༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • ཡིག་ཚང་།

ལེགས་བཅོས་སྤྱི་ཚོགས།

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༡༩༥༠ ལོར་རྒྱ་དམར་གྱིས་བོད་སར་བཙན་འཛུལ་གྱིས་ཆབ་མདོ་རྒྱ་ལག་ཏུ་ཤོར་བའི་ཛ་དྲག་གི་གནས་ཚུལ་ཐབས་རྡུགས་བྱུང་རྗེས་བོད་ལྗོངས་ལྷ་སྡེ་མི་སྡེ་ཐུན་མོང་ནས་གསོལ་བ་ནན་གྱིས་བཏབ་པ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༦ ཐོག་ཕེབས་སྐབས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྗེས། ཕྱི་ལོ་ ༡༩༥༢ ལོ་མཇུག་ཙམ་ལ་བཀའ་ཤག་དང་སྐུ་བཅར་སྤྱི་ཁྱབ་མཁན་པོ་བཅས་པར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་འཛིན་དགེ་འདུན་གྱི་སྡེ་དང་བཅས་པ་དར་རྒྱས་ཡུན་གནས་དང་། གཞུང་སའི་ཆབ་སྲིད་ཀྱི་དཔལ་ཡོན་མཐའ་དག་རྒྱས་ཐབས། ལྷག་པར་དུ་ཆབ་འབངས་མི་སེར་ལ་བརྡབ་བསིགས་མནར་གཅོད་མེད་པ་བདེ་བར་འཚོ་ཐབས་སླད། དྲུང་ཡིག་ཆེན་མོ་བཞི་དང་། རྩིས་དཔོན་བཞི་པོར་གོ་བསྡུར་ལྷུག་པོ་བྱས་ཏེ་སྔ་དུས་ནས་མི་རྒྱུད་ལ་འཇགས་པའི་ས་ཁང་རྒྱ་ཆེ་ཡོད་རིགས་དང་། གཞིས་རྫོང་ཕ་གཞིས་རྒྱ་ཆེ་ཡོད་རིགས། གཞུང་ཞབས་ཁོངས་ཕ་གཞིས་ཆེ་ཆུང་སྣ་ཚོགས་ཡོད་རིགས་ཞིབ་འཇུག་ཆ་སྙོམས་ཡོང་ཐབས་ཛ་དྲག་ཆེ་བར་ཆབ་འབངས་མི་སེར་ལ་ཁྲལ་འབབ་ལྕི་རིགས་ལ་ཆ་སྙོམས་ཟོར་ཡང་ཡོང་ཐབས་གཞུང་སྒེར་ཆོས་གསུམ་གྱི་ཁྱབ་ཁོངས་མི་སེར་རྣམས་ནས་བུ་ལོན་སྒྲུབ་འཇལ་མི་དགོས་པ་དང་། བུ་ལོན་གསར་པ་སྐྱེད་ཡང་གཏོང་ཐབས་སོགས། བོད་ཀྱི་སྤྱི་ཚོགས་ལམ་ལུགས་དུས་བསྟུན་གོམ་པ་རིམ་བགྲོད་ལེགས་བཅོས་བྱ་ཕྱོགས་ཐད་འཆར་གཞི་འབུལ་དགོས་ཞེས་བཀའ་སློབ་སྤྱི་ཕེབས་དགོངས་དོན་བཀའ་ཤག་དང་། དྲུང་རྩིས་མཉམ་འཛོམས་ཐོག་སྔ་ཕྱིར་བཀའ་བསྡུར་རིམ་པ་གནང་བའི་འབྲས་བུར། ཕྱི་ལོ་ ༡༩༥༤ ཤིང་རྟ་ཟླ་ ༡ ཚེས་ ༡༧ ཉིན་བོད་ལྗོངས་ཡོངས་ལ་རྩ་ཚིག་དོན་ཚན་ལྔ་འཁོད་པའི་བཀའ་རྒྱ་ཞིག་ཁྱབ་བསྒྲགས་གནང་བའི་སྙིང་པོར།

དོན་ཚན་དང་པོ།

རྫོང་གཞིས་འགོ་འཛིན་སོ་སོའི་ལས་རྒྱུན་རིང་གཞུང་འབྲེལ་ལས་དོན་གལ་ཆེ་དང་། རྩིས་ཞུར་ངོ་བཅར་རིང་ས་གནས་སུ་ངོ་ཚབ་ཆེད་འཛུགས་འཇོག་ཆོག་པ་ལས། དེ་མིན་རྣམ་ཀུན་ས་གནས་སུ་གཏན་སྡོད་ཀྱིས་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཟང་ཁྲིམས་འདོམས་དགོས་རྒྱུ་དང་། ཁྱབ་ཁོངས་སོ་སོར་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང། རིས་མེད་ཀྱི་ཆོས་སྒར་ཁག་ཉམས་ཆག་མེད་ཅིང་། དགེ་འདུན་གྱི་སྡེ་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་བསྟན་པའི་མིག་རྒྱན་དུ་འགྱུར་བའི་མཇུག་གནོན་རྒྱུན་བསྲིངས་ཐོག དགོན་སྡེ་ཁག་གི་མཁན་བླ་ལས་སྣེ་རྣམས་ནས་ཆོས་ཁྲིམས་བྱེད་སྒོ་རང་ལུགས་བཅའ་ཁྲིམས་དང་། གཞུང་སྩལ་བཀའ་རྩ་རིམ་པའི་འབྲུ་དོན་འགལ་མེད་དགོས་རྒྱུར་མ་ཟད། མི་སྡེ་རྣམས་ནས་ཀྱང་འདི་ཕྱིའི་ལེགས་ཚོགས་ཀྱི་རྩ་བ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་ཉམས་ལེན་འགལ་མེད་ཐོག ཁྲལ་བསྡུ་ཁྲིམས་སྲུང་ཞུ་སྒོ་ཚུལ་བཞིན་དགོས་རྒྱུ་དང་། ཁྲིམས་འགལ་བྱེད་མི་རིགས་ལ་འགལ་ཉེས་ཆེ་ཆུང་ལ་གཞིགས་པའི་ཡུལ་གྲོང་སྤྱིར་སྨན་ཐབས་དཔེར་ན། ལམ་བཟོ་སོགས་ཉེས་བཀོད་བབས་བསྟུན་བློས་དཔྱད་བྱེད་ཅིང་། འཕྲོག་བཅོམ་ཆོམ་རྐུན་གྱི་འཇིགས་པ་མིང་ཙམ་མི་གྲགས་པའི་སྲུང་སྐྱོབ་དགོས་རྒྱུ་ཐོག །མི་བསད་ལག་དམར་དང་རྐུན་ཇག་གི་རིགས་འཛིན་བཟུང་གིས་སྲོག་སྐྱོན་མ་སོང་བ་རྣག་ཐོག་གཙག་འཁེལ་ཉེས་ཆད་གཅོད་རྒྱུ། དེ་ཡང་ཕྱོགས་ཞེན་དགའ་མིན་ཡོ་འཁྱོག་རིགས་ནམ་ཡང་མི་ཡོང་བ་ཁྲིམས་འདོམས་བདེན་པ་བདེན་ཐོག་དྲང་འབྲེལ་གླེང་མེད་དགོས་རྒྱུ།

དོན་ཚན་གཉིས་པ།

རྫོང་གཞིས་སོ་སོར་སོན་རྩ་ལྡེང་མིན་དང་། རྨོས་མཛོ། ལུད་སྦྱོར་ཆེད་ར་ལུག་སོགས་དགོས་ངེས་ཐབས་འཚོལ་གྱིས་དུས་བཞིའི་སོ་ནམ་འདེབས་ལས་བྱེད་སྒོ་ཕྱིས་སྐྱོན་མེད་པ་གོང་འཕེལ་འབྱུང་ཐབས། སྔར་རྒྱུན་ལས་ཁུངས་སོ་སོར་འབུལ་འབབ་ཆད་མེད་ཐོག ས་གནས་སུ་ཆོས་རྒྱུན་འགྲོ་ཆ་ཡོད་རིགས་སྔར་ལམ་མ་ཉམས་པ་སོགས་བྱུང་སོང་རྩིས་ཁྲ་ཁམས་དྭངས་དགོས་གལ། བྱང་རིགས་མངའ་ཁུལ་ནས་ཕྱུགས་ཟོག་སེམས་ཅན་གྱི་ཁྲལ་བསྡུ་མོས་སྙོམས་གླེང་མེད་འབྱུང་ཐབས་སུ་མང་མོས་འདེམས་ཐོན་བགྱིས་པའི་འཐུས་མི་དང་གོ་བསྡུར་ཐོག་ནས་བྱེད་ཕྱོགས་གང་དགའ་ཐག་གཅོད་དགོས་རྒྱུ།

དོན་ཚན་གསུམ་པ།

རྫོང་གཞིས་གཞུང་འཛིན་བསྐྱངས་པ་ལྟར་གཞུང་སའི་ཕྱག་རྫས་འཕེལ་ཐབས་དང་། ཆབ་འབངས་བདེ་བར་འཚོ་བའི་ཐབས་ཚུལ་བཅས་གཞུང་འབངས་གཉིས་དགེའི་དགོངས་བཞེས་ཀྱིས་ལས་འཛིན་སོ་སོར་ས་ཐག་རིང་ཐུང་ལ་གཞིགས་པའི་ཕོགས་ཐོབ་སྩལ་རྒྱུ་དང་། གཞུང་སྒེར་ཆོས་བཅས་མི་སེར་ཐོག་རྫོང་གཞིས་ངོ་གཡོག་སུ་ཐད་ནས་འབམ་ཚོང་སྤུས་བསྒྱུར་གྱིས་དམངས་ལ་བཙན་ཤེད་ཀྱིས་ཚོང་ཟོག་ཉོ་རུ་བཅུག་སྟེ་ཁེ་བཟང་ཟ་བའི་བཤུ་གཞོག་བྱེད་པ་དང་། མི་མང་ནས་དངུལ་དངོས་བཙན་ལེན་བྱེད་པའི་ལམ་ངན་སོགས་མི་སེར་གྱི་བདེ་རྩར་གནོད་གཞིའི་རིགས་གཏན་ནས་མི་ཆོག་པའི་ཁར། རྫོང་སྡོད་ལས་བྱ་ངོ་གཡོག་ནས་མི་སེར་གྱི་བདེ་རྩར་གནོད་གཞིའི་རིགས་ནམ་ཡང་མི་ཆོག་པའི་ཁར། རྫོང་སྡོད་ལས་བྱ་ངོ་གཡོག་ནས་མི་སེར་ལ་སྒེར་གྱི་ས་ཞིང་འདེབས་བསྐུལ་གཏན་ནས་མི་ཆོག་པ། རྫོང་སྡོད་ལས་འཛིན་བྱས་རྗེས་ཐོན་རིགས་ལ་ཕོགས་འཕར་དང་། གོ་མིང་གནས་སྤར། གཞུང་འབབ་ལ་གཡོ་ཟོལ་ཧེ་བག་བཏང་རིགས་དང་། ཆབ་འབངས་མི་སེར་ཐོག་བརྡབ་བསིགས་ཚུལ་མིན་བྱས་པ་ར་འཕྲོད་བྱུང་མཚམས་མིག་ལྟོས་ལ་འདོམས་པའི་ཉེས་ཆད་གཅོད་རྒྱུ། དེ་བཞིན་ཆུ་བདག་ཡིན་ཁུུལ་གྱིས་གཞུང་སྒེར་ཆོས་གསུམ་སུ་ཐད་ནས་ཞིང་ཆུ་བཀག་མི་ཆོག་པ། སྒེར་ཆོས་གཉིས་ནས་ཁྱབ་ཁོངས་ལ་ནང་ཁྲལ་བསྐུལ་འདེད་དང་། གཞུང་སའི་མི་སྣ་འགྲུལ་བཞུད་དང་རྫོང་གཞིས་སོ་སོའི་ཡོང་འབབ་སྐྱེལ་འདྲེན་རིགས་བཀའ་ཤག་གི་ལམ་ཡིག་ཡོད་ན་ལས། དེ་མིན་རྟ་ཁལ་འུ་ལག་སོགས་ལ་ཡུལ་ཐང་བདལ་གླ་སྤྲོད་དགོས་པ་དང་། གང་བྱུང་བསྐུལ་གཏོང་མི་ཆོག གཡོག་སོགས་མི་སེར་གྱི་བདེ་རྩར་བསམ་མེད་འར་འདེད་བཙན་བསྐུལ་རིགས་གཏན་ནས་མི་ཆོག་པའི་ཐོག ཡུལ་ལུང་སོ་སོའི་གནས་སྟངས་ལ་གཞིགས་པའི་མཆོག་དམན་ཚང་མར་སྨན་དགེའི་ཁྲིམས་སྲོལ་གསར་བཟོ་དགོས་རྒྱུ།

དོན་ཚན་བཞི་པ།

ད་ཕན་གཞུང་སའི་མི་སྣ་འགྲུལ་བཞུད་ཁག་ལ་ས་གནས་ལས་བྱེད་པས་ས་མཇལ་ཞེས་ཤ་མར་དང་། སྲན་ཆག ཟ་ཆས་སྣེ་སེལ་འབུལ་བླངས་བྱེད་མུས་རྩ་བ་ནས་མི་ཆོག དགའ་མིན་ཞེ་འཁོན་གྱིས་དོ་དམ་བཙོན་འཇུག་ཉེས་བཀོད་བསུན་གཙེར་རིགས་གཏན་ནས་མི་ཆོག ས་ཁུལ་སོ་སོའི་ཁྱབ་ཁོངས་བུ་ཕྲུག་རྣམས་ལ་ལུགས་གཉིས་ཀྱི་བླང་དོར་འབྱེད་པའི་མིག་ལྟ་བུ་ཡི་གེ་འབྲི་ཀློག་འཕེར་བའི་སློབ་གྲྭ་གསར་འཛུགས། མངའ་ཁུལ་སོ་སོར་ས་སྟོང་ཡོད་རིགས་མི་སེར་དུད་ཆུང་སུ་འོས་ཀྱི་འཚོ་རྟེན་དུ་སྩལ་ཏེ་ས་ཞིང་འདེབས་ལས་དང་། ཤིང་སྣ་གསར་འཛུགས་ཀྱིས་ཡུལ་ལུང་ཡར་རྒྱས་ཀྱི་ལས་གཞིར་འབད་ཐབས། གཞུང་སྒེར་ཆོས་གསུམ་ལ་བུ་ལོན་རིམ་གསོག་གིས་འཇལ་སྤྲོད་མ་ཐུབ་པའི་མི་སེར་ཉམ་ཐག་རྣམས་ཀྱི་འབྲུ་བོན་རྩ་ཆག་དང་། ངོ་བོ་སྡེབ་སྤྲོད་མ་དགོས་པར་ལོ་དུས་རིམ་སྤྲོད་ཐུབ་པའི་རིགས་ལ་སྐྱེད་འབབ་ཆག་ཡང་། འཁོས་ཁ་མི་དམན་ཙམ་ཡོད་པ་རྣམས་ཀྱིས་ངོ་སྐྱེད་ལོ་དུས་རིམ་སྤྲོད་བྱ་རྒྱུ། སྐྱེད་ལ་སྐྱེད་བརྒྱབ་མི་ཆོག་པའི་རྒྱས་བཅད།

དོན་ཚན་ལྔ་པ།

བོད་རིགས་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་ཡོང་ཐབས་སུ་ཆབ་འབངས་ཚང་མས་འབད་འབུངས་ཧུར་བསྐྱེད་ལྷོད་མེད་ཐོག རྒྱ་བོད་མི་རིགས་ནང་ཁུལ་མཐུན་བསྒྲིལ། ཆབ་འབངས་མི་སེར་གྱི་བདེ་རྩར་དམིགས་ཏེ་སྦུག་དམ་དང་། སྲིད་ཐམ། བཀའ་ཐམ་བཅས་ཀྱི་བཀའ་རྩ་སྔ་ཕྱི་རིམ་སྩལ་དགོངས་དོན་འགལ་མེད་བྱུང་མིན་བལྟ་ཞིབ་མཇུག་གནོན་རྒྱུན་བསྲིངས་དང་། ཕྱི་རྒྱལ་ས་མཚམས་འཁེལ་ཡུལ་ཁག་ལ་ཐེ་གུ་སྣེ་ཤོར་བྱུང་མིན་ཞིབ་འཇུག་དང་འབྲེལ་སྲུང་འདོམས་བདག་གཅེས་ཟབ་ནན་གྱིས་གཞུང་སར་གནས་ལུགས་ཕྲ་ཞིབ་སྙན་ཞུ་འཕྲལ་འབུལ་དགོས་རྒྱུ་སོགས་བླང་དོར་གྱི་རྩ་ཚིག་སྩལ་ཡོད། བཀའ་རྩ་གཞིར་བཟུང་གཞུང་ལ་འབྲུ་དངུལ་ཡོང་འབབ་དངོས་གསལ་དོད་པོ་བྱུང་བ་དང་། མི་སེར་ལ་ཁྲལ་ཆག བུན་ཆག་བཏང་བས་འཚོ་ངལ་གསོས་ཐུབ་པ། ལྷ་ས་ལྟ་བུར་ཆ་བཞག་ན་བདག་མེད་ཀྱི་རྒས་འཁོགས་དང་། ཞ་ལོང་ལྐུག་གསུམ་རྣམས་ལ་རྒས་གསོ་ཁང་གསར་འཛུགས་གནང་བ་སོགས་དུས་བསྟུན་ལེགས་བཅོས་གང་ཡོང་གནང་སྟེ་ཆབ་འབངས་མི་སེར་ཉམས་ཐག་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་བཞིན་གཞུང་ལུགས་རབ་འབྱམས་ལ་སྦྱང་པ་ཕུལ་དུ་སོན་པའི་གྲྭ་རྐྱང་རྣམས་ལ་མིང་བཏགས་གཏོང་སྒོའི་དཀའ་ངལ་ཡོད་པ་དག་ལ་རོགས་རམ་དུ་ཆེད་དམིགས་མཆོད་སྦྱིན་ལས་ཁུངས་གསར་འཛུགས་སོགས་དོན་ཕན་གང་ཆེ་བས་གཞུང་གི་བཀའ་དྲིན་རྗེས་དྲན་ཞུ་བའི་ཚད་དུ་སླེབས་ཡོད། ད་དུང་ཆབ་འབངས་མི་སེར་དམངས་ཀྱི་བློ་མོས་དང་བསྟུན་ཏེ་ས་ཞིང་བཅོས་བསྒྱུར་སོགས་ཇི་དགེ་ཞི་འཇམ་ཐོག་ནས་རིམ་པས་དགོངས་བཞེས་གནང་རྒྱུའི་འཆར་རྩིས་ཡོད་ཀྱང་། བོད་འབངས་ཀྱི་བདེ་རྩར་བཅོས་བསྒྱུར་གནང་བ་དེས་རྒྱ་དམར་ལ་ངོ་གསོ་བྱས་རྗེས་གང་ཡང་ཡོང་རྒྱུ་མེད་པར་བརྟེན་རྒྱ་ཕྱོགས་ནས་སྔ་ཕྱི་བར་གསུམ་དུ་དངོས་ཤུགས་འགོག་རྐྱེན་རིམ་པ་བཟོས་ཡོད་པའི་ཐོག ལེགས་བཅོས་ལས་ཁུངས་ཀྱི་འགན་འཁུར་བ་རྣམས་ལ་སྤྱི་ཚོགས་ནང་མཐོང་ཕྱོགས་བཟོས་པ་དང་། སྒེར་ཆོས་གཉིས་ནས་ཀྱང་ཕྱར་གྲུ་མཉམ་འདེགས་ཇི་བཞིན་མ་བྱས་སྟབས་ཐོག་མའི་དགོངས་གཞི་དམིགས་ཡུལ་གཞི་བཟུང་ལམ་ལྷོངས་བྱུང་མེད། བཀའ་ཤག་གིས་མཚོན་པའི་ལས་ཁུངས་ཆེ་ཕྲ་རྣམས་ནས་སྔར་ལམ་སྤྲོ་ཆེན་དང་སྤྲོ་ཆུང་ཞེས་ཐུགས་སྤྲོ་ཕྱིར་བསྡུ་སོགས་ལེགས་བཅོས་གང་འཚམས་བཏང་ཐུབ་པ་བྱུང་ཡོད།

ལེགས་བཅོས་སྤྱི་ཚོགས་འཐུས་མི་ཚོགས་ཆུང་ཞིག་དགོས་པ་དེའི་ཚོགས་མི་ཡོངས་ཁོངས།

༡༽ བཀའ་ཤག་སྐུ་ཚབ་གཙོ་འགན་བཞེས་མི་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད།
༢༽ རྩེ་ཡིག་ཚང་ནས་ཏཱ་བླ་མ་ཐུབ་བསྟན་ནོར་བཟང་དབུས་པའི་མཁན་དྲུང་ ༥།
༣༽ རྩིས་ཁང་ནས་རྩིས་དཔོན་རྣམ་སྲས་གླིང་པས་དབུས་རྩིས་དཔོན་ ༤།
༤༽ རྩེ་སྐོར་རྩེ་དྲུང་སེར་མོ་བ་ནས་སྐུ་བཅར་རྩེ་ཕྱག་དར་རྒན་ཐུབ་བསྟན་ཐར་འདོད།
༥༽ རྩེ་སྐོར་མགྲོན་ཆེ་ཕ་ལྷ་ཐུབ་བསྟན་འོད་ལྡན་དབུས་མཁན་སྡེ་ཆེ་ཆུང་ ༣།
༦༽ རྩེ་མགྲོན་བློ་བཟང་དོན་གྲུབ།
༧༽ རྩེ་སྐོར་ལས་ཚན་རྩེ་གཉེར་ཐུབ་བསྟན་བློ་བཟང་དང་ཕྱག་རོགས་བཅས་ལས་ཚན་པ་ ༢།
༨༽ རྩེ་སྐོར་རྩེ་དྲུང་བློ་གླིང་ཐུབ་བསྟན་རིན་ཆེན་དབུས་པའི་དཀྱུས་མ་ ༥།
༩༽ ཧོར་ཁང་སྲས་བསོད་ནམས་དཔལ་འབར་དང་ཕྱག་རོགས་བཅས་སྲས་རྣམ་པ་ ༢།
༡༠༽ ཤོད་སྐོར་ཀུན་གླིང་ཛ་སག་འོད་ཟེར་རྒྱལ་མཚན་དང་ཕྱག་རོགས་གཅིག་བཅས་ཛ་ཐའི་ ༢།
༡༡༽ ཤོད་སྐོར་ནས་བླ་ཕྱག་ལྡུམ་ར་བསྟན་འཛིན་ཆོས་བཟང་དང་ཕྱག་རོགས་བཅས་རིམ་བཞི་ ༢།
༡༢༽ ཤོད་མགྲོན་འོད་ཟེར་སྐལ་བཟང་།
༡༣༽ ཤོད་སྐོར་སྐུ་སྲུང་རུ་དཔོན་སྲོག་ཤིང་པ་དང་ཕྱག་རོགས་བཅས་ལས་ཚན་པ་ ༢།
༡༤༽ ཤོད་སྐོར་རྨ་བྱ་གཞོན་པ་ཚེ་དབང་འགྱུར་མེད་དང་ཕྱག་རོགས་དཀྱུས་མ་ ༥།
༡༥༽ གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་དང་ཕྱག་རོགས་བཅས་རུ་བརྒྱ་ ༢།
༡༦༽ གར་དཔོན་པ་སངས་དོན་གྲུབ་དང་ཕྱག་རོགས་བཅས་དྲུང་གཏོགས་ཚོའི་འཐུས་མི་ ༢།
༡༧༽ འབྲས་སྤུངས་འདུལ་བ་མཁན་པོ་ཐུབ་བསྟན་ཚེ་རིང་དབུས་པའི་གདན་ས་གསུམ་གྱི་མཁན་འཐུས་ ༣།
༡༨༽ གདན་ས་གསུམ་གྱི་གྲྭ་ཁག་དགུའི་འཐུས་མི་ ༩ བཅས་ཁྱོན་ཚོགས་འཐུས་ ༥༣ ཡོད།

ཚོགས་འདུའི་ལས་དོན་ཚགས་ཚུད་འབྱུང་མེད་རྒྱུན་ལས་ཚོགས་ཆུང་ཆེད་འཛུགས་བསྐྱངས་པའི་མི་འགྲོ་གོང་གསལ་ཚོགས་འཐུས་ཁོངས་ནས།

༡༽ མཁན་དྲུང་ཆོས་འཕེལ་ཐུབ་བསྟན།
༢༽ རྩིས་དཔོན་རྣམ་སྲས་གླིང་པ།
༣༽ ཀུན་གླིང་ཛ་སག་འོད་ཟེར་རྒྱལ་མཚན་གསུམ་དབུས་པའི་ལས་བྱ་དྲུང་རིགས་སེར་སྐྱ་དང་། གདན་ས་འབྲས་སེ་དགའ་གསུམ་གྱི་འཐུས་མི་བཅས་ཁྱོན་མི་གྲངས་ ༣༠ སྐོར་ཡོད།

ཚན་པ་འདིའི་ནང་།

  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།

མཛད་འཆར།

བརྟན་བཞུགས་བསྟར་འབུལ།

༢༠༢༥ ཟླ་བ་ ༦ ཚེས་ ༤

སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ...

གོ་སྟོན་བརྟན་བཞུགས།

༢༠༢༥ ཟླ་བ་ ༦ ཚེས་ ༣༠

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན་...

བཀའ་ཤག་གིས་བརྟན་བཞུགས་བསྟར་འབུལ།

༢༠༢༥ ཟླ་བ་ ༧ ཚེས་ ༥

སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ...

མཛད་འཆར་རྒྱས་པར་གཟིགས།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།