༄༅། །ཕྱི་ལོ་༢༠༢༦ ཟླ་ ༩ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་གླེ་ཞི་བའི་ཚལ་དུ་ལ་དྭགས་ནང་པའི་ཚོགས་འདུ་དང་དགོན་ཚོགས་བཅས་ནང་པའི་ཚོགས་པ་དང་། ལ་དྭགས་ཨན་ཇུ་མན་ཨི་མ་མི་ཡ། (Anjuman Immamia) ཨན་ཇུ་མན་མོ་ཡིན་ཨུལ་ཨི་སི་ལཱམ་ (Anjuman Moin-Ul Islam)བཅས་ཁ་ཆེའི་ཆོས་ཚོགས། དེ་བཞིན་གླེ་ཡི་ཡི་ཤུའི་ཚོགས་ (Christian Community of Leh) བཅས་ཐུན་མོང་ནས་གོ་སྒྲིག་ཞུས་ཕེབས་སྐྱེལ་གསོལ་སྟོན་དུ་གདན་ཞུ་ལྟར་ཆིབས་བསྒྱུར་བསྐྱངས་རྒྱུ།
རྒྱ་གར་གྱི་ཆུ་ཚོད། ༨།༣༠ ནས་ ༡༠།༠༠
མཆན། གསན་གཟིགས་གནང་མཁན་རྣམས་ཀྱིས་རང་རང་གནས་ཡུལ་རྒྱལ་ཁབ་ཀྱི་ཆུ་ཚོད་གང་དུ་འཁེལ་ཡོད་མེད་གཤམ་གྱི་དྲ་བ་ནས་ཐུགས་ཞིབ་གནང་རོགས། https://www.timeanddate.com/wo...










