༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • མཛད་རྣམ་དང་གསུང་འཕྲིན།
  • ↝
  • གསུང་འཕྲིན་གཞན།

བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།

འགྲེམ་སྤེལ།

དབྱིན་ཡུལ་བོད་ཀྱི་ཐེབས་རྩས་ (Tibet House Trust) མཐུན་འགྱུར་གནང་བ་དང་། ཐའེ་ཝན་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་ཐའེ་ཝན་རྒྱལ་ས་ཐའེ་པེ་རུ། ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་རྒྱལ་སྤྱིའི་བོད་རྒྱའི་རྒྱབ་སྐྱོར་ཚོགས་ཆེན་འཚོགས་ཡོད་པ་དང་། ཉིན་གྲངས་གསུམ་རིང་གི་ཚོགས་ཆེན་དེའི་ཐོག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་དང་། བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་གཙོས་ཕྱི་དྲིལ་རྒྱ་ཡིག་ཚན་པ་དང་ཁོར་ཡུག་ཚན་པའི་འགན་འཛིན་རྣམ་གཉིས་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་རྒྱ་རིགས་ཚོགས་ཞུགས་པའི་ནང་ཐའེ་ཝན་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་སུན་ཀྲེ་བྷེན་ལགས་དང་། ཐའེ་ཝན་དང་ཤར་ཏུར་ཀི་མཐུན་ཚོགས་ཀྱི་ཚོགས་གཙོ་ལིན་བྷའོ་ཧྭ་ལགས། དེ་བཞིན་ཐའེ་ཝན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སེམས་ཁུར་མཐུན་ཚོགས་ཀྱི་ཚོགས་གཙོ་ཡཱང་ཤན་ཧུང་སོགས་གནད་ཡོད་མི་སྣ་ ༢༠ ཡས་མས་དང་། ཐའེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱི་གཙོས་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་བོད་ཀྱི་ད་ལྟའི་གནས་སྟངས་དང་རང་ལུས་མེར་སྲེག དྷ་ས་ནས་ཡོང་བའི་འོད་སྣང་བཞི་སྟེ་ཀུན་སྤྱོད་དང་ཆོས་ལུགས། ཁོར་ཡུག རིག་གཞུང་། བོད་ཀྱི་ཁོར་ཡུག་གནས་སྟངས་དང་དེའི་གལ་གནད། དེ་བཞིན་༸གོང་ས་མཆོག་ཁས་ལེན་མི་བྱེད་པ་ནི་པེ་ཅིན་གྱི་མི་རིགས་སྲིད་བྱུས་ཕམ་ཉེས་ཡིན་ཞེས་པ་སོགས་ཀྱི་བརྗོད་གཞིའི་ཐོག་ཚོགས་བཞུགས་དཔྱད་ཞིབ་པ་ཁག་ཅིག་གིས་གཏམ་བཤད་གནང་རྗེས་དྲི་བ་དྲིས་ལན་གནང་བཞིན་ཡོད་འདུག ཚོགས་ཆེན་དབུ་འཛུགས་ཀྱི་མཛད་སྒོའི་ཐོག ཚོགས་ཞུགས་པ་རྣམས་ལ་བརྙན་འཕྲིན་བརྒྱུད་༸གོང་ས་མཆོག་གི་གསུང་འཕྲིན་གཟིགས་འབུལ་ཞུས་ཡོད་པ་དང་། གསུང་འཕྲིན་ནང་དུ།

ཀ༽ ཐོག་མའི་འཚམས་འདྲི་དང་། བོད་རྒྱའི་འབྲེལ་ལམ།

ད་ལམ་ཐའེ་ཝན་ལ་རྒྱ་རིགས་གྲོགས་པོ་དང་ང་རང་ཚོ་བོད་རིགས་རྒྱ་སྐད་ཤེས་མཁན་ཚོ་ལྷན་འཛོམས་ཐོག་ཚོགས་ཆེན་ཞིག་གོ་སྒྲིག་གནང་ཡོད། ང་ཚོའི་དཀའ་ངལ་དེ་རྒྱ་བོད་ཟུང་འབྲེལ་གྱི་ཐོག་ནས་སེལ་རྒྱུ་ཞིག་ཡིན་པར་བརྟེན་དམིགས་བསལ་བར་སྐབས་ཤིག་ནས་རྒྱ་རིགས་གྲོགས་པོ་གྲོགས་མོ་རྣམས་དང་ལྷན་དུ་ཐུག་ནས་ང་ཚོས་དངོས་ཡོད་བདེན་པའི་གནས་ཚུལ་གསལ་བཤད་བྱེད་རྒྱུ་དང་། རྒྱ་རིགས་ཚོར་བསམ་ཚུལ་གང་ཡོད་པ་དེ་དག་ལ་ང་ཚོས་ཉན་ནས་གོ་བསྡུར་བྱ་རྒྱུ་ཞིག་བྱུང་བ་རེད། དངོས་གནས་བྱས་ན་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་གྱི་གནས་ཚུལ་མ་བྱུང་གོང་ནས་ཡིན་གཅིག་མིན་གཉིས་ང་ཚོ་དང་ཐུག་ནས་འབྲེལ་བ་མཐུད་ནས་འབྲེལ་བ་བྱེད་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱེད་བཞིན་ཡོད། འོན་ཀྱང་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་གནས་ཚུལ་མ་བྱུང་བར་དུ་རྒྱ་རིགས་ཚོར་ཕར་ང་ཚོས་འབྲེལ་བ་བྱེད་རྒྱུ་དེ་ཡང་ཁག་པོ་བྱུང་ཡོད། དོན་རྐྱེན་དེ་བྱུང་རྗེས་རྒྱ་རིགས་མཉམ་དུ་འབྲེལ་བ་བྱེད་རྒྱུ་དེ་སྟབས་བདེ་རུ་ཕྱིན་པ་དང་།་འབྲེལ་བ་བྱེད་བདེ་རུ་ཕྱིན་པ་རེད། དེ་སྔ་རྒྱ་བོད་གྲོགས་པོ་ཁག་གཅིག་མཉམ་རུབ་བྱེད་རྒྱུ་བྱུང་ཡོད་ལ། ད་ལན་ཐའེ་ཝན་ནང་གཞི་རྒྱ་ཆེ་ཙམ་བྱས་ནས་འཚོགས་རྒྱུ་ཡིན་པ་རེད། དེར་བརྟེན་ཚོགས་ཞུགས་ཁྱེད་རང་ཚོ་ཚང་མར་ཕྱོགས་གཅིག་ནས་འཚམས་འདྲི་ཞུ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

ཁ༽ ཐུན་མོང་གི་གཞི་རྟེན་དང་། གཉིས་ཕན་གྱི་སྲིད་བྱུས།

བར་སྐབས་ང་ཚོ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་རྒྱ་བོད་གཉིས་དབར་འདྲ་ཆགས་པོ་བྱེད་རྒྱུ་གང་ཡང་མེད། གང་ལྟར་རྒྱ་བོད་གཉིས་དབར་དཀའ་ངལ་ཞིག་ཡོད་མུས་ཡིན། དཀའ་ངལ་དེ་མིས་བཟོས་པའི་དཀའ་ངལ་ཞིག་རེད། འཛམ་གླིང་གཞན་དག་ལའང་མིས་བཟོས་པའི་དཀའ་ངལ་ཧ་ཅང་མང་པོ་ཡོད། མིས་བཟོས་པའི་དཀའ་ངལ་དེ་དག་ང་ཚོ་མི་དང་མི་ཐུག་ནས་སྐད་ཆ་བཤད་དགོས་པ་རེད། སྐད་ཆ་བཤད་སྐབས་ང་དང་ཁྱོད་ཅེས་པའི་སྐད་ཆ་དེ་མ་ཡིན་པར་ང་ཚོ་ཞེས་སྐད་ཆ་བཤད་ནས་རྒྱ་མི་རིགས་ཚོར་ཆ་བཞག་ནའང་ལོ་རྒྱུས་དང་སྙིང་སྟོབས་ལྡན་པའི་མི་རིགས་ཤིག་རེད། ལོ་ངོ་སྟོང་ཕྲག་རིང་རྒྱ་བོད་གཉིས་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ང་ཚོ་བོད་པར་ཆ་བཞག་ནའང་དེ་དེ་བཞིན་གྱིས་གང་ལྟར་རྣམ་དཔྱོད་དང་སྙིང་སྟོབས་ལྡན་པ་ཞིག་རེད། ང་ཚོ་གཅིག་གིས་གཅིག་ལ་གྲོགས་པོའི་འདུ་ཤེས་བཞག གཅིག་གིས་གཅིག་ལ་བརྩེ་བ་ཡོད་པ་ཞིག་བྱེད་དགོས། སོ་སོ་གཅིག་པུའི་ཁེ་ཕན་ཁོ་ན་ལས་གཞན་ལ་བསམ་བློ་མ་བཏང་ན་ཡོང་རྒྱུ་གང་ཡང་མེད།

དེ་ལྟར་མིན་པར་བརྟེན་ངོས་ཀྱིས་བོད་ཀྱི་ཆབ་སྲིད་འགན་བླངས་པའི་སྐབས་ལ་ཉམས་མྱོང་མང་པོ་ཞིག་ཕྱོགས་བསྡོམས་བྱས་པའི་འབྲས་བུ་དེ་ང་ཚོ་རང་རྒྱལ་གཞན་ཕམ་ཞེས་པ་དེ་མ་ཡིན་པར་གཉིས་སྨན་ཞིག་ཡོང་ཐབས་བྱས་པ་ཡིན། རྒྱ་ནག་རྒྱལ་ཁབ་ལ་ཆ་བཞག་ནའང་བོད་རྒྱ་ནག་ནས་ཁ་བྲལ་མི་དགོས་པར་ཁྱིམ་ཚང་ཆེན་པོ་གཅིག་གི་ནང་ལ་མཛའ་མཐུན་བྱས་ནས་སྡོད་ཐུབ་པ་ཞིག་དང་། ང་ཚོ་བོད་པར་ཆ་བཞག་ནའང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། དེ་དང་འབྲེལ་བའི་ཤེས་ཡོན་མང་པོ་ཞིག་ཡོད་པ་དེ་དག་བོད་པ་རང་གིས་བདག་གཉེར་ཡག་པོ་ཞིག་བྱེད་ཐུབ་པ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཡག་པོ་ཞིག་བྱེད་ཐུབ་པ་བཅས་གཉིས་སྨན་གྱི་བསམ་བློ་ཞིག་བཏང་ནས། ང་ཚོ་ཁ་བྲལ་བྱེད་ཀྱི་ཡིན་ཞེས་པའི་མཐའ་གཅིག་དང་། ད་ལྟ་ཡོད་པ་འདི་འགྲིག་གི་འདུག་ཅེས་པའི་མཐའ་གཅིག་བྱས་ནས་མཐའ་གཉིས་དེ་དང་བྲལ་བའི་གཉིས་ཕན་དབུ་མའི་ལམ་ཞེས་པ་ཞིག་ངོས་ཀྱི་འགན་འཁྱེར་བའི་སྐབས་དེ་འདྲ་ཞིག་བཟོས་པ་རེད། གཙོ་ཆེ་ཤོས་རྒྱ་མི་ཤེས་ཡོན་ཅན་མང་པོ་ཞིག་གིས་དེའི་ཐོག་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་ཀྱི་འདུག ངོས་རང་རྒྱ་མི་ཧ་ཅང་མང་པོ་ཐུག་མྱོང་ཡོད་ལ། རྩོམ་ཡིག་ལ་ཆ་བཞག་ནའང་རྒྱ་ཡིག་ནང་རྩོམ་ཡིག་ཐོན་པ་ཧ་ལམ་སྟོང་ཕྲག་སྐོར་ཞིག་གི་ནང་དུའང་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བཞིན་འདུག དེས་གང་ཞིག་མཚོན་གྱི་ཡོད་ཅེ་ན། རྒྱའི་གྲོགས་པོ་ཤེས་ཡོན་ཅན་ཚོའི་ནང་ལ་དེ་ནི་དངོས་གནས་གཉིས་སྨན་རེད་འདུག དེ་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཁ་ཡོད་ལག་ཡོད་ཅིག་རེད་འདུག་ཅེས་ངོས་འཛིན་བྱས་ནས་རྒྱབ་སྐྱོར་བྱེད་ཀྱི་འདུག

གང་ལྟར་རྒྱ་བོད་གཉིས་དབར་དཀའ་ངལ་ཞིག་ཡོད་པ་དང་། དཀའ་ངལ་དེ་དག་དེ་ལྟར་མུ་མཐུད་གནས་ན་རྒྱ་ནག་གཞུང་ཡིན་ནའང་ངོ་ཚ་དགོས་པ་ཞིག་དང་། རྒྱ་ནག་གཞུང་གིས་ཀྱང་རྒྱ་ནག་མི་དམངས་ཚོར་འགྲེལ་བཤད་རྒྱག་སྐབས་འཁྱོག་བཤད་བྱེད་པ་དང་། ང་ཚོ་བོད་མི་རིགས་རྣམས་རྒྱ་མི་རིགས་ལ་ངོ་རྒོལ་ཡིན་པ་ལྟ་བུ། ཏཱ་ལའི་བླ་མ་ཞེས་བརྗོད་སྐབས་ཁ་བྲལ་བྱས་ནས་རྒྱ་ནག་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་ཀྱི་ཡོད་པ་ལྟ་བུ་བཤད་སྐབས། རྒྱ་མི་བསམ་བློ་དེ་ཙམ་འཁོར་མ་ཐུབ་མཁན་དང་། ཕྱོགས་ཚང་མའི་གནས་ཚུལ་མ་རྟོགས་མཁན་ཞིག་གི་སེམས་ནང་ཁོང་ཁྲོ་ཟ་བ་ལྟ་བུ་ཡོང་གི་རེད། དེ་ནི་མི་དགོས་པ་ཞིག་རེད། དངོས་ཡོད་གནས་ཚུལ་མ་རེད། དེར་བརྟེན་ང་རང་ཚོ་ཕན་ཚུན་ཐུག་ནས་དངོས་ཡོད་གནས་ཚུལ་དེ་དག་ཤེས་པ་བྱས། ང་ཚོ་ཐུན་མོང་གི་དཀའ་ངལ་སེལ་རྒྱུ་དེ་ཕན་ཚུན་ཚང་མར་འགན་ཡོད།

ག༽ དངོས་ཡོད་ཀྱི་གནས་ཚུལ་དང་། རྒྱ་རིགས་ཀྱི་ཐོབ་ཐང་།

འཛམ་གླིང་ཕྱི་ལོགས་སུ་བལྟས་ནའང་ཤེས་གསལ་རེད། མི་དང་མིའི་དཀའ་ངལ་སེལ་བར་གོ་མཚོན་བེད་སྤྱད་ནས་གནོན་ཤུགས་སྤྲད་ནས་དཀའ་ངལ་སེལ་མི་ཐུབ། བོད་ཀྱི་གནས་སྟངས་ལ་མཚོན་ནའང་རྒྱ་མིའི་དམག་དཔུང་ཧ་ལས་པའི་སྟོབས་ཆེན་པོ་ཡོད་ཀྱང་། དམག་དཔུང་གཅིག་པུས་བོད་ཀྱི་དཀའ་ངལ་དེ་སེལ་ཐུབ་ཐབས་མེད། གལ་སྲིད་དེ་ལྟར་སེལ་ཐུབ་ཀྱི་ཡོད་ན་ད་གཟོད་བོད་ཀྱི་དཀའ་ངལ་དེ་སེལ་ནས་རྫོགས་ཚར་དགོས་པ་ཞིག་ཆགས་ཡོད། མི་རབས་བརྗེ་འགྲོ་ཡི་ཡོད་རུང་དཀའ་ངལ་ད་དུང་ལྷག་ཡོད། མི་དང་མིའི་དཀའ་ངལ་ཞེས་པ་འདི་གཙོ་བོ་སེམས་ནང་གཅིག་གིས་གཅིག་ལ་ཕན་ཚུན་བརྩི་བཀུར་བྱེད་པ་དང་། གཉིས་ཕན་གྱི་བསམ་བློ་གཏོང་བ། ཕྱོགས་གཅིག་རྒྱལ་ཞིང་ཕྱོགས་གཅིག་ཕམ་པ་ཞེས་པ་དེ་ལྟར་མིན་པར་ཕུགས་རྒྱང་རིང་པོར་རྒྱུ་མཚན་ལྡན་པའི་ཐོག་ནས་བསམ་བློ་བཏང་ན་ང་ཚོའི་དཀའ་ངལ་སེལ་ཐུབ་པ་ཞིག་རེད།

དེ་རིང་ཁྱེད་རང་ཚོའི་ཚོགས་འདུའི་ཐོག་ལ་དེ་སྔ་ཕན་ཆད་ཀྱི་དངོས་ཡོད་གནས་ཚུལ་གྱི་ཉམས་མྱོང་ཕྱོགས་བསྡོམས་ཤིག་བྱས་ནས་ང་ཚོས་གང་འདྲ་ཞིག་གི་ཐོག་ལ་ཤུགས་རྒྱག་དགོས་ཀྱི་འདུག རྒྱ་རིགས་གྲོགས་པོའི་ནང་ཆ་བཞག་ན་དངོས་ཡོད་གནས་ཚུལ་མི་ཤེས་མཁན་ཧ་ཅང་མང་པོ་འདུག རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད་ཅེས་དངོས་ཡོད་གནས་ཚུལ་ཤེས་པའི་མཚམས་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡོད་པ་རེད། དངོས་ཡོད་གནས་ཚུལ་བཀབ་ནས་སོ་སོའི་སྲིད་གཞུང་གི་སྲིད་བྱུས་མཁྲེགས་པོ་ཡོད་པ་འདི་གཞིར་བཟུང་གི་དྲིལ་བསྒྲགས་བྱས་ནས་ཕྱིན་པ་འདི་ཡག་པོ་མི་འདུག ཅེས་ངོས་ནས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། འཁྱོག་བཤད་དང་། གསར་འགྱུར་བཀག་སྡོམ་བྱས་པ་འདི་དག་རྒྱ་ནག་ནང་ཁུལ་ལ་བྱེད་རྒྱུ་ལས་རྒྱ་གར་དང་འཛམ་གླིང་གཞན་བཅས་ལ་ཁྱབ་ཐུབ་པ་ཞིག་མིན།

ཕྱོགས་གཅིག་ནས་བསམ་བློ་བཏང་ན། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་བཅུ་བཞི་ཡོད་པ་དེ་དག་ལ་མགོ་སྐོར་གཏོང་གི་ཡོད། དེང་སྐབས་འཛམ་གླིང་འདིའི་ཐོག་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་དག་དངོས་ཤུགས་བརྒྱུད་གསུམ་ནས་གོ་ཐོས་ཐུབ་ཀྱི་ཡོད། ལྷག་པར་དེང་སྐབས་འཕྲུལ་ཆས་མང་པོ་ཞིག་ཡོད་པ་དེ་ལྟ་བུའི་འོག་ཏུ་གནས་ཚུལ་དེ་དག་བཀབ་ཐུབ་ཐབས་མེད། འབྲས་བུ་དེས་རྒྱ་ནག་མི་མང་ལ་དངོས་ཡོད་གནས་ཚུལ་ཏོག་ཙམ་ཤེས་པ་དེ་དག་གིས་རྒྱ་ནག་གཞུང་ལ་ཡིད་ཆེས་བརླག་པ་དང་། ཐེ་ཚོམ་སྐྱེ་གཞི་ཞིག་ཆགས་ཀྱི་རེད།

དེར་བརྟེན་གང་ལྟར་དངོས་ཡོད་གནས་ཚུལ་གསལ་པོ་ཞིག་སྔོན་ལ་བཟོས་དགོས་པ་དེ་གལ་གནད་ཧ་ཅང་ཆེན་པོ་རེད། དེ་རིང་རྒྱ་རིགས་གྲོགས་པོ་ཚོ་འདིར་ཕེབས་ཡོད་ལ། ཁྱེད་རང་ཚོས་བློ་གཟུ་བོར་གནས་པའི་ཐོག་ནས་དངོས་ཡོད་གནས་ཚུལ་དེ་ཉམས་ཞིབ་གནང་། དངོས་ཡོད་གནས་ཚུལ་ནང་འདས་པའི་ལོ་རྒྱུས་དེར་ཡང་འབྲེལ་བ་ཞིག་ཡོང་གི་ཡོད། རྒྱ་བོད་གཉིས་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་ལོ་རྒྱུས་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་གང་འདྲ་རེད་འདུག་གམ། ང་ཚོ་འདས་པའི་ལོ་རྒྱུས་གླེང་ནས་ད་ལྟ་ང་ཚོ་འདས་པའི་གནས་སྟངས་ནང་བཞིན་དགོས་ཞེས་སུས་ཀྱང་བརྗོད་ཀྱི་མ་རེད།

དཔེར་ན། ངོས་རང་ལ་ཆ་བཞག་ན་འཛམ་གླིང་དང་དུས་རབས་ལ་འགྱུར་བ་འགྲོ་བཞིན་ཡོད་སྟབས་དངོས་ཡོད་གནས་ཚུལ་ལ་བརྟེན་ནས་འགྲོ་དགོས་པ་ཞིག་ལས། འདས་པའི་གནས་ཚུལ་རྐྱང་རྐྱང་བགྲངས་ནས་ད་ལྟའི་དཀའ་ངལ་སེལ་ཐུབ་པ་ཞིག་ཡོང་ཐབས་མེད། ང་ཚོས་འདི་བཤད་ཀྱི་ཡོད་མ་རེད། ཡིན་ནའང་ད་ལྟའི་རྒྱ་ནག་གི་ལྟ་བ་མཁྲེགས་འཛིན་བྱེད་མཁན་དེ་དག་གིས་ལོ་རྒྱུས་ཁུངས་འཁྱོལ་ལ་མ་འཁྱོལ་དེ་རིགས་བགྲངས་ནས་གཅིག་བཤད་ཀྱི་འདུག དེ་རིགས་འདི་བློ་གཟུ་བོར་གནས་པའི་ཐོག་ནས་དངོས་ཡོད་གནས་ཚུལ་མཐུན་པ་ཞིག་ཞིབ་འཇུག་བྱ་རྒྱུ་དེ་དག་གལ་གནད་ཆེན་པོ་རེད་འདུག མ་འོངས་པར་ཆ་བཞག་ན་རྒྱ་བོད་གཉིས་ལོ་རྒྱུས་ཡོད་པའི་མི་རིགས་གཉིས་རེད། ལོ་ངོ་སྟོང་ཕྲག་རིང་འབྲེལ་བ་ཡོད་པ་ཞིག་རེད། སྔར་དུས་སྐབས་འགའ་ཤས་སྐབས་དངོས་གནས་དྲང་གནས་ང་ཚོ་གཉེན་འབྲེལ་མཛའ་གཅུགས་ལྡན་པ་བྱས་ནས་བསྡད་ཡོད་པ་རེད། དེར་བརྟེན་ང་ཚོ་ཚང་མས་ཐུན་མོང་གི་འབད་བརྩོན་གྱི་ཐོག་ནས་མ་འོངས་པར་ཡང་ཕན་ཚུན་མཛའ་གཅུགས་ལྡན་པ་ཞིག་དང་། གཉིས་ཕན་ཡོང་བ་ཞིག་ཁྱེད་རང་ཚོའི་དགོངས་པར་བཅངས་རོགས་གནང་ཞུ་རྒྱུ་ཡིན།

མཐའ་དོན་ཁྱེད་རང་ཚང་མ་ལས་བྲེལ་ཡོད་པ་ཤ་སྟག་རེད། ཡིན་ནའང་ཚོགས་འདུ་འདི་གལ་གནད་ཆེན་པོ་ཞིག་ལ་བརྩིས་ནས་ཚོགས་འདུར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སྔ་མོ་ངོས་རང་རྒྱ་ནག་ཏུ་ཡོད་སྐབས་ཕྱི་ལོ་ ༡༩༥༤ ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུའི་སྐབས་འདྲ་ཆགས་ཆགས་བྱས་པ་ཞིག་ལས་གོ་བསྡུར་ལྷུག་པོ་བྱ་རྒྱུ་དེ་འདྲ་བྱུང་མེད། དེ་ནས་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་བསླེབས་པ་རེད། རྒྱ་གར་གྲོས་ཚོགས་ནང་ལ་གོ་བསྡུར་ཧ་ཅང་ལྷུག་པོ་ཡོད་པ་དང་། སྐབས་རེ་རྩོད་པ་ཤོར་བ་སོགས་བྱུང་ཡོད། དེ་དུས་ལྡི་ལིར་རྒྱ་ནག་གི་སྲིད་བློན་ཀྲུའུ་ཨིན་ལི་ (Zhou Enlai) དང་ཧོ་ལུང་ཕེབས་པ་རེད། སྐབས་དེ་དུས་ཁོང་རྣམ་གཉིས་ལ་ངོས་ཀྱིས་དེ་ལྟར་ཞུས་པ་ཡིན། ང་ཚོ་རྒྱ་ནག་པེ་ཅིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ལྡི་ལིར་རྒྱ་གར་གྲོས་ཚོགས་འཚོགས་སྟངས་འདྲ་ཡི་མི་འདུག ང་ཚོར་བསམ་འཆར་བཤད་མཁན་དེ་ཙམ་མི་འདུག ལྡི་ལིར་བསམ་འཆར་ཤོད་མཁན་སོགས་ཧ་ཅང་འཁྲུག་པོ་འདུག ཅེས་ཞུ་སྐབས་ཀྲུའུ་ཡིས་ཁྱེད་རང་རྒྱ་ནག་ནས་ཕྱིན་ཚར་རྗེས་ང་ཚོ་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད། ཅེས་གསུངས་པ་རེད། དེར་བརྟེན་ཁྱེད་རང་ཚོ་ཚོགས་འདུ་འཚོགས་སྐབས་ཁ་གསལ་གཏིང་གསལ་བྱས་ནས་གང་ལྟར་ང་ཚོ་ཐུན་མོང་གི་དཀའ་ངལ་སེལ་རྒྱུ་ནི་ང་ཚོ་ཚང་མའི་ཐུན་མོང་གི་ལས་འགན་བྱས་ནས་ཁྱེད་རང་ཚོ་འདིར་ཕེབས་པ་རེད། དཀའ་ངལ་སེལ་ཐབས་ལ་དངོས་ཡོད་གནས་ཚུལ་དང་མཐུན་པའི་དཀའ་ངལ་གང་འདྲ་ཞིག་སེལ་དགོས་ཀྱི་འདུག དེའི་སྐོར་གོ་བསྡུར་ལྷུག་པོ་ཞིག་ཡོང་རྒྱུར་ངོས་ནས་རེ་བ་ཞུ་གི་ཡོད།

ང༽ ཀུན་ཁྱབ་འགན་འཁུར་དང་། བྱམས་བརྩེའི་སློབ་ཁྲིད།

ང་ཚོའི་སློབ་སྦྱོང་གི་ནང་དུ་ཆོས་དང་དམིགས་བསལ་མ་འབྲེལ་བའི་བྱམས་བརྩེ་ཞེས་པ་འདི་ཚན་རིག་དང་མཐུན་པའི་ཐོག་ནས་བྱམས་བརྩེའི་སློབ་གསོ་སྤྲོད་རྒྱུ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག འདིའི་སྐོར་ལ་ལོ་གང་ཙམ་ནས་ཚན་རིག་པ་དང་། ཤེས་ཡོན་ཅན་དང་མཉམ་དུ་གོ་བསྡུར་བྱས་ནས་ལས་ཀ་བྱས་དང་བྱེད་བཞིན་པ་རེད། དེ་རིང་འདིར་ཁྱེད་རང་ཚོར་ཞུ་རྒྱུར། དེ་རིང་འདིར་རྒྱ་རིགས་གྲོགས་པོ་མང་པོ་ཞིག་ཕེབས་བཞུགས་གནང་ཡོད་ལ། རྒྱ་མི་རིགས་ལ་ཆ་བཞག་ན། ལོ་རྒྱུས་ཀྱི་ཐོག་ནས་སངས་རྒྱས་པའི་ཆོས་དང་ཧ་ཅང་འབྲེལ་བ་དམ་ཟབ་ཡོད། དཔེར་ན། དེང་སྐབས་ལ་ཆ་མཚོན་ན། འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱ་རིགས་གྲོགས་པོ་མང་པོ་ཞིག་ཡོད་པར་མ་ཟད། དེ་དག་མང་ཆེ་བ་ནང་པའི་ཆོས་ལ་དོ་སྣང་ཡོད་པ་ཆགས་ཀྱི་འདུག དེར་བརྟེན་ང་ཚོ་ནང་པ་བྱེད་དགོས་ཞེས་བརྗོད་ཀྱི་མེད། ནང་པའི་ཆོས་ཀྱི་ནང་ནས་སེམས་ཁམས་རིག་པའི་སྐོར་དང་། བྱམས་བརྩེ་གོང་སྤེལ་ཇི་ལྟར་གཏོང་དགོས་མིན། ཁོང་ཁྲོ་དང་ང་རྒྱལ་སོགས་ལ་གཉེན་པོ་ཇི་ལྟར་དུ་བསྟེན་དགོས་མིན། དེ་རིགས་ཐར་པ་དང་ཐམས་ཅད་མཁྱེན་པའི་ཆེད་དུ་སྐད་ཆ་བཤད་པ་མིན་པར། འཛམ་གླིང་འདི་ཇི་ལྟར་བྱས་ཏེ་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བཟོ་དགོས་མིན་ཐོག་བསམ་བློ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་འབད་བརྩོན་བྱེད་རྒྱུའི་ནང་རྒྱ་རིགས་གྲོགས་པོ་ཚོས་ཀྱང་དམིགས་བསལ་ཞབས་འདེགས་བསྒྲུབ་ཐུབ་ཀྱི་རེད་བསམས་པའི་ངོས་ལ་ཡིད་ཆེས་ཡོད།

དེ་བཞིན་རྒྱ་གར་འཕགས་པའི་ཡུལ་ལ་ཆ་བཞག་ནའང་། སངས་རྒྱས་པའི་ལྟ་གྲུབ་དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་འབྲེལ་བ་ཡོད་པའི་ཤེས་ཡོན་དང་། ལྟ་གྲུབ་དེ་ཚོའི་གྲས་རྒྱ་གར་རང་གི་ཕ་མེས་ཀྱི་གཅེས་ནོར་ཆགས་ཡོད། ངོས་ཀྱིས་རྒྱ་གར་བ་ཚོར་རྟག་ཏུ་འདི་ལྟར་བརྗོད་བཞིན་ཡོད། དེང་སྐབས་རྒྱ་གར་ནང་དུ་ནང་ཆོས་ཐོག་དོ་སྣང་ཆེ་རུ་འགྲོ་བཞིན་འདུག ང་ཚོའི་རྒྱ་རིགས་གྲོགས་པོ་ཚོས་འདིའི་ཐོག་དགོངས་པ་བཞེས་ནས་སྔོན་ལ་ཐའེ་ཝན་ལ་ཆ་བཞག་ན་རང་དབང་ལུང་པ་ཆགས་ཡོད། དེ་འདྲའི་ཐོག་གང་འདྲ་བྱེད་ཐུབ་པ་འདུག་གམ། ང་ཚོས་མུ་མཐུད་འབྲེལ་བ་བྱེད་རྒྱུ་དང་། ང་ཚོ་འདི་གར་སློབ་དེབ་ལྟ་བུ་བཟོ་བཞིན་ཡོད། དེ་ཚོའི་ཐོག་ནས་ང་ཚོ་འབྲེལ་བ་ཡོང་ངེས་རེད། འཛམ་གླིང་ཡུལ་གྲུ་གང་སར་རྒྱ་རིགས་གྲོགས་པོ་མང་པོ་ཞིག་ཡོད། རྒྱ་རིགས་ཚོས་ལྷ་ཁང་བཞེངས་པ་དེ་རིགས་ཡག་པོ་རེད། འོན་ཀྱང་གཙོ་བོ་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཐབས་ཐོག་ང་ཚོས་ཞབས་འདེགས་གང་འདྲ་བསྒྲུབ་ཐུབ་མིན་ཐད་དགོངས་པ་བཞེས་རྒྱུ་འདི་གཅིག་ཡིན། དེ་ནས་རིམ་པས་རྒྱ་ནག་རྒྱལ་ཁབ་ལ་ཆ་བཞག་ན། གང་ལྟར་འཛམ་གླིང་འདིའི་སྟེང་གི་མི་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། རྒྱ་ནག་རང་གི་ལྐོག་ཟ་རུལ་སུངས་ཀྱིས་མཚོན་པའི་ཉམ་ཐག་ཚོར་དཀའ་ངལ་འཕྲད་པ་སོགས་ད་ལྟའི་དཀའ་ངལ་མང་པོ་ཞིག་གཙོ་བོ་བྱམས་བརྩེས་མ་འདང་བར་བརྟེན་ནས་ཆགས་ཀྱི་ཡོད། དཔེར་ན། སྤྱི་ཚོགས་རིང་ལུགས་ལ་ཆ་བཞག་ན། དངོས་གནས་བྱས་ན་བྱམས་བརྩེ་ལྡན་པ་ཞིག་ཡོད་ན། སྤྱི་ཚོགས་རིང་ལུགས་མིང་དོན་མཚུངས་པ་ཞིག་ཡོང་གི་རེད།

ངོས་རང་ལོ་ ༨༡ ཐོག་ཏུ་སླེབས་བཞིན་ཡོད། ད་བར་གྱི་མི་ཚེའི་ཉམས་མྱོང་ལྟ་བུ་མང་པོ་ཞིག་གསོག་སྐབས་འཛམ་གླིང་འདི་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་འགོ་སྟོད་ཡིན་ཅིང་། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་རིམ་པས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་དང་། ཞི་བདེའི་དུས་རབས་ཤིག་བཟོ་དགོས་བྱུང་ན། ང་ཚོས་ཤེས་ཡོན་ཐོག་ཤུགས་བརྒྱབ་ནས་མ་འོངས་པའི་མི་རབས་དེ་དག་ཤེས་ཡོན་དང་། སྙིང་རྗེ། ལྷག་བསམ། རྣམ་དཔྱོད་ཟུང་དུ་འབྲེལ་བའི་ཐོག་ནས་བྱམས་བརྩེའི་རྣམ་དཔྱོད་ལྡན་པའི་མི་ཞིག་བཟོ་དགོས་པ་དང་། དེ་ནས་རྒྱ་སྐྱེད་ཀྱིས་སྤྱི་ཚོགས་དང་། རྒྱལ་ཁབ། དེ་ནས་རྒྱལ་སྤྱི་ཡོངས་དེ་ལྟར་ཡོང་ཐབས་ང་ཚོའི་དམིགས་ཡུལ་དུ་བཞག་ནས་འབད་བརྩོན་བྱེད་ཐུབ་ན་ཡག་པོ་མེད་དམ་བསམ། ངོས་ལ་ཆ་བཞག་ན། དེ་ལྟ་བུའི་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ངོས་ཀྱི་མི་ཚེའི་ནང་མཐོང་གི་མ་རེད། འོན་ཀྱང་ང་ཚོའི་མི་ཚེ་ནི་དུས་རབས་ཉི་ཤུ་པའི་ནང་མི་གསོད་ཁྲག་སྦྱོར་ཧ་ཅང་བྱུང་ཡོད་སྟབས། དུས་ད་ལྟའང་མི་གསོད་ཁྲག་སྦྱོར་རྒྱུན་མ་ཆད་པ་ཡོང་གི་ཡོད། འདི་ང་ཚོ་དངོས་སུ་མཐོང་ཞིང་ཉམས་སུ་མྱོང་མཁན་ཞིག་གིས་སོ་སོའི་ཉམས་མྱོང་གི་ཐོག་ནས་ད་ལྟའི་བྱེད་སྟངས་འདིའི་འཛམ་གླིང་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཉིད་སྐྱིད་པོ་ཞིག་ཡོང་ས་མ་རེད་ཅེས་བསམ་བློར་འཁོར་གྱི་འདུག

ད་ལྟའི་བྱེད་སྟངས་འདིས་འཛམ་གླིང་སྐྱིད་པོ་ཞིག་ཡོང་རྒྱུ་མེད་ན། དེ་མིན་གྱི་ང་ཚོས་ཐབས་ཤེས་གང་བྱེད་དགོས་སམ་ཞེ་ན། མི་དང་འཛམ་གླིང་བརྗེ་པོ་རྒྱག་རྒྱུ་མེད་པས་མིའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་གཏོང་རྒྱུ་དང་། དེ་ཡང་ཆོས་ཕྱོགས་ནས་སྨོན་ལམ་དང་བསླབ་བྱ་བརྒྱབ་པ་གཅིག་པུ་མིན་པར། ཤེས་ཡོན་གྱི་ཐོག་ནས་མིར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་དགོས་ན། རྒྱལ་ཁབ་སོ་སོ་ཡིན་ནའང་རྒྱལ་ཁབ་སོ་སོར་བདེ་སྐྱིད་ལྡན་པ་ཡོང་རྒྱུ་འདི་སྤྱིར་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་དང་། ཞི་བདེ། སྙིང་རྗེ་ལྡན་པ་ཞིག་བཅས་བྱུང་ན། མི་སྒེར་སོ་སོ་དང་རྒྱལ་ཁབ་ལ་ཁེ་ཕན་ཡོང་ངེས་རེད། རིམ་བཞིན་འཛམ་གླིང་འདི་གོ་མཚོན་དང་དམག་འཁྲུག་མེད་པའི་འཛམ་གླིང་ཞིག་ཏན་ཏན་ཡོང་ཐུབ་ཀྱི་རེད་བསམས་པ་དྲན་གྱི་འདུག

དེ་རིང་ཁྱེད་རང་ཚོ་འདིར་འཛོམས་ཡོད་སྟབས་ངོས་ཀྱིས་ཇུས་གཏོགས་མེད་པའི་ཇུས་གཏོགས་ལྟ་བུ་ཞིག་ཆགས་སོང་ཡང་ངོས་ཀྱིས་ཁྱེད་རང་ཚོར་ཞུ་འདོད་བྱུང་། འདི་དག་ཁྱེད་རང་ཚོའི་དགོངས་པར་བཅངས་རོགས་གནང་། ཇི་ཙམ་སོ་སོའི་ཕྱོགས་དང་མཚམས་སུ་འཁོད་ནས་ཇི་ཙམ་བྱེད་ཐུབ་པ་འདུག་གམ། དེ་དག་གི་ཐོག་ཏུ་ཉམས་ཞིབ་བྱས་ནས་དགོངས་འཆར་གྱི་རིགས་ཡོད་ན། ངོས་ལ་ཚུར་འབྲེལ་བ་གནང་རྒྱུ་ཡོང་གི་རེད། དེ་ལྟར་གནང་རོགས་གནང་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ།།   །།

ཡིག་ཐོག་ཕབ་བཤུ་བ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། 

ཚན་པ་འདིའི་ནང་།

  • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
  • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
  • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
  • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།

མཛད་འཆར།

བརྟན་བཞུགས་བསྟར་འབུལ།

༢༠༢༥ ཟླ་བ་ ༦ ཚེས་ ༤

སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ...

གོ་སྟོན་བརྟན་བཞུགས།

༢༠༢༥ ཟླ་བ་ ༦ ཚེས་ ༣༠

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན་...

བཀའ་ཤག་གིས་བརྟན་བཞུགས་བསྟར་འབུལ།

༢༠༢༥ ཟླ་བ་ ༧ ཚེས་ ༥

སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ...

མཛད་འཆར་རྒྱས་པར་གཟིགས།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།