༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • ཡིག་ཚང་།

མང་གཙོ།

འགྲེམ་སྤེལ།

མང་གཙོ།འབྱུང་འགྱུར་མ་འོངས་པའི་གནས་ཚུལ་འདི་རང་བཞིན་བརྗོད་བདེར་གྱུར་པ་ཞིག་མ་ཡིན་ཡང་། དངོས་ཡོད་གནས་སྟངས་ལ་གཞིགས་པའི་མ་འོངས་པའི་ཆེད་དུ་གྲ་སྒྲིག་བྱེད་རྒྱུ་ནི་འགྲོ་བ་མིར་གྱུར་པ་ཀུན་གྱི་ལས་འགན་ཡིན། ང་ཚོར་བདེན་པ་ཡོད་པ་ལྟར། ང་ཚོའི་བསྒྲུབ་བྱ་ཡང་བདེན་པ་ཡིན་པས། བོད་དོན་ལ་རྒྱབ་སྐྱོར་བྱེད་པ་དེ་དྲང་བདེན་ལ་བདག་སྤྲོད་དང་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པས་བདེན་པར་རང་བཞིན་གྱི་ནུས་པ་ཆེན་པོ་ཞིག་ཡོད།

འདས་པའི་དུས་རབས་ལ་ཕྱིར་མིག་བལྟས་ན། བསྒྱུར་བཅོས་དེ་ཙམ་མ་ཕྱིན་པའི་རྗེས་ལུས་བོད་ཀྱི་སྤྱི་ཚོགས་སྤྱི་དང་། ལྷག་དོན་དུ་ཆབ་སྲིད་འཛིན་སྐྱོང་གི་ལམ་ལུགས་ལ་སྐྱོན་ཆ་བྱུང་ཡོད། མ་འོངས་པའི་བོད་ཀྱི་མདུན་ལམ་གསལ་སྟོན་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡོངས་གྲགས་སྤྱི་སྲོལ་དང་མཐུན་པའི་བཅའ་ཁྲིམས་གཏན་འབེབས་ཀྱིས་མང་གཙོའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་གང་ཟག་གིས་དབང་བསྒྱུར་མ་ཡིན་པར། ཁྲིམས་ཀྱིས་དབང་བསྒྱུར་གསར་གཏོད་གནང་ཡོད། འོན་ཀྱང་ཁྲིམས་ཡག་པོ་ཡོད་ཀྱང་མིས་མགོ་བདེ་དྲན་འཕྲུལ་བྱས་པའི་དབང་གིས་ཏག་ཏག་མ་བསྡད་པ་ཡོང་གི་ཡོད།

མང་གཙོའི་ལམ་སྲོལ་ནི་གནས་དུས་འགྱུར་འགྲོས་དེང་གི་དུས་རབས་དང་མཐུན་པར་མ་ཟད། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྟ་སྤྱོད་དང་ཡང་མཐུན་གྱི་ཡོད། འཛམ་གླིང་འདིའི་སྟེང་འགྲོ་སྟངས་འགྲོ་ལུགས་ཀྱི་ལམ་སྲོལ་མི་འདྲ་བ་མང་པོ་ཡོད་པའི་ནང་སྐྱོན་ཆ་རྩ་བ་ནས་མེད་པའི་ལམ་ལུགས་ཤིག་མེད། འོན་ཀྱང་བབས་ལྷིང་བརྟན་ལ། མང་ཚོགས་ཀྱིས་འགྲོ་ལུགས་དང་མཐུན་པའི་དངོས་ཤུགས་ཐེ་ཇུས་བྱེད་ཆོག་པའི་ཐབས་ལམ་བཟང་ཤོས་དེ་མང་གཙོའི་ལམ་སྲོལ་ཁོ་ན་ཡིན་པ་ལྟར། བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་སྒོ་གང་ས་ནས་ལག་ལེན་བསྟར་ཏེ་ཉམས་མྱོང་གསོག་བཞིན་ཡོད།

མང་གཙོ་ནི་རྒྱ་ཆེའི་མི་མང་གི་དགོས་འདུན་བསམ་འཆར་གཙོ་བོར་འཛིན་པའི་སྲོལ་བཟང་ཞིག་ཡིན་པ་ལས། མགོ་མཇུག་གང་ཡང་མེད་པ་རང་སྣང་གང་དྲན་འཁྲབ་སྟོན་བྱེད་སའི་ཆབ་སྲིད་ཀྱི་སྡིངས་ཆ་ཞིག་གཏན་ནས་མིན། མང་གཙོའི་ཐོབ་ཐང་དང་རང་དབང་འདྲ་མཉམ་བེད་སྤྱོད་བྱེད་པར་ཆབ་འབངས་རང་རང་སོ་སོར་འཁྲི་བའི་ལས་འགན་ཚུལ་བཞིན་མ་བསྒྲུབ་པར། རང་དབང་དང་ཐོབ་ཐང་ཧམ་རྩོད་བྱེད་པ་ནི་མཐོང་རྒྱ་ཐོས་རྒྱས་ཕོངས་པའི་རྨོངས་རྟགས་རྒྱུགས་སྤྲོད་བྱས་པ་རེད།

དེ་དང་ཕྱོགས་མཚུངས་མང་གཙོ་ཡིན་ཞེས་རང་གི་རང་དབང་དང་ཐོབ་ཐང་གིས་གཞན་གྱི་རང་དབང་དང་ཐོབ་ཐང་ལ་མ་གནོད་པ་དགོས་རྒྱུ་ནི་མང་གཙོའི་ཁྱད་ཆོས་ཤིག་ཡིན། མང་གཙོ་ལག་ལེན་འཁེལ་བར་མི་མང་ལ་ཤེས་ཡོན་དགོས་པའི་ཁར། བདེན་རྫུན་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་། རྒྱུན་གཏན་ནས་ཁ་མིག་ཡར་བལྟ་བྱེད་དགོས་པ་ལས། ཐུར་བལྟ་བྱས་ན་རང་ཉིད་སོ་སོའི་སྤུས་ཚད་རང་མདོག་བསྟན་པ་ཡིན་པས། ཤེས་ཡོན་མེད་ན་བླུན་པོ་ཆུ་སྣ་གར་འཁྲིད་སྐབས་འཚོལ་གྱི་བེད་སྤྱོད་འོག་ལག་རྩེད་རྩེད་ཡུལ་དུ་མི་འགྲོ་བའི་ངེས་པ་མེད།

༧རྒྱལ་བའི་དགོངས་པར་མང་གཙོ་འཁོར་སྟངས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཕྲ་མོའི་སྐབས་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་དེ་གནས་དུས་འགྱུར་འགྲོས་དང་མི་འཚམས་པ་རྗེས་ལུས་ཐེབས་པའི་སྤྱི་ཚོགས་ཤིག་ལ་ཐུགས་སྣང་བྱུང་བ་དང་འབྲེལ། འཛིན་སྐྱོང་གི་ལས་བྱེད་ཡོང་ཁུངས་ཀྱང་སྡེ་དཔོན་མི་དྲག་བུ་བརྒྱུད་ནས་འཛིན་པའི་སྐྱོན་ཆ། ལྷག་དོན་གལ་གནད་ཆེ་ཁག་ཐག་གཅོད་ཐོག་དབང་ཚད་ལྡན་པའི་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ནི་བཀའ་བློན་བཞི་དང་དྲུང་ཡིག་ཆེན་མོ་བཞི། རྩིས་དཔོན་བཞི། ཛ་སག ཐའི་ཇི་སོགས་གཞུང་ཞབས་མཐོ་རིམ་ཁག་དང་། གདན་ས་གསུམ་གཙོ་གྱུར་ས་སྐྱ་དང་། བཀྲིས་ལྷུན་པོ། བོད་ལྗོངས་དམག་སྒར། དབུས་གཙང་ཚོ་ཆེན། ཆབ་བྲག སྡེ་དགེ། སྨར་མཛོ་ས་གསུམ། ཤོར་རྟ་ལྷོ་གསུམ་ལ་སོགས་པའི་འཐུས་མི་ལས། ལུང་ཚན་སྡེ་ཁག་གཞན་དང་ཆོས་བརྒྱུད་གཞན་གྱི་སྐུ་ཚབ་མེད་པའི་སྐྱོན་ཆ་གཟིགས་པ་དེ་ནི་སྔོན་ས་ཕག་གཙང་གསུམ་གྱིས་བོད་དབང་བསྒྱུར་བྱས་པའི་སྐབས། ལས་ཀྱི་སྣེ་ལ་ཡོད་པའི་ནང་འཁོར་ཚང་མ་ཆོས་བརྒྱུད་རང་ཁོངས་ཁེ་གཙང་གིས་ཆབ་སྲིད་འཛིན་སྐྱོང་གནང་ལམ་ལྟར། ཕྱིས་སུ་དགའ་ལྡན་ཕོ་བྲང་པས་དབང་བསྒྱུར་སྐབས་ཀྱང་ལེགས་བཅོས་དགོས་གལ་ཆེན་པོ་གཟིགས་པ་དང་། ཕྱི་ལོ་ ༡༩༥༤ རྒྱ་ནག་ཏུ་འཚམས་གཟིགས་སུ་ཆིབས་བསྒྱུར་སྐབས་མང་གཙོ་གཅིག་སྡུད་ཀྱི་ལམ་སྲོལ་འོག་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་དུ་གཙོ་འཛིན་ཁ་མར་སློག་མཁན་འགོ་ཁྲིད་ཉུས་ཤས་ཕུད་ཁ་ཡར་སློག་མཁན་འཐུས་མི་རྣམས་དམངས་ཀྱི་རྣམ་པ་མཚོན་ཐབས་ཙམ་ལས། གཏམ་བཤད་དང་བསམ་འཆར་བཤད་པའི་དབང་ཆ་མེད། ཁོང་ཚོས་གོང་རིམ་ནས་གཏམ་བཤད་རྗེས་དགའ་མོས་བྱུང་འདྲའི་ལག་པ་བརྡབ་པ་དང་། ཐག་གཅོད་གང་བྱས་ལ་མང་གཙོའི་རྣམ་པ་ལྟ་བུས་མོས་མཐུན་ཡོད་འདྲའི་ལག་པ་བརྐྱང་རྒྱུའི་ལས་འགན་ལས་གཞན་པའི་ཁ་ཁུ་སིམ་པོའི་ལྟད་མོ་བའི་ཚུལ་དུ་སྡོད་རྒྱུ་ལས་དེ་མིན་གྱི་ལས་འགན་མེད་པ་དང་། ༧གོང་ས་མཆོག་གིས་འཐུས་མི་ཚོགས་ཆེན་ཐོག་སྩལ་རྒྱུའི་གསུང་བཤད་ཀྱང་གང་གསུང་དགོས་མིན་རྒྱ་ཕྱོགས་ནས་གཏན་འབེབས་ཀྱིས་ཕུལ་འདུག འོན་ཀྱང་གསུང་བཤད་དངོས་གཞི་གནང་བའི་སྐབས་༧གོང་ས་མཆོག་གང་ཉིད་ཀྱི་དགོངས་པར་གང་ཡོད་བཀའ་སྩལ་བ་ལས་རྒྱ་ཕྱོགས་ནས་བཟོས་པའི་གསུང་འཕྲིན་མ་ཟིན་གཞི་བཟུང་བཀའ་སྩལ་བ་བྱུང་མེད།

ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་གཞུང་དང་རྒྱ་གར་བྱང་ཆུབ་ཆོས་ཚོགས་ཀྱིས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་མཛད་སྒོར་གདན་ཞུ་ཕུལ་བ་ལྟར་རྒྱ་གར་དུ་ཆིབས་བསྒྱུར་སྐབས། ལྡི་ལིར་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་སུ་ཐུགས་ཞིབ་གནང་ཉིན་གྲོས་འཆར་ཐོག་རྩོད་པ་དང་། དྲི་བ་བཀོད་པ། དེ་ལ་གསལ་བཤད། དགག་བྱ་བྱེད་པ། ངོ་རྒོལ་དང་རྒྱབ་སྐྱོར་གྱི་སྐད་ཅོར། གཞུང་འཛིན་པའི་གསུང་བཤད་དང་། ཚོགས་གཙོས་སྟངས་འཛིན་བྱེད་ཕྱོགས་སོགས་རང་དབང་གི་རྣམ་པ་གསལ་པོ་གཟིགས་པར་ཐུགས་ཡིད་འཕྲོག་པོ་བྱུང་སྟེ་མ་འོངས་པར་བོད་དུའང་མིང་དོན་མཚུངས་པའི་མང་གཙོའི་ལམ་སྲོལ་གསར་གཏོད་ཀྱི་དགོངས་པར་ཤུགས་རྐྱེན་ཆེ་རུ་ཐེབས་པ་དང། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཐོག་མར་བོད་མི་བྱིངས་ལ་ངོ་ཤེས་པ་ཡར་བལྟ་གནམ་དང་། མར་བལྟ་ས་མ་གཏོགས་མེད་པ། གང་འགྲོ་འདི་བྱས་མེད་པའི་འ་ཆད་འུ་ཐུག་གི་གནས་སུ་གྱར་བ་དང་། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བཙན་བྱོལ་དུ་ཡོད་པ་ས་ཁུལ་ཡོངས་ནས་ཆོལ་གསུམ་ཆོས་བརྒྱུད་སྡེ་ཁག་དང་བཅས་པའི་རང་ཁོངས་སེར་སྐྱ་འཐུས་མི་སྤྱི་མགྲིན་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོར་བརྟན་བཞུགས་བསྟར་འབུལ་སྐབས་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད། འབྲས་བློ་གླིང་མཁན་པོ་རྒན་པདྨ་རྒྱལ་མཚན་དང་། ཨ་འབྲུག་ཛ་སག་མགོན་པོ་བཀྲ་ཤིས་རྣམ་གཉིས་ཀྱིས་མཎྜལ་ཚོམ་བུ་འདེགས་འབུལ་དང་འབྲེལ་འཐུས་མི་ཡོངས་ཀྱི་མིང་རྟགས་འཁོད་པའི་སྙན་ཞུ་ཕུལ་བའི་ནང་དོན་གཙོ་བོ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་འཁྲིད་ལམ་སྟོན་འོག་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ། བསམ་པ་གྲུ་ནང་གཅིག་གྱུར། ནང་ཁུལ་རྡོག་རྩ་ཆིག་བསྒྲིལ་ལྕགས་ཀྱི་གོང་བུ་ལྟར་ཤར་བསྐྱོད་ཞུ་རྒྱུའི་ལག་ལེན་དམ་བཅའ། ༼མནའ་གན་མཐུ་མོ་ཆེ།༽ གྲགས་པ་དེ་ཐོག་མར་འབུལ་ལམ་ཞུས་པའི་སྐབས་༧གོང་ས་མཆོག་གི་དགོངས་པར་མང་གཙོ་མིང་དོན་མཚུངས་པ་ཞིག་དགོས་ན། སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་མཛད་ཡོད་ནའང་། དེ་རྗེས་བོད་སིལ་བུའི་དུས་ཡུན་ནས་བཟུང་གཞུང་འཛིན་རིམ་པས་ཐེ་གུ་སྣེ་ཤོར་གྱིས་མདོ་སྟོད་སྨད་གཉིས་བོད་སྤྱིའི་འཛིན་སྐྱོང་ཁོངས་ནས་ཁ་བྲལ་དུ་གྱུར་ཡོད། བོད་ཆོལ་གསུམ་ཁ་བྲལ་མ་ཡིན་པར་རྡོག་རྩ་གཅིག་བསྒྲིལ་དམ་གཙང་རོགས་རེས་ཀྱི་སྤྱོད་ཚུལ་བཟང་པོར་སྤྱོད་ཐུབ་ན་འཕྲལ་ཕུགས་གཉིས་ཀར་བོད་བསྟན་འགྲོ་སྤྱིའི་བདེ་ཐབས་སུ་སྨན་དགེར་གཟིགས་ཏེ་སྐབས་བསྟུན་བཀའ་སློབ་ཕེབས་དོན་དུ། ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་གཞུང་ཞིག་དགོས་པ་ལྟར། བཙན་བྱོལ་ཙམ་མ་ཡིན་པར་གཞིས་ལུས་བོད་རྒྱ་ཆེའི་མི་མང་གི་ངོ་ཚབ་མཚོན་ཐབས་སུ་ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་དང། ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་བཅས་དགོས་པ་གང་ན་སུ་འོས་ཀྱི་མིང་ཐོ་འདེབས་སྒྲུག་གིས་འོས་གྲངས་བཅས་འཕྲལ་འབུལ་དགོས་ལུགས་ཕེབས་པ་དེ་ནི་རྟག་ཏུ་རང་ཅག་གིས་ “༧གོང་ས་ཆེན་པོས་མང་གཙོ་གསོལ་རས་སྩལ་བ།” ཞེས་པའི་ལོ་རྒྱུས་བྱུང་རིམ་དང་པོ་དེ་ཡིན།

དེ་ལྟར་བཙན་བྱོལ་དུ་འབྱོར་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་རླབས་ཆེའི་ཐུགས་བཞེད་ལྟར་རྐྱེན་ངན་གྲོགས་སུ་ཤར་བ་ལྟ་བུས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐྱབས་དང་མགོན་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྲིད་གཞུང་ཉག་ཅིག་ཏུ་གྱུར་ཡོད། དེ་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རྗེས་སུ་ཆོལ་གསུམ་གཅིག་ཏུ་འདུས་པའི་གཞུང་ལོ་རྒྱུས་ནང་ཐེངས་དང་པོ་དེ་ཡིན།

སྤྱི་འཐུས་ལྷན་ཁང་དབུ་བརྙེས་པ།

ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་འདེམས་ཐོན་བྱུང་བའི་སྤྱི་འཐུས་རྣམ་པས་བཞུགས་སྒར་ཕོ་བྲང་རྙིང་པ་ཞི་བའི་བསྟི་གནས་ (Swarg Ashram) སུ་སྤྱི་འཐུས་རྣམ་པས་༧གོང་ས་ཆེན་པོར་མཇལ་ཕྱག་དམ་འབུལ་ཞུས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཁང་དབུ་བརྙེས་པའི་མཛད་སྒོ་བསྐྱངས། ཕྱི་ལོ་ ༡༩༦༡ ལོར་རྩ་ཁྲིམས་གསར་པའི་ཟིན་བྲིས་ཤིག་དགོས་པ་དེའི་ཚོགས་མིར་བཀའ་བློན་དགའ་བྲང་བློ་བཟང་རིག་འཛིན་དང་། བཀའ་བློན་བཤད་ཟུར་འགྱུར་མེད་བསོད་ནམས་སྟོབས་རྒྱལ། བཀའ་བློན་སྣེའུུ་ཤག་ཐུབ་བསྟན་ཐར་པ། ཕྱི་སྲིད་བཀའ་བློན་ཕྱག་རོགས་ས་འདུ་རིན་ཆེན་དོན་གྲུབ། ནང་སྲིད་བཀའ་བློན་ཕྱག་རོགས་ཕ་ལྷ་ཐུབ་བསྟན་འོད་ལྡན། དྲུང་ཡིག་ཆེན་མོ་ཏཱ་བླ་མ་ཐུབ་བསྟན་ནོར་བཟང་བཅས་པར་བསྐོ་གཞག་གནང་། རྩ་ཁྲིམས་སྐོར་འགྲོ་སྟངས་འགྲོ་ལུགས་མཁྱེན་རྒྱ་ཆེ་བ་རྒྱལ་སྤྱིའི་ཁྲིམས་དོན་ཚོགས་པའི་འཐུས་མི་སྐུ་ཞབས་པུར་ཤོ་ཏམ་ (Purshotam Trikamdas) ལ་རྒྱུས་མངའི་ལམ་སྟོན་ཕྱག་རོགས་ཡོང་བའི་རེ་བསྐུལ་གནང་བ་ཞལ་བཞེས་ཐོབ་པ་ནས་བཟུང་ཕན་ཚུན་གོ་བསྡུར་སྦྱང་བཤད་ལན་མང་གནང་རྗེས།

ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་རྩ་ཁྲིམས་ནང་དོན་ཟིན་བྲིས་བོད་མི་འདུས་སྡོད་ས་ཁུལ་ཡོངས་ལ་འགྲེམས་སྤེལ་གནང་། ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་ཐེངས་བཞི་པའི་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་བོད་ཀྱི་མང་གཙོའི་རྩ་ཁྲིམས་རིན་པོ་ཆེའི་ཟིན་བྲིས་རྒྱས་པ་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ་དེའི་ནང་སེར་སྐྱ་དང། ཕོ་མོ། ཆོས་ལུགས། སྤྱི་ཚོགས་ཀྱི་འབྱུང་ཁུངས། རིགས་རྒྱུད། དབུལ་ཕྱུག དབུས་མཐའ་སོགས་དབྱེ་བ་མེད་པར་ཆབ་འབངས་ཚང་མ་འདྲ་མཉམ་ཡིན་པ་དང་། མི་སོ་སོའི་བསམ་བློ་དང་རྣམ་དཔྱོད། ཆོས་ལུགས། ལུས་སྲོག འོས་བསྡུ། སྨྲ་བརྗོད་བཅས་ཀྱི་རང་དབང་དང་ཐོབ་ཐང་ཀྱང་གསལ་པོར་འཁོད་ཡོད།

ཆབ་སྲིད་འཕོ་འགྱུར་དང་འབྲེལ་བའི་བཀའ་སློབ་རིམ་སྩལ།

༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་པར་གནས་སྐབས་ཛ་དྲག་གི་གནས་སྟངས་འོག་བོད་དང་བོད་མིའི་འགོ་འདོན་འཚོ་སྐྱོང་ཆེད་དབུ་འཛིན་གྱི་ཐུགས་འགན་བཞེས་པ་ཙམ་ལས། མི་གཅིག་ཁོ་ནར་རེ་ལྟོས་མ་དགོས་པར་གནས་དུས་དང་བསྟུན་འགྲོ་སྟངས་སྤྱི་དང་མཐུན་པ་རིམ་པས་འཕོ་འགྱུར་གནང་རྒྱུའི་དགོངས་གཞི་སྔ་ས་ནས་ཡོད་པ་བརྡ་སྟོན་མཛད་པ་དཔེར་ན།

༡༽ ཕྱི་ལོ་ ༡༩༦༢ ལོར་རྩ་ཁྲིམས་ཟིན་བྲིས་འགྲེམས་སྤེལ་བསྐྱངས་པའི་ནང་། ཏཱ་ལའི་བླ་མའི་དབང་ཆ་འདོར་དགོས་བྱུང་ན། རྩ་ཁྲིམས་དང་ཚོགས་འདུའི་འགྲོ་ལུགས་མཐུན་པར་ཐག་གཅོད་བྱེད་རྒྱུ་ཞེས་གསལ་བ་དེ་བོད་མིའི་བློ་ཡུལ་དུ་འཆུད་དཀའ་བར་མ་ཟད། གདུལ་བྱ་འདུལ་བྱེད་ཀྱི་མགོན་སྐྱབས་ཡ་བྲལ་དུ་ནམ་ཡང་འགྲོ་ཐབས་མེད་ན། བརྗོད་ཚིག་འདི་བཞིན་ཕྱིར་འཐེན་དགོས་ལུགས་བོད་མི་འདུ་སྡོད་ས་ཁུལ་ཡོངས་ནས་ཁ་གཅིག་གྲགས་ཀྱིས་གསོལ་འདེབས་ཕུར་ཚུགས་སུ་ཞུས་པ་ལྟར་སྤྱི་འཐུས་ལྷན་ཁང་ནས་ཕྱིར་འཐེན་གནང་རུང་། ༧གོང་ས་མཆོག་ནས་ཆོག་མཆན་མ་སྩལ་བར་ཕྱིར་སློག་མཛད་པར་བརྟེན། སྤྱི་འཐུས་རྩ་འབོར་གྱི་བཞི་ཆ་གསུམ་གྱི་མོས་མཐུན་བྱུང་ན། ༧གོང་ས་མཆོག་གི་འགན་འཛིན་མཛད་འཁུར་ཁུ་བསྡུ་ཆོག་པའི་ཆ་རྐྱེན་བསྐྱར་འཇུག་གནང་དགོས་བྱུང་འདུག

༢༽ ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་གསུང་འཕྲིན་ནང་བོད་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མི་ཚོར་བྱུང་བའི་ཉིན་བོད་ཀྱི་སྲིད་གཞུང་ཇི་འདྲ་ཞིག་འཛུགས་མིན་ནི་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་མ་ཟད། ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་པའི་གཞུང་གི་སྲོལ་ལུགས་འདི་ཡང་ཡོང་གི་ཡོད་མེད་ངེས་པ་མེད། ཅེས་གསལ་བ་དང་།

༣༽ ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་ཡུ་རོབ་གྲོས་ཚོགས་སུ་ཞི་བའི་གྲོས་འཆར་དོན་ཚན་ལྔའི་དགོངས་དོན་གསལ་བཤད་ཀྱི་གསུང་བཤད་ནང་། “ངས་གོ་སྐབས་འདི་དང་བསྟུན་ནས་གསལ་བསྒྲགས་བྱ་རྒྱུར། ངོས་ནས་བོད་གཞུང་གི་ནང་དུ་འགན་འཁུར་རྐང་ལེན་གྱི་ལས་གནས་གང་ཡང་འཛིན་འདོད་མེད།” ཅེས་བཀའ་སྩལ་ཡོད།

༤༽ ཕྱི་ལོ་ ༡༩༨༩ ལོར་༧གོང་ས་ཏཱ་ལའི་བླ་མའི་འགན་དབང་ལ་བསྒྱུར་བཅོས་བྱེད་པའི་རྩ་ཁྲིམས་བཟོ་འགོད་ཚོགས་ཆུང་ཟུར་འཛུགས་དགོས་པའི་ལམ་སྟོན་སྩལ་ཏེ་མང་གཙོ་ཡང་དག་པའི་ལམ་དུ་འཁྲིད་པའི་ཐབས་ཚུལ་སྒོ་ཅི་རིགས་ནས་མཛད།

༥༽ ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༡༡ ནས་ ༡༧ བར་ཚོགས་ཆེན་སྐོང་འཚོགས་གནང་བའི་ཐོག་རྩ་ཁྲིམས་ཚོགས་ཆུང་བསྐོ་གཞག་དང་། སྤྱི་འཐུས་མི་མང་ནས་འདེམས་བསྐོ་རྗེས་༧གོང་ས་མཆོག་ནས་ཕྱག་རྟགས་གནང་རྒྱུ་མ་དགོས་པ་དང་། སྤྱི་འཐུས་ཀྱི་གྲངས་འབོར་སྤར་ཆ་གནང།

༦༽ སྔ་འཕྲོས་སྲིད་བློན་བསྐོ་གཞག་མ་དགོས་པར་བཀའ་བློན་ཁྲི་པ་ཞིག་བསྐོ་རྒྱུ། དེ་ཡང་བཀའ་བློན་རྣམ་པའམ། འོས་འདེམས་པ་ཁ་གསབ་གནང་འོས་གནང་སྟེ་འདེམས་བསྐོ་གནང་རྒྱུ། བཀའ་བློན་རྣམས་བསྐོ་གཞག་མ་དགོས་པར་འདེམས་ཐོན་འོས་གཞིར་སྤྱི་འཐུས་ནས་འོས་འཕེན་གཏན་འབེབས་དགོས་རྒྱུ་སོགས་གཏན་ལ་ཕབ།

༧༽ ཕྱི་ལོ་ ༡༩༩༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་སྩལ་ཏེ་བཙན་བྱོལ་བོད་གཞུང་འདི་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་མང་གཙོའི་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད།

༨༽ ཕྱི་ལོ་ ༡༩༩༢ བར་མང་གཙོའི་ཀ་བ་གསུམ་ལས་ཁྲིམས་བཟོ་དང་འཛིན་སྐྱོང་ཡོད་མུས་ཐོག ཁྲིམས་ལུགས་དབང་འཛིན་ཆེད་ཁྲིམས་ཞིབ་ཁང་གསར་གཏོད་མཛད།

༩༽ ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་གསུང་འཕྲིན་དང་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་དོན་ཞེས་པ་གསལ་བསྒྲགས་གནང་བའི་ནང་། རང་དབང་གང་འཚམས་ལྡན་པའི་ཐོག་ནས་བོད་ལ་ལོག་རྒྱུ་བྱུང་བའི་སྐབས་ལོ་རྒྱུས་ཐོག་ནས་ཡོད་པའི་སྲིད་དབང་རྣམས་རྩིས་སྤྲོད་ཀྱིས་བོད་ཀྱི་སྲིད་གཞུང་ནང་གོ་གནས་གང་ཡང་ལེན་རྒྱུ་མིན་ཞེས་གསལ་འཁོད་ཡོད།

༡༠༽ ཕྱི་ལོ་དགུ་བཅུ་གོ་གྲངས་ནས་བཀའ་སློབ་རིམ་པའི་ནང་ང་ཚོས་རེ་བ་ཡག་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་དང་། རྒྱུན་དུ་ལས་དོན་བྱེད་ཕྱོགས་ཐད། ང་མེད་པ་ལྟ་བུ་བྱས་ཏེ་སེམས་འཁུར་བླངས་ནས་འབད་འབུངས་ཧུར་བསྐྱེད་དགོས་ལུགས་སྔོན་བརྡ་བཏང་བ་དང་།

༡༡༽ ཕྱི་ལོ་ ༡༩༩༦ ཡས་མས་སུ་སྐུ་སྒེར་ཡིག་ཚང་དུ་བཀའ་ཕེབས་དོན་ལ། ༧རྒྱལ་བ་རིན་པོ་ཆེ་གནས་སྐབས་ཀྱི་འགོ་ཁྲིད་ཙམ་ལས། བོད་གཞུང་དང་ཐ་དད་ཡིན། སྔར་ཕན་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་རྗེས་ཤུལ་འཛིན་སྐྱོང་བྱེད་སྟངས་སྒྲིག་སྲོལ་ལམ་བྱང་དུ་གནས་པ་ལ་དཀའ་རྙོག་གང་ཡང་མེད། ད་ཆ་གནས་དུས་འགྱུར་བ་འགྲོ་སྐབས། མ་འོངས་པར་རྗེས་ཤུལ་འཛིན་སྐྱོང་ལས་དོན་བྱེད་བདེའི་ཡི་གེ་ཁ་གསལ་གཏན་འབེབས་མ་བྱས་ཚེ་དཀའ་རྙོག་འཕྲད་རྒྱུ་ངེས་པས། ཇི་དགེའི་གོ་བསྡུར་བྱ་དགོས་ཞེས་བཀའ་སློབ་ཕེབས་སྟངས་དང་།

༡༢༽ ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་དགོས་པ་དང་། བདམས་ཐོན་བྱུང་བའི་བཀའ་ཁྲིས་ཕྱག་རོགས་བཀའ་བློན་གཞན་འོས་གཞིར་བཏོན་པར་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ལམ་ནས་གསར་གཏོད་དང་འབྲེལ། ལོ་དེའི་གསུམ་བཅུའི་གསུང་འཕྲིན་ནང་། “འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་ལྷན་ཚོགས་གཉིས་ལ་ངོས་ནས་བོད་མི་བཙན་བྱོལ་སྤྱི་ཚོགས་ཀྱི་ཉིན་རེ་ཉིན་རེའི་ལས་འགན་རྩིས་སྤྲོད་བྱ་རྒྱུ་ཡིན།” ཞེས་བཀའ་སློབ་ཕེབས་པ་དུས་དེ་ནས་བཟུང་ལོ་བཅུའི་རིང་ “ཕྱེད་བགྲེས་ཡོལ་” ཚུལ་དུ་བཞུགས།

༡༣༽ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ ཉིན་སྤྱི་འཐུས་གྲོས་ཚོགས་ལ་བཀའ་རྩ་སྩལ་བའི་སྙིང་དོན་དུ། ཚོགས་ཆུང་ཟུར་འཛུགས་ཀྱིས་ད་ཡོད་བཅའ་ཁྲིམས་བསྒྱུར་བཅོས་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་ཚོགས་དུས་འདི་རང་དུ་གཏན་འབེབས་ལག་བསྟར་ཐུབ་པ་དང་འབྲེལ། དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ཡང་སྐབས་བསྟུན་འགྱུར་བ་གཏོང་དགོས་ཞེས་སྤྱི་ཕེབས་བཞིན་མི་ལོ་བརྒྱ་ཕྲག་བཞི་ལ་ཉེ་བའི་ལོ་རྒྱུས་ལྡན་པའི་ཁྲིམས་མཐུན་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོ་མཇུག་བསྡུས་ཏེ་མི་མང་གིས་འདེམས་ཐོན་བྱུང་བའི་བཀའ་ཁྲིར་སྲིད་སྐྱོང་གི་མཚན་གནས་དང་འབྲེལ་ལོ་རྒྱུས་ཐོག་ཡོད་པའི་སྐུ་དབང་རྩིས་སྤྲོད་གནང་བ་རེད།

དེ་ལྟར་ཕྱིར་མིག་བལྟས་པ་ཡིན་ན། སྲིད་དབང་འཕོ་འགྱུར་གློ་བུར་དུ་གནང་བ་ཞིག་མ་ཡིན་པར། ཕྱི་ལོ་དྲུག་ཅུ་རེ་གྲངས་ནས་དགོངས་པར་ཡོད་པ་བཞིན་མང་ཚོགས་ཀྱི་བསམ་བློར་འཇུག་བདེའི་སླད་སྔ་ཕྱིར་བརྡ་སྟོན་རིམ་པའི་ཐོག་འཕོ་འགྱུར་མཛད་པ་ཞིག་ཡིན།

སྐུ་དབང་རྩིས་སྤྲོད་གནང་དོན།

༡༽ ༧རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་དགའ་ལྡན་ཕོ་བྲང་པའི་གཞུང་དབུ་བརྙེས་པ་དེ་སྐབས་ནས་ཆབ་སྲིད་འཛིན་སྐྱོང་གནང་ཕྱོགས་ཐད་བཀའ་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཤན་ཞུགས་ཡོད་པ་སྐུ་ན་ཕྲ་མོའི་སྐུ་དུས་ནས་སྐྱོན་ཆ་གཟིགས་པ་དང།

༢༽ ༧རྒྱལ་དབང་སྐུ་ཕྲེང་གོང་མ་གཤེགས་ནས་ཡང་སྲིད་མ་ཕེབས་པའི་དུས་སྐབས་དང། སྐུ་ན་ཕྲ་མོའི་སྐབས་སོ་སོར་གཞུང་འཛིན་ནང་ཁུལ་ཤོག་ཁག་དཔུང་བསྒྲིལ་དབང་ཆའི་འཐབ་རྩོད་ཀྱིས་རྐྱེན་པས་སྤྱི་ཚོགས་ནང་དགོས་མེད་ཀྱི་བརྡབ་གསིག་དང་། སྤྱིའི་ལས་དོན་ཐོག་ལའང་འཐུས་ཤོར་ཆེན་པོ་བྱུང་ཡོད་པ།

༣༽ སྔར་གྱི་ལམ་སྲོལ་དོར་ཏེ་མ་འོངས་པར་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཆོས་ཕྱོགས་རྐྱང་པ་མ་གཏོགས་ཆབ་སྲིད་འཛིན་སྐྱོང་དང་འབྲེལ་བའི་བྱེད་སྒོར་ཕྱག་འཆང་མི་དགོས་པ།

༤༽ མཚན་གནས་རྗེས་འབྲེལ་མི་གཅིག་གི་འགོ་ཁྲིད་ལ་ལྟོས་མ་དགོས་པར་མང་གཙོའི་ལམ་སྲོལ་སྤྱི་དང་མཐུན་པ། རྒྱ་ཆེའི་མང་ཚོགས་ཀྱིས་འདེམས་ཐོན་བྱུང་བའི་འགོ་ཁྲིད་ཅིག་དགོས་གནད།

༥༽ ལྷག་དོན་མ་འོངས་པར་༧གོང་ས་མཆོག་མ་བཞུགས་པའི་གནས་སྐབས་སུ་བོད་མི་རྣམས་རང་མགོ་ཐོན་པ་དང་། བོད་སྤྱིའི་སྒྲིག་འཛུགས་མུ་མཐུད་སྲ་བརྟན་གནས་ཐབས་སུ་འགྲོ་སྟངས་འགྲོ་ལུགས་སྐུ་འཚོ་བཞུགས་སྐབས་བྱེད་ཆོག་གསར་གཏོད་གནང་བ་བཅས་ཕུགས་རྒྱང་གི་དགོངས་པ་རྒྱ་ཆེར་གཟིགས་ཏེ་དགའ་བཞིན་སྤྲོ་བཞིན་གཟི་བརྗིད་ངང་འཕོ་འགྱུར་གནང་བར་བརྟེན། ད་ཆ་སེམས་པའི་ནང་དགའ་ལྡན་ཕོ་བྲང་གཞུང་གི་བྱིན་རྟེན་ཕབ་རྒྱུན་ལྟ་བུ་ཞིག་བསྡད་ཡོད་ན་ལས། དོན་དངོས་ཐོག་ཆ་ཚང་འཕོ་འགྱུར་ཕྱིན་ཚར་བ་རེད།

ཚན་པ་འདིའི་ནང་།

  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།

མཛད་འཆར།

བརྟན་བཞུགས་བསྟར་འབུལ།

༢༠༢༥ ཟླ་བ་ ༦ ཚེས་ ༤

སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ...

གོ་སྟོན་བརྟན་བཞུགས།

༢༠༢༥ ཟླ་བ་ ༦ ཚེས་ ༣༠

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན་...

བཀའ་ཤག་གིས་བརྟན་བཞུགས་བསྟར་འབུལ།

༢༠༢༥ ཟླ་བ་ ༧ ཚེས་ ༥

སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ...

མཛད་འཆར་རྒྱས་པར་གཟིགས།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།