༢༠༢༣ ཟླ་བ་ ༡ ཚེས་ ༡
སྔ་དྲོ་དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༣ ཟླ་བ་ ༡ ཚེས་ ༡༨
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡོར་གདན་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༣ ཟླ་བ་ ༣ ཚེས་ ༧
བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ ཡས་མས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ།
གསུང་ཆོས་ལ་ཕེབས་མཁན་ཚོས་ངེས་པར་དུ་ཞལ་རས་གྱོན་ནས་ཕེབས་དགོས་པ་དགོངས་འཇགས་ཞུ།
༢༠༢༣ ཟླ་བ་ ༣ ཚེས་ ༨ - ཚེས་ ༩
གཉིས་རིང་སྔ་དྲོ་ཆུ་ཚོད་ ༨།༠༠ ཡས་མས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོའི་ཨ་ལན་པཱ་ཐར་གྱི་(Ulaanbaatar)གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བདེ་མཆོག་ནག་པོ་བའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ། དེ་ཡང་ཚེས་ ༨ ཉིན་བདེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་དང་། ཚེས་ ༩ ཉིན་བདེ་མཆོག་ནག་པོ་བའི་དབང་གི་དངོས་གཞི་བཅས་བཀའ་དྲིན་སྩལ་རྒྱུ།
བཀའ་དབང་ཞུ་མཁན་རྣམས་ནས་སྔགས་བླ་མེད་སྤྱིའི་ཁས་ལེན་ཐུན་དྲུག་བླ་མའི་རྣལ་འབྱོར་དང་། དེའི་སྟེང་དུ་བདེ་མཆོག་དབང་རང་དང་མཐུན་པར་ནག་པོ་པའི་བདག་བསྐྱེད་བྱུང་ན་དང་། དེ་མིན་ཐུན་དྲུག་བླ་མའི་རྣལ་འབྱོར་དང་དག་པ་གསུམ་གྱི་རྣལ་འབྱོར་རྒྱུན་འདོན་དགོས་པ་དགོངས་འཇགས་ཞུ།
༢༠༢༣ ཟླ་བ་ ༣ ཚེས་ ༡༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༣ ཟླ་བ་ ༤ ཚེས་ ༥
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མུ་སུ་རི་གཏན་སློབ་དང་བོད་ཁྱིམ་དགེ་ལས་སློབ་ཕྲུག་དང་སློབ་ཟུར། པན་ཆ་མ་རི་གཏན་སློབ་དང་ལག་ཤེས་བཟོ་གྲྭ་གཉིས་ཀྱི་ལས་སློབ་ཟུར་པ་བཅས་ནས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༣ ཟླ་བ་ ༥ ཚེས་ ༢༤
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་(the Foundation for the Preservation of the Mahayana Tradition)གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༣ ཟླ་བ་ ༥ ཚེས་ ༣༠ - ཚེས་ ༣༡
ཉིན་གཉིས་རིང་གི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། དེ་ཡང་ཚེས་ ༣༠ ཉིན་སྐྱབས་འགྲོ་ངོ་སྤྲོད་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་། ཚེས་ ༣༡ ཉིན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ།
༢༠༢༣ ཟླ་བ་ ༦ ཚེས་ ༤
སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་ག་ཟླ་བའི་དུས་ཆེན་དང་བསྟུན་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ།
༢༠༢༣ ཟླ་བ་ ༧ ཚེས་ ༢༡ - ཚེས་ ༢༣
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཞི་བ་ཚལ་གསུང་ཆོས་ར་བ་རུ་ཉིན་གསུམ་རིང་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ། དེ་ཡང་ཚེས་ ༢༡ དང་ ༢༢ ཉིན་གཉིས་རིང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། ཚེས་ ༢༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ། གཞན་ཡང་། ལ་དྭགས་ནང་པའི་ཚོགས་པ་དང་དགོན་པ་ཚོགས་པ་ཐུན་མོང་ནས་བརྟན་བཞུགས་བསྡུས་པ་ཞིག་བསྟར་འབུལ་ཞུ་རྒྱུ།
༢༠༢༣ ཟླ་བ་ ༨ ཚེས་ ༡༨
ལ་དྭགས་དབུས་འཛིན་མངའ་ཁུལ་གཤམ་རི་ལྗོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་དང་། སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་མི་མང་གིས་ཕེབས་བསུའི་མཛད་སྒོ་འཚོག་རྒྱུ།
༢༠༢༣ ཟླ་བ་ ༨ ཚེས་ ༡༩
ལ་དྭགས་དབུས་འཛིན་མངའ་ཁུལ་གཤམ་རི་ལྗོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཁར་རྩེ་གསུང་ཆོས་ར་བ་རུ་གསུང་ཆོས་དང་སྒྲོལ་དཀར་ཚེ་དབང་གི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ།
༢༠༢༣ ཟླ་བ་ ༩ ཚེས་ ༥ - ཚེས་ ༦
ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་རང་འགྲེལ་གྱི་ཐོག་ནས་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ།
༢༠༢༣ ཟླ་བ་ ༩ ཚེས་ ༢༧
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གསར་པ་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་བྱུང་བ་དབུ་འབྱེད་མཛད་རྒྱུ།
༢༠༢༣ ཟླ་བ་ ༡༠ ཚེས་ ༢ - ཚེས་ ༤
ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་། བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ།
༢༠༢༣ ཟླ་བ་ ༡༠ ཚེས་ ༢༥
ཉིན་གྱི་སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྷ་ས་རིགས་སློབ་མ་ལག སེར་བྱེས་ཧར་གདོང་ཁང་ཚན། བོད་མིའི་ཚོང་ལས་བདེ་ཚོགས། གཙང་སྟོད་ལྷ་ངམ་ཕུན་གསུམ་(ལྷ་རྩེ་རྫོང་། ངམ་རིང་རྫོང་། ཕུན་ཚོགས་གླིང་རྫོང་།)བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༣ ཟླ་བ་ ༡༢ ཚེས་ ༡༢
སྔ་དྲོ་འབྲས་ལྗོངས་མངའ་སྡེ་གཞུང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཅིག་རིང་སྒང་ཏོག་འབྲས་ལྗོངས་དཔལ་འབྱོར་རྩེད་ཐང་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ།
དྲ་ལམ་ཐད་གཏོང་གཟིགས་ཡུལ། https://gyalwarinpoche.com/liv...
༢༠༢༣ ཟླ་བ་ ༡༢ ཚེས་ ༡༤
སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་བྷང་གྷལ་ས་ལུ་སྒར་དུ་ཡོད་པའི་སྲད་རྒྱུད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ།
དྲ་ལམ་ཐད་གཏོང་གཟིགས་ཡུལ། https://gyalwarinpoche.com/liv...
༢༠༢༣ ཟླ་བ་ ༡༢ ཚེས་ ༢༠
སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གསུམ་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤེ་ཡའི་འབྲེལ་མཐུད་ལས་ཁུངས་བཅས་ནས། ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་དབར་དུས་མཐུན་གྱི་འབྲེལ་ཟམ། དེང་གི་འཛམ་གླིང་དུ་ནང་ཆོས་ཀྱི་བགྲོ་གླེང་(Bridging Traditions, Embracing Modernity: A Dialogue on the Buddha's Teaching in Today's World )ཞེས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུས་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ།
༢༠༢༣ ཟླ་བ་ ༡༢ ཚེས་ ༢༣
སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་བྱུང་ཆུབ་མཆོད་རྟེན་ཆེན་མོའི་རྟེན་གཙོ་ཐུབ་དབང་སྐུ་མདུན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་ནང་པའི་གླེང་སྟེགས་ཀྱི་ཚོགས་ཞུགས་པ་ཡོངས་ནས་འཛམ་གླིང་ཞི་བདེའི་སྨོན་ལམ་འཚོག་རྒྱུ།