༢༠༢༢ ཟླ་བ་ ༡ ཚེས་ ༩ - ཚེས་ ༣༡
རྡ་རམ་ས་ལ་གཙོས་རྒྱ་གར་ནང་དུ་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་པར་རྟེན་ཕྱི་ལོ་ ༢༠༢༢ ཟླ་ ༡ ནང་གི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲ་ཐོག་མཛད་འཆར་ཁག་ནད་ཡམས་སྔོན་འགོག་ཆེད་གནས་སྐབས་རིང་ཕར་འགྱང་ཞུ་རྒྱུ་ཡིན་ན་དེ་དོན་དགོངས་འཇགས་ཞུ།
༢༠༢༢ ཟླ་བ་ ༣ ཚེས་ ༡༨
བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ཟླ་ ༡ ཚེས་ ༡༥ དང་ཕྱི་ཟླ་ ༣ ཚེས་ ༡༨ ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༨ པ་ཡས་མས་སུ་སྐྱེས་རབས་ཀྱི་གསུང་ཆོས་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ། གསུང་ཆོས་སྐབས་ཆོས་ཞུ་བ་རྣམས་ཀྱིས་ངེས་པར་དུ་ཁ་རས་གྱོན་དགོས་པ་དགོངས་འཇགས་ཞུ།