ཉ་ཉུང་མཉམ་སྲེས་རྩ་བ་ནས་གནང་མེད།  དེ་ངས་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་བར་སྐབས་ཀྱི་བྱེད་སྟངས་དེ་རིགས་གནད་འགག་ཆ་ཚང་ཡག་པོ་ཞིག་མ་རྟོགས་པ་དང༌། བློ་འཁྲུལ་བའམ་བློ་དམན་པའི་ཐོག་ནས་དེ་འདྲ་ཞིག་ཏུ་འགྱུར་ཡོད། དེ་སྔ་བོད་དུ་སྐུ་མདུན་སྐུ་གོང་མ་འཚོ་ཞིང་གཞེས་པའི་སྐབས་སུ་དོལ་རྒྱལ་ཡོད་བཞིན་པ་ཡིན་ནའང༌། གྲོང་གསེབ་དང་དགོན་པ་རི་ཁྲོད་ཁ་ཤས་ལ་བསྟེན་མཁན་ཡོད་ན་ལས། ཡོངས་གྲགས་མངོན་གསལ་དོད་པོ་གནང་མེད། སྐུ་མདུན་སྐུ་གོང་མ་དགོངས་པ་རྫོགས་རྗེས་དོལ་རྒྱལ་བསྟེན་མཁན་འཕེལ་རྒྱས་ཕྱིན་པ་དང༌། ལྷག་པར་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཤོར་ནས་རྒྱ་གར་ལ་སླེབས་རྗེས་ཚུལ་མཐུན་དུ་མ་བསྡད་པར་གཞི་ནས་གཡམ་རྒྱུག་ཐོག་འགྲོ་ཐལ་ཆེན་པོ་བྱུང་འདུག

སྤྱིར་བཀའ་གདམས་པའི་བསྟན་པ་དང༌། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ལ་དངོས་གནས་ཕན་པ་ག་རེ་བྱུང་འདུག་རྩིས་ཤིག་བརྒྱབ་ན༑ ྋསྐྱབས་རྗེ་ཕ་བོང་ཁ་དང་སྟག་ཕུ་རྡོ་རྗེ་འཆང་གཉིས་ཀྱི་ཡང་སྲིད་བོད་དུ་ཕེབས་ནས་ཕྱི་ལོ་ ༡༩༥༩ ལོར་དགུང་ལོ་གཞོན་གཞོན་ཡིན་ཞིང༌། དངོས་གནས་བསྟན་པ་སྤྱི་སྒོས་ལ་མཛད་རྗེས་རླབས་ཆེན་པོ་འཇོག་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་ཀྱང་གཉིས་ཀ་སྐུ་ཚེ་མ་ཟིན་པ་རེད། དེ་ཚོའི་ཐོག་ང་ཚོས་ཉམས་ཞིབ་བྱེད་དགོས་པ་འདུག གང་ལྟར་དོལ་རྒྱལ་བསྟེན་ནས་འཇམ་མགོན་བླ་མའི་བསྟན་པར་ཁ་ཡོད་ལག་ཡོད་ཀྱིས་མིང་དོན་མཚུངས་པའི་ཕན་ཐོགས་འདི་བྱུང་ཞེས་བཤད་རྒྱུ་མེད་པའི་ཐོག དེ་ལས་ལྡོག་སྟེ་དོལ་རྒྱལ་བསྟེན་གསོལ་བྱས་པ་དང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་མིའི་བྱེད་སྟངས་ཀྱིས་རྐྱེན་པས་ཁམས་ཁུལ་དང༌། ལྷོ་ཁ་ཁུལ། གཙང་ཁུལ་བཅས་གང་སར་འདས་པའི་ལོ་དྲུག་ཅུ་རེ་གྲངས་ནང་ཆོས་ལུགས་ཕན་ཚུན་བར་དམ་ཚིག་སེལ་ལྷད་ཆེན་པོ་བྱུང་ཡོད་པ་དང༌། དོལ་རྒྱལ་གྱིས་རྐྱེན་པས་དགེ་ལུགས་པ་ལ་མཐོང་ཕྱོགས་བྱེད་མཁན་མང་དུ་ཕྱིན་པ་དེ་འདྲའི་ཐོག་ནས་འཇམ་མགོན་བླ་མའི་བསྟན་པ་ལ་མི་མཛེས་པ་མཐོང་མཁན་མང་དུ་འགྲོ་བའི་རྐྱེན་རྩ་གཙོ་བོ་དོལ་རྒྱལ་ཆགས་ཡོད། འཇམ་མགོན་བླ་མའི་གསུང་ནང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་ལ་ཕྲན་བུ་མི་མཐུན་པ་ཡོད་པའི་རྐྱེན་གྱིས་དགེ་ལུགས་པར་ཟུར་ཟ་དང་ཀླན་ཀ་བྱེད་མཁན་ཡོང་མི་ཤེས།  འཇམ་མགོན་བླ་མའི་འགྲེལ་བཤད་དེ་དག་ནི་རྒྱ་གར་གྱི་མཁས་པ་ཚད་ཐུབ་ཀྱི་གཞུང་ལ་ཁུངས་གཏུགས་ནས་དགོངས་པ་བླངས་ཏེ་མ་རྟོགས་པ་དང་ལོག་པར་རྟོག་པའི་གོ་བ་སྐྱོན་དང་བྲལ་བའི་ཐོག་ནས་མཐའ་དག་གསལ་པོར་གཏན་ལ་ཕབ་ཡོད། བློ་གཟུ་བོར་གནས་པའི་མཁས་པ་ཡིན་ཕྱིན། དེ་སྔ་རྙིང་མའི་ནང་ནས་བསྔགས་བརྗོད་བྱེད་མཁན་ཇི་སྙེད་བྱུང་ཡོད་ལ། དེ་བཞིན་བཀའ་བརྒྱུད་པ་དང༌། ས་སྐྱའི་ནང་ནས་ཀྱང་བྱུང་ཡོད། དགེ་ལུགས་པའི་བསྟན་པ་ཞེས་འཇམ་མགོན་བླ་མས་གཏན་ལ་ཕབ་པའི་ལུང་གི་བསྟན་པ་དང༌། རྟོགས་པའི་བསྟན་པའི་ཡོན་ཏན་ལ་བསམ་བློ་བཏང་ན་དེ་ལ་ཆ་འཇོག་བྱེད་རྒྱུ་ལས་སུས་ཀྱང་བསྙད་འདོགས་བྱེད་ས་རྩ་བ་ནས་མེད།  དེང་སྐབས་དོལ་རྒྱལ་བསྟེན་མཁན་དགེ་ལུགས་པ་ཞིག་ཡིན་ཕྱིན་རྙིང་མ་དང་ཆོས་བརྒྱུད་གཞན་བྱས་ན་དོལ་རྒྱལ་གྱིས་ཚར་གཅོད་ཀྱི་ཡོད་ཚུལ་བཤད་པ་དེས་རྐྱེན་པས་ཆོས་ལུགས་ཕན་ཚུན་བར་འགལ་རྐྱེན་ཆེན་པོ་ཆགས་པ་ཧ་ཅང་གསལ་པོ་ཡིན།

ྋརྒྱལ་བ་རིན་པོ་ཆེས་སྔོན་མ་ནས་ཆོས་ལུགས་རིས་མེད་ཐོག་དགོངས་པ་བཞེས་ཀྱི་ཡོད། ཡིན་ན་ཡང་ྋསྐྱབས་མགོན་རིན་པོ་ཆེ་གདན་འདྲེན་ཞུས་པ་ཡིན་ན་དེའི་མཇུག་ཏུ་སྒོ་གསང་འཛུལ་མཁན་གྱི་གབ་འདྲེ་ག་རེ་ཡོད་དམ་བསམ་ནས་ཞེད་སྣང་ཡོང་གི་འདུག་ཅེས་ང་ལ་ཤོད་མཁན་ཡོང་མྱོང༌། དེས་ན་སངས་རྒྱས་ཀྱི་ཆོས་སྤུས་དག་པོ་འདི་ལྷ་གསོལ་ཀླུ་གསོལ་གྱི་ཐོག་ཏུ་ཕྱིན་ན་ཧ་ཅང་ཐབས་སྐྱོ་པོ་ཡིན། ཁ་སང་དབྱིན་ཇིའི་སྦི་སྦི་སིའི་གསར་འགོད་པ་ཞིག་ཐུག་བྱུང༌། ཁོས་རི་བོ་དགེ་ལུགས་པའི་ཆོས་ཟེར་བ་འདི་གཙོ་བོ་དོལ་རྒྱལ་བསྟེན་རྒྱུ་དེ་རེད་ཅེས་བརྗོད་ཀྱི་འདུག གང་ལྟར་དོན་དངོས་མ་ཤེས་པའི་དབང་གིས་གནས་ཚུལ་དེ་འདྲ་ཆགས་ཡོང་གི་འདུག

དོན་ཚན་གསུམ་པ་ཚང་མས་མཁྱེན་གསལ་ཡིན། རིས་མེད་ཆོས་ལུགས་ཕན་ཚུན་བརྩི་བཀུར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞིང༌། དེའི་ནང་ཚན་ནས་ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལུགས་པ་ནང་ཁུལ་དང༌། ལྷག་པར་དུ་བོད་གངས་ཅན་ལྗོངས་ལ་ཡོད་པའི་དབུ་མ་པ་གཅིག་གྱུར་ཡིན་པས་ས་དགེ་བཀའ་རྙིང་བཞི་པོ་འདི་སྔོན་བྱོན་མཁས་པ་མང་པོ་ཞིག་གིས་རིས་མེད་ཀྱི་ཉམས་བཞེས་གནང་ཡོད། དེས་རིས་མེད་ཀྱི་བསྟན་པ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ལོ་རྒྱུས་ནང་ཧ་ཅང་གསལ་པོ་ཡོད། དཔེར་ན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གནང་བ་ཡིན་དུས། གཡང་པ་ཆོས་རྗེས་མཛད་པའི་ཐམས་ཅད་མཁྱེན་པ་དགེ་རྒྱ་མཚོའི་རྣམ་ཐར་ནང་སྐབས་དེར་ཐམས་ཅད་མཁྱེན་པས་ཆོས་ལུགས་ཀྱི་གྲུབ་མཐར་ཕྱོགས་རིས་མ་གནང་བར་བརྟེན་གྲུབ་མཐའ་རིས་མེད་པའི་རྒྱལ་བ་ཞྭ་སེར་མོ་བ་ཞེས་མཚན་གསོལ་མཁན་བྱུང་ཡོད། ཁོང་ནི་རྒྱལ་བ་དགེ་འདུན་གྲུབ་པའི་ཡང་སྲིད་འབྲས་སྤུངས་ཀྱི་བླ་མ་དང༌། སེ་འབྲས་ཀྱི་མཁན་པོ་ཡང་ཡིན་པས་དབུ་ཞྭ་པཎ་ཞྭ་སེར་པོ་བཞེས་ཀྱི་ཡོད། ཡིན་ནའང་གྲུབ་མཐའ་རིས་མེད་གནང་གི་ཡོད་སྟབས། རིས་མེད་པའི་རྒྱལ་བ་ཞྭ་སེར་མོ་བ་ཞེས་མཚན་གསོལ་བྱུང་ཡོད། དངོས་གནས་རིས་མེད་གནང་བའི་ཕྱག་སྲོལ་ཡོད་པ་འདི་ནི་ཤིན་ཏུ་གལ་ཆེན་པོ་ཡིན། ངོས་ནས་བོད་པའི་སྤྱི་ཚོགས་ནང་དགེ་ལུགས་པའི་བླ་མ་རྣམས་ལ་འབོད་སྐུལ་ཞུ་རྒྱུར་ས་སྐྱ་བཀའ་རྙིང་རིས་མེད་གསན་ཐུབ་ན་ཡག་པོ་ཡོད། དེ་བཞིན་བཀའ་བརྒྱུད་ཀྱི་བླ་མའི་ནང་ནས་འཇམ་མགོན་བླ་མའི་གསུང་རྣམས་གསན་ཐུབ་ན་ཧ་ཅང་ཡག་པོ་ཡོད་ཅེས་འབོད་སྐུལ་ཞུ་གི་ཡོད། དོན་དག་དེ་ངེས་པར་དུ་མཁྱེན་པ་གནང་དགོས།

སྔར་ངའི་ངོ་ཤེས་ས་སྐྱའི་མཁན་པོ་རིན་ཆེན་ཞུ་བ་ཞིག་ཡོད། ཁོང་ཧ་ཅང་མཁས་པ་ཡིན། ད་ཆ་གཤེགས་ཟིན། ཁོང་རང་ལུགས་ས་སྐྱ་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སློབ་མ་གནང་སྟེ། ཁོང་གི་དྲུང་ནས་སྙིང་ཐིག་གི་དབང་ལུང་མན་ངག་གསན་ཏེ་རྫོགས་ཆེན་གྱི་ཉམས་ལེན་གནང་མཁན་ཞིག་རེད། དེ་དང་ཆབས་ཅིག་རྗེ་རིན་པོ་ཆེས་མཛད་པའི་ལེགས་བཤད་གསེར་ཕྲེང་ཁམས་ནས་གཟིགས་ཡོད། རྒྱ་གར་དུ་ཕེབས་རྗེས་གདན་སའི་དགེ་ལུགས་པའི་མཁན་པོ་ཚོ་དང་མཉམ་དུ་བགྲོ་གླེང་འདྲ་མིན་གནང་བ་དང༌། སློབ་སྦྱོང་ཡང་མཉམ་དུ་གནང་ཞིང༌། ཕྱིས་སུ་འཇམ་མགོན་གྱི་དབུ་ཚད་དང་དབུས་མཐའི་གཞུང་རྣམས་ཐུགས་ལ་མངའ་ཞིང་གང་ལྟར་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་སོང༌། ཁོང་ནི་སུ་གང་ལ་གོ་བསྟུན་མི་གནང་མཁན། སྣ་ཁུག་དུམ་དུམ་ཞིག་ཡོད། ངས་ཆོས་འགྲེལ་ཞུས་མེད་ཀྱང་ངའི་ཆོས་གྲོགས་ཡིན། ཁོང་ལ་དོགས་དཔྱོད་དང་བཀའ་འདྲི་མང་པོ་ཞུས་མྱོང༌། མཁན་པོ་རིན་ཆེན་ལྟ་བུ་རེ་ཟུང་མ་གཏོགས་མེད། བླ་མ་མཁན་པོ་ཚོའི་ནང་དུ་བོད་གངས་ཅན་པའི་བསྟན་པ་རིས་སུ་མ་ཆད་པ་ཐུགས་རྒྱུད་ལ་མངའ་བ་དང༌། རིས་སུ་མ་ཆད་པའི་གནད་འགག་མཁྱེན་ནས་གསུང་མཁན་ཧ་ཅང་ཉུང་ཉུང་རེད། འདི་བློ་ཕམ་དང་ཐབས་སྐྱོ་པོ་ཡིན། དངོས་གནས་སྔར་བོད་ལ་རིས་སུ་མ་ཆད་པའི་བསྟན་པ་ཉམས་བཞེས་གནང་མཁན་བྱུང་མ་མྱོང་བ་མིན། སྔར་ཡོད་པ་དེ་དག་ཉམས་འདུག དེ་འདྲའི་སྲོལ་བཟང་པོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་བྱེད་ཐུབ་པ་བྱུང་ན་བསམ་པའི་རེ་བ་དང་འབད་བརྩོན་བྱེད་ཀྱི་ཡོད། གནས་ཚུལ་འདི་འདྲའི་སྐབས་སུ་དགེ་ལུགས་པ་ཞིག་གིས་ཐ་ན་རྙིང་མའི་དཔེ་ཆ་ཞིག་སོ་སོའི་ཁང་པའི་ནང་བཞག་པ་ཡིན་ན། དོལ་རྒྱལ་གྱིས་གནོད་པ་སྐྱེལ་གྱི་རེད། ཚར་གཅོད་ཀྱི་རེད་ཅེས་བཤད་ནས་མི་བདེ་བ་བཟོ་གི་ཡོད།

གང་ལྟར་དོན་ཚན་གསུམ་གྱི་ཐོག་ནས་དོལ་རྒྱལ་དམ་དྲག་བྱས་ཡོད། དེ་ཡང་དོན་ཚན་དང་པོ། ྋགོང་ས་ལྔ་པ་ཆེན་པོ་དང་མ་འགྲིགས་པའི་གནས་ཚུལ་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་དང་མ་འགྲིགས་པ་ཆགས་ཀྱི་ཡོད་པ་དང༌། དོན་ཚན་གཉིས་པ། སངས་རྒྱས་ཀྱི་བསྟན་པ་སྤུས་དག་པོ་འདི་མ་ཤེས་པ་དང་སྣང་ཆུང་གཡམ་རྒྱུག་བཅས་ཀྱི་གནས་སྟངས་འོག་བོད་ཀྱི་ཆོས་འདི་ལྷ་གསོལ་ཀླུ་གསོལ་གྱི་ཆོས་ལྟ་བུ་ཆགས་རྒྱུའི་ཉེན་ཁ་ཡོད། དོན་ཚན་གསུམ་པ། རིས་སུ་མ་ཆད་པའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ་རིས་སུ་མ་ཆད་པའི་བསྟན་པ་འཛིན་སྐྱོང་སྤེལ་ཐུབ་པའི་མིག་ལྟོས་བཟང་པོ་ཞིག་འཛིགས་རྒྱུ་ང་ཚོའི་འོས་འགན་ཡིན། འོན་ཀྱང་དེ་ལས་ལྡོག་ཏེ་ཆོས་བརྒྱུད་ནང་ཁུལ་དབྱེན་སྦྱོར་བྱེད་པ་བཅས་ལ་བརྟེན་ནས་དམ་དྲག་བྱེད་དགོས་བྱུང་བ་དེ་ལྟར་ཡིན།

ཁྱེད་རང་ཚོས་ཤེས་གསལ་འདི་སྐོར་ངས་ཉི་མ་གཅིག་གཉིས་ནང་གློ་བུར་ཧོལ་རྒྱུག་བྱས་པ་གང་ཡང་མིན། ལོ་མང་རིང་བརྟག་ཞིབ་རིམ་པར་བྱས་ཏེ་ཐག་བཅད་པ་ཡིན། སྐྱོན་གནད་མཐོང་བ་དེ་དག་ཤོད་རྒྱུ་ངའི་ལས་འགན་ཡིན། དེ་ཡང་བོད་ཀྱི་བསྟན་སྲིད་ཀྱི་དོན་དང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤུས་དག་པོ་ཡོང་མིན་བཅས་ལ་ཐུག་ཡོད་པར་བརྟེན། ངས་དགེ་སྐྱོན་འཛེམས་ཟོན་སྤངས་ཏེ་ཧ་ཅང་གསལ་པོ་ཞུས་པ་ཡིན། ཡིན་ནའང་ཁ་ཆེ་ཕ་ལུའི་ནང་བཤད་པ་བཞིན། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་རང་རང་སོ་སོ་རེད། །ཅེས་གསུངས་པ་ལྟར་སོ་སོའི་བསམ་བློ་རེད། ང་ལ་ཡིད་ཆེས་ཡོད་པ་དང༌། ངས་ལམ་སྟོན་བྱས་པ་དེར་ཆ་བཞག་ན་དེ་ལྟར་ཡིན། ཡང་ཧམ་བཤད་དང་རྫུན་བཤད་མིན་པའི་བསྒྲུབ་བྱ་ཡང་དག་པ་ཞིག་ཡོད་ན་གནས་ཚུལ་ཐ་དད་རེད། འོན་ཀྱང་དེ་འདྲ་གང་ཡང་མི་འདུག དེ་སྔ་རྩོད་པ་བརྒྱབ་སྟེ་ལོ་མང་པོ་ཕྱིན་ཀྱང༌། གསལ་པོ་ཆགས་ཐུབ་མེད། གང་ལྟར་རིམ་པ་མང་པོ་ཞིག་གི་སྒོ་ནས་བརྟག་དཔྱད་བྱེད་དུས་མ་འགྲིགས་པ་ཡོད་པ་ཧ་ཅང་གསལ་པོ་རེད། ཐེ་ཚོམ་ཅན་དང༌། རྩོད་པ་ཅན། བཏང་སྙོམས་སུ་མ་བཞག་པར་གསལ་པོ་བཟོ་གལ་ཆེ་བས་ངས་འདིའི་ཐོག་འགྲོ་གི་ཡོད། ང་ལ་ཡིད་ཆེས་མེད་པ་དང༌། ངས་མགོ་སྐོར་གཏོང་གི་འདུག་བསམ་པ། ྋརྒྱལ་བ་རིན་པོ་ཆེས་གནང་སྟངས་འདི་རྙིང་མའི་ངོ་སྲུང་བྱས་པ་རེད་ཅེས་ཤོད་མཁན་ཡོད། དེ་ལྟར་ཡིན་མིན་ཁྱེད་རང་ཚོས་བརྟག་དཔྱད་བྱས་ན་ཤེས་ཀྱི་རེད། རྣམ་ཀུན་གསར་འགྱུར་འགོད་མཁན་ཚོས་ང་ལ་སྐད་ཆ་འདྲིས་དུས་ངས་ཡག་པོ་རེད། གསལ་པོ་བཟོ་དགོས། ངེས་པར་བརྟག་དཔྱད་བྱེད་རོགས། རྒྱ་གར་ནང་གང་འདྲ་འདུག བོད་ནང་ལ་གང་འདྲ་འདུག འདས་པའི་ལོ་རྒྱུས་ལོ་སུམ་བརྒྱ་ཚུན་ཆད་ལ་གནས་ཚུལ་གང་འདྲ་བྱུང་འདུག ནང་པའི་ཆོས་ཀྱི་འགྲོ་སྟངས་གང་འདྲ་རེད་འདུག དེ་ཚོ་ཚང་མར་ཉམས་ཞིབ་ཡག་པོ་བྱེད་དགོས་ཞེས་ཤོད་ཀྱི་ཡོད། ཁྱེད་རང་ཚོ་སྒེར་སོ་སོའི་ངོས་ནས་དོ་སྣང་ཡོད་པ་ཡིན་ན་ཉམས་ཞིབ་ཡག་པོ་བྱེད་རྒྱུ་གལ་ཆེན་པོ་ཡིན། ང་ལ་བོད་བསྟན་སྲིད་དང་དགའ་ལྡན་ཕོ་བྲང་གི་འགན་ཞིག་ཡོད་པ་དང༌། སངས་རྒྱས་ཀྱི་བསྟན་པའི་འགན་ཡོད་པར་བརྟེན་འཇམ་མགོན་བླ་མའི་བསྟན་པ་གསེར་བཙོ་མ་ལྟ་བུ་སྤུས་དག་པོ་འདི་སྒོ་གང་ས་ནས་དྲི་མས་མ་བསླད་པ་ཞིག་བྱུང་ན་བསམ་སྟེ། ངས་བསྟན་པ་བདག་ཐེར་གྱི་ལས་ཀ་འདི་བྱས་པ་ཡིན། རེ་ཟུང་གི་སྣང་བར་མི་འགྲོ་བ་གནས་ཚུལ་ཐ་དད་རེད། ད་དུང་ངོ་རྒོལ་བྱེད་མཁན་ཁ་ཤས་ཡོད། ཤུགས་ཆེ་བ་ཕྱི་རྒྱལ་ནས་བྱེད་ཀྱི་འདུག ཁྱད་པར་མེད་གཏམ་བརྗོད་རང་དབང་རེད། གང་ལྟར་མིས་དོ་སྣང་སླེབས་ཏེ་ཉམས་ཞིབ་བྱེད་ཐུབ་པ་བྱུང་ན་ཡག་པོ་ཡོད། གནད་འགག་མཐོང་གི་མི་འདུག མི་གསོད་པ་དང༌། མེ་རྒྱག་པ། ཉེས་རྡུང་གཏོང་བ་དེ་ཚོའི་གྲས་ཅུང་ཟད་ཉེན་ཁ་ལྕི་པོ་ལྟ་བུ་འདུག་པ་འདི་ལ་གཞི་ནས་དོ་སྣང་གསར་པ་ཞིག་སླེབས་ཏེ་ཉམས་ཞིབ་བྱས་ན། གནས་ཚུལ་གསལ་པོ་ཆགས་ཀྱི་རེད། དེ་རིང་སྤྱི་སྤྱོད་རླངས་འཁོར་ནང་ཡོང་མཁན་དེ་ཚོ་ལམ་བར་དུ་བཀག་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག སྔོན་མ་བཀའ་ཤག་ལ་གནས་ཚུལ་ཞུ་བར་ཡོང་བ་ཡིན་ཟེར་མཁན་ཁག་གཅིག་ལ་ཀུན་བདེ་གླིང་གིས་བདེན་པ་བདེན་ཐུབ་ཀྱི་རྒྱུ་མཚན་བཤད་པར་ཡོང་བ་ཡིན་ན་མི་མང་དྲགས་འདུག འཛིང་རེས་གཏོང་བར་ཡོང་བ་ཡིན་ན་མི་ཉུང་དྲགས་འདུག ཅེས་གསུང་མྱོང་བ་དེ་དང་འདྲ་པོ་རེད། མི་བརྒྱ་ཙམ་ཡོད་པ་མིན་ནམ། འཛིང་རིས་གཏོང་བར་ཡོང་བ་ཡིན་ན་མི་བརྒྱས་ཉུང་དྲགས་པ་དང༌། བདེན་པ་བདེན་ཐུབ་ཀྱི་རྒྱུ་མཚན་ཤོད་པར་ཡོང་བ་ཡིན་ན། མི་བརྒྱ་ཐམ་པ་ཡོང་དགོས་དོན་མེད། བཀྲ་ཤིས་བདེ་ལེགས། ཚང་མ་བློ་བདེ་པོ་དང་སེམས་སྐྱིད་པོ་བྱས་ནས་སྡོད། ཅེས་བཀའ་སྩལ།།  །།

ཚན་པ་འདིའི་ནང་།

  • ཕྱི་ལོ་ ༡༩༩༨ ཟླ་ ༩ ཚེས་ ༡༠ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༢༧ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཟླ་ ༡༢ ཚེས་ ༩ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཟླ་ ༡༡ ཚེས་ ༡༢ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༢ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༡༠ ཚེས་ ༨ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༦ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༣༠ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༣ ཚེས་ ༢༡ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༡ ཟླ་ ༣ ཚེས་ ༧ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༨༧ ཟླ་ ༤ ཚེས་ ༡ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༨༦ ཟླ་ ༡༢ ཚེས་ ༢༧ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༨༦ ཟླ་ ༣ ཚེས་ ༣ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
  • རིས་མེད་མཁན་བླ་དགེ་བཤེས་སོགས་ལ་དོལ་རྒྱལ་སྐོར་གྱི་ལམ་སྟོན་བཀའ་སློབ།
  • ཕྱི་ལོ་ ༡༩༧༨ ཟླ་ ༦ ཚེས་ ༡༣ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༧༨ ལོར་དོལ་རྒྱལ་སྐོར་ལ་ལམ་སྟོན་བཀའ་སློབ།
  • ཕྱི་ལོ་༢༠༠༨ ཟླ་ ༡ ཚེས་ ༧ ཉིན་འབྲས་བློ་གླིང་གྲ་ཚང་གི་སྟེང་ཐོག་ཏུ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༣ ཚེས་ ༢༡ ཉིན་ྋགོང་ས་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དོལ་རྒྱལ་སྐོར་གྱི་བཀའ་སློབ།
  • ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༡༠ ཉིན་ྋགོང་ས་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དོལ་རྒྱལ་སྐོར་གྱི་བཀའ་སློབ།
  • ཕྱི་ལོ་ ༡༩༩༡ ཟླ་ ༣ ཚེས་ ༧ ཉིན་སྩལ་བའི་དོལ་རྒྱལ་སྐོར་གྱི་བཀའ་སློབ།
  • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།