༢༠༢༥ ཟླ་བ་ ༡ ཚེས་ ༥
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༣ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གྱིས་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་བྷེལ་ཀོབ་(Bylakuppe)བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་གྱིས་ལྷོད་བཞུགས་གནང་རྒྱུ།
༢༠༢༥ ཟླ་བ་ ༡ ཚེས་ ༩
བོད་ཀྱི་སྟོད་དིང་རི་གཙོས་གཞིས་ཀ་རྩེ་སོགས་ས་གནས་ཁག་ཅིག་ལ་ས་ཡོམ་ཤུགས་ཆེར་བརྒྱབ་སྟེ་རྐྱེན་འདས་དང་། རྨས་སྐྱོན་ཕོག་པ། ཁང་ཁྱིམ་གཏོར་བཤིག་ཚབས་ཆེ་བྱུང་བ་བཅས་ཀྱི་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་འོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པར་སྔ་དྲོའི་ཆུ་ཚོད་ ༩ ནས་ ༩།༤༥ བར་མཆོད་འབུལ་སྨོན་ལམ་འཚོག་རྒྱུ།
༢༠༢༥ ཟླ་བ་ ༢ ཚེས་ ༥
སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེ་ར་བླ་སྤྱི་དང་། སེ་ར་བྱེས་སྨད་གྲྭ་ཚང་ཕྱག་མཛོད་ལྷན་རྒྱས་ནས་བླ་སྤྱིའི་ཚོགས་ཆེན་འདུ་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༥ ཟླ་བ་ ༢ ཚེས་ ༡༢
སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་བཀྲ་ཤིས་ལྷུན་པོ་དགོན་པས་བཀྲས་ལྷུན་ཚོགས་ཆེན་འདུ་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༥ ཟླ་བ་ ༢ ཚེས་ ༡༣
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༣ ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པར་སྒྲོལ་དཀར་ཚེ་དབང་གི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ།