ལྷག་པར་དུ་ཡང་སངས་རྒྱས་ཀྱི་ཆོས་ནས་གསུངས་པ་སྟེ། དམིགས་བསལ་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་ཡོད་མེད་གནས་ཚུལ་ཐ་དད་རེད། སངས་རྒྱས་ཀྱི་ཆོས་ནས་གསུངས་པའི་ལྟ་གྲུབ་དང༌། རིག་གནས་དེ་དག་གི་ཐོག་ལ་དེང་སྐབས་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད།
དཔེར་ན་འཛམ་གླིང་འདིའི་སྟེང་ལོ་ངོ་སྟོང་ཕྲག་རིང་ལ་གནས་པའི་ཆོས་ཞེས་པ་སྟེ་དབྱིན་ཇིའི་སྐད་ལ་ Religion ༼ཆོས་སམ་ཆོས་ལུགས།༽ Judaism ༼འཇིའུ་ཆོས་ལུགས།༽ ལ་ཆ་བཞག་ན་ཧ་ལམ་ལོ་སྟོང་ཕྲག་བཞི་ལྔ་ཕྱིན་པ་མིན་ནམ། གང་ལྟར་ཧ་ཅང་སྔ་པོ་ནས་བྱུང་ཡོད། དེ་ནས་ཡེ་ཤུའི་ཆོས་དང༌། ཁ་ཆེའི་ཆོས་བཅས་ Religion ༼ཆོས་སམ་ཆོས་ལུགས།༽ ཞེས་པ་ཞིག་དང༌། སྔ་མོ་མིའི་སྤྱི་ཚོགས་ནང་ལ་ Religion ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དེ་ཤེས་ཡོན་གྱི་བསྟི་གནས་སམ་ཤེས་ཡོན་གྱི་གཞི་མ་དེ་ Religion ༼ཆོས་སམ་ཆོས་ལུགས།༽ ཀྱིས་འཛིན་གྱི་ཡོད། ཡོ་རོབ་ཀྱི་ལོ་རྒྱུས་སོགས་རྒྱལ་ཁབ་གང་ལ་ཆ་བཞག་ནའང་རེད། ང་ཚོ་བོད་ལ་ཆ་བཞག་ཀྱང་ཆོས་རྒྱུད་ཁག་གིས་འཛིན་པ་རེད།
རིམ་བཞིན་ Modern Science ༼དེང་དུས་ཀྱི་ཚན་རིག༽ དར་སྐབས་ཆོས་ཞེས་བརྗོད་སྐབས་དད་པ་གཙོ་བོ་བྱས་པ་ Religion ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དེ་རེད།
ང་ཚོ་བོད་སྐད་ནང་གི་ཆོས་ཞེས་དང༌། ལེགས་སྦྱར་སྐད་དུ་དྷརྨ་ཞེས་པ་དེ་གོ་བ་ཅུང་ཟད་ཐ་དད་རེད། Religion ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དབྱིན་ཇིའི་ཚིག་ལ་ Religion ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དེ་གཙོ་བོ་ Faith དད་པ་བྱེད་རྒྱུ་ཞིག་རེད། དེས་ན་ཆོས་ Religion ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དེའི་ནང་དད་པ་གཙོ་བོ་ལས་བརྟག་དཔྱད་བྱེད་རྒྱུ་དེ་ཙམ་མེད། Modern Science ༼དེང་དུས་ཀྱི་ཚན་རིག༽ སླེབས་སྐབས་དད་པ་མིན་པར་བརྟག་དཔྱད་བྱེད་རྒྱུ་དེ་རེད། དེས་རྐྱེན་པས་དུས་རབས་བཅོ་བརྒྱད་བཅུ་དགུ་ནས་ཚན་རིག་དར་སྐབས་ཚན་རིག་ལས་ཆོས་ Religion ༼ཆོས་སམ་ཆོས་ལུགས།༽ ཞེས་པ་དེར་དོ་སྣང་ཅུང་ཟད་ཤུགས་ཆུང་དུ་འགྲོ་བ་སྟེ། Religion ནང་དཀོན་མཆོག་གི་བཀའ་བརྩི་བ་དང༌། དཀོན་མཆོག་ལ་དད་པ་བྱེད་རྒྱུ་ལས་མེད་པ་ལྟ་བུར་འཛིན་ཅིང༌། དེའི་ནང་དུ་ཡ་རབས་སྤྱོད་བཟང་གི་བསླབ་བྱ་ཧ་ཅང་མང་པོ་ཡོད་ཀྱང་རིགས་པས་དཔྱད་པ་བྱས་ཏེ་མིའི་རྣམ་དཔྱོད་དེ་རྩལ་དུ་བཏོན་ནས་བེད་སྤྱོད་བྱེད་རྒྱུ་དེ་ཙམ་མེད་པ་ཞིག་འདུག
འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ God ༼དཀོན་མཆོག༽ ཞེས་བརྗོད་སྐབས་མཐའ་མ་དེར་བསམ་དུ་མེད་པ་དང་བརྗོད་དུ་མེད་པར་འཛིན་ཅིང༌། སྔར་ང་དང་ B.B.C ཆོས་ཀྱི་སྡེ་ཚན་ལས་བྱེད་པ་ཞིག་ཐུག་ཏེ་ཆོས་ཀྱི་སྐོར་སྐད་ཆ་བྱུང་བས་སྐབས་དེར་ཁོང་གིས་བརྗོད་གསལ་ལ། ང་ཚོ་མིས་དཀོན་མཆོག་ཟེར་བ་དེ་ཇི་འདྲ་ཞིག་ཡོད་པ་ཤེས་མ་ཐུབ་པ་དེ་དཀོན་མཆོག་གིས་བཟོས་པ་དེ་ཧ་ཅང་གི་ངོ་མཚར་ཆེན་པོ་རེད་ཅེས་ཟེར། ང་ཚོས་དཀོན་མཆོག་ཟེར་བ་ God ཟེར་བ་དེ་གང་འདྲ་ཞིག་ཡིན་པ་ང་ཚོས་ཤེས་ཐུབ་ཀྱི་མ་རེད། ཤེས་མ་ཐུབ་པ་དེ་ God གིས་བཟོས་པ་དེ་ཧ་ལས་པའི་ངོ་མཚར་ཆེན་པོ་རེད་ཅེས་ཁོང་གིས་དེ་འདྲ་བརྗོད་ཀྱི་འདུག དེར་བརྟེན་འདི་ལྟར་བསྐྱལ་དགོས་ཀྱི་ཡོད།
མ་གཞི་ང་ཚོའི་དཔེ་ཆའི་ནང་དུའང་སྨྲ་བསམ་བརྗོད་མེད་ཅེས་པ་དེ་འདྲ་ཡོད་ཀྱང་དེ་ལྟ་བུའི་སྐད་ཆ་ལ་གོ་རྒྱུ་མིན། དེར་བརྟེན་ Religion ༼ཆོས་སམ་ཆོས་ལུགས།༽ ཞེས་བརྗོད་སྐབས་དད་པ་བྱས་ནས་འགྲོ་བ་དང༌། Science ༼ཚན་རིག༽ ཞེས་བརྗོད་སྐབས་བརྟག་དཔྱད་བྱས་བསམ་བློ་བཏང༌། བརྟག་དཔྱད་བྱས་ཏེ་ར་འཕྲོད་རྒྱུ་ཡོད་པ་ཞིག་གི་སྟེང་དུ་འགྲོ་གི་ཡོད་པས་ན་དེ་གཉིས་འདི་ལྟར་ཐ་དད་དུ་འགྲོ་གི་ཡོད། དེ་འདྲའི་དུས་ཚོད་ཀྱི་ནང་ Science ༼ཚན་རིག༽ ལ་དོ་སྣང་ཡོད་པའི་མི་ཞིག་གིས་ཆོས་ཀྱི་ཐོག་ནས་ཚུར་ Scientist ཚན་རིག་པ་སྒེར་སོ་སོ་ཆགས་སྡང་དང༌། རེ་དོགས། བདེ་སྡུག་ཟེར་བ་དེ་དག་ཡོད་པས་དེ་འདྲའི་སྡུག་བསྔལ་མྱངས་སྐབས་དཀོན་མཆོག་ལ་ཡིད་ཆེས་བྱེད་རྒྱུ་དང༌། དཀོན་མཆོག་ལ་གསོལ་བ་བཏབ་རྒྱུ་ཡོང་བ་ལས་རང་ཉིད་ཀྱི་སློབ་སྦྱོང་གི་སྡེ་ཚན་ནང་ཆོས་ཕྱོགས་ཀྱི་ཐོག་ནས་ཕར་ལེགས་ཆ་བླང་རྒྱུ་དང༌། ཆོས་ཕྱོགས་ཀྱི་ཐོག་ནས་རིག་པ་གསར་པ་ལེན་རྒྱུ་ཧ་ལམ་མེད།
ཚན་རིག་པ་རང་ཉིད་ཀྱི་ཚན་རིག་གི་ལས་ཀ་བྱེད་ས་ Field ༼གཞི།༽ དེའི་ནང་ལ་ Bible ༼ཡེ་ཤུའི་གསུང་རབ་ཀྱི་དཔེ་དེབ།༽ ནང་ནས་བསླབ་བྱ་ལེན་རྒྱུ་ Koran ༼ཁ་ཆེའི་ཆོས་ལུགས་ཀྱི་གསུང་རབ་གཙོ་བོ།༽ ནང་ལའང་བསླབ་བྱ་ལེན་རྒྱུ་ཕལ་ཆེར