༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • བཀའ་སློབ།
  • ↝
  • དོལ་རྒྱལ།

ཕྱི་ལོ་ ༡༩༩༧ ཟླ་ ༡༡ ཚེས་ ༡༢ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།

འགྲེམ་སྤེལ།

༄༅།  །ཕྱི་ལོ་ ༡༩༩༧ ཟླ་ ༡༡ ཚེས་ ༡༢ ཉིན་དོན་གྲུབ་གླིང་གཞིས་ཆགས་ཀྱི་སེར་སྐྱ་མི་མང་དང༌། སློབ་ཕྲུག་བཅས་ལ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

ད་ལྟ་ཆོས་དོན་བཀའ་བློན་གྱིས་མདོར་ཙམ་གསུངས་པ་ལྟར། བར་སྐབས་དོལ་རྒྱལ་གྱི་སྐོར་ལ་སྐད་ཆ་མང་པོ་བྱུང་བཞིན་པ་རེད། འདི་གནས་ཚུལ་གསར་པ་གང་ཡང་མ་རེད། ྋགོང་ས་ལྔ་པ་ཆེན་པོའི་སྐབས་ནས་བཟུང་རྙོག་དྲ་འདི་ལྷག་ནས་ལོ་ངོ་སུམ་བརྒྱ་ལྷག་ཙམ་ཕྱིན་པ་རེད། ལོ་སུམ་བརྒྱ་ལྷག་ཙམ་རིང་གནས་ཚུལ་འདི་རྩོད་གཞི་ཅན་དང༌། གླེང་གཞི་ཅན་ཞིག་ཆགས་ཡོད། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དགེ་ལུགས་དང་ས་སྐྱའི་ནང་ཡོང་གི་ཡོད་ཅིང༌། ས་དགེ་གཉིས་ཀའི་ནང་ལ་རྩོད་གཞི་ཅན་ཁོ་ན་བྱས་ཏེ་བསྡད་པ་ལས་རྩོད་མེད་ཡོངས་གྲགས་ཤིག་རྩ་བ་ནས་མ་རེད། ལོ་སུམ་བརྒྱ་ལྷག་ཙམ་ཞིག་གི་ནང་ཕྱོགས་གཅིག་ནས་ྋགོང་ས་ལྔ་པ་ཆེན་པོའི་སྐབས་ནས་མ་འགྲིག་པའི་གནས་ཚུལ་བྱུང་བས་ན་ྋགོང་ས་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་པའི་བར་དོལ་རྒྱལ་དང་འབྲེལ་བ་རྩ་བ་ཉིད་ནས་མེད། ལྷག་པར་དུ་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ལ་དམ་དྲག་གནང་དགོས་པའི་གནས་ཚུལ་བྱུང་ཡོད། ངས་ཐོག་མར་ཏོག་ཙམ་བསྟེན་པ་ཡིན། ཕྱི་ལོ་ ༡༩༧༣།༧༤ ཙམ་ལ་དོལ་རྒྱལ་གྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་ཕྲ་བྱས་རྗེས་མཚམས་འཇོག་གཙང་མ་བྱས་པ་ཡིན། གནས་ཚུལ་དེ་འདྲ་རེད། འདི་རྣམས་ལོ་རྒྱུས་ཡིག་ཆའི་ནང་དུ་གསལ་པོ་བཀོད་ཡོད། ཁྱེད་རང་ཚོ་དོ་སྣང་ཡོད་མཁན་ཚོས་ཤེས་རྟོགས་ཡོད་བཞིན་པས་དམིགས་བསལ་ཞུ་དགོས་དོན་མི་འདུག

དེ་ནས་བར་སྐབས་ཀྱི་གནས་ཚུལ་བྱུང་སྟངས་ལ་ལྟ་དུས་གནས་ཚུལ་གཉིས་མཐོང་གི་འདུག གནས་ཚུལ་གཅིག་ནི་ཁྱེད་རང་ཚོས་ཤེས་གསལ་ལྟར། རྒྱལ་བསྟན་རིས་སུ་མ་ཆད་པར་རང་སོ་སོས་ཉན་བསམ་སྒོམ་གསུམ་བྱས་ནས་རྒྱལ་བསྟན་རིས་མེད་ལ་དད་པ་དག་སྣང་གི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་ཞིག་བྱུང་ན་ཧ་ཅང་ཡག་པོ་ཡིན། ང་རང་གིས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་ལ། གཞན་ལའང་འབོད་སྐུལ་བྱེད་ཀྱི་ཡོད། རྙིང་མའི་བླ་སྤྲུལ་རྣམ་པ་ཚོ་དང་མཁས་དབང་རྣམ་པ་ཚོས་དགེ་ལུགས་དང་ས་སྐྱའི་གཞུང་ལ་གཟིགས་དགོས་ཀྱི་འདུག་ཅེས་ཞུ་གི་ཡོད། དེ་བཞིན་ས་དགེ་བཀའ་རྙིང་ཡོངས་རྫོགས་ཆོས་ལུགས་རིས་མེད་ཀྱི་གཞུང་ཐམས་ཅད་ལ་གཟིགས་དགོས་ཀྱི་འདུག་ཅེས་ཞུ་གི་ཡོད། རང་སོ་སོར་རྩ་བའི་ཆོས་བརྒྱུད་ཞིག་ཡོད་པ་དེ་གཙོ་བོར་བཞག་པའི་ཐོག་ནས་ཆོས་བརྒྱུད་གཞན་ལའང་རྒྱུས་ཡོད་པ་དང༌། དེ་རྣམས་ལ་བག་ཆགས་འཇོག་ཐུབ་པ་ཞིག་བྱུང་བ་ཡིན་ན། དངོས་གནས་དག་སྣང་རིས་སུ་མ་ཆད་པར་ཁྱབ་ཟེར་བ་ཁ་ཙམ་མ་ཡིན་པར་དོན་ངོ་མའི་ཐོག་ནས་ཡོང་བའི་དགེ་མཚན་ཆེན་པོ་ཡོད། དཔེར་ན། ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་ལས་རྗེ་དགེ་འདུན་རྒྱ་མཚོ་དང༌། བསོད་ནམས་རྒྱ་མཚོ། ྋགོང་ས་ལྔ་པ་ཆེན་པོ་སོགས་མདོར་ན་སྐུ་ཕྲེང་མང་པོ་ཞིག་གིས་ཆོས་ལུགས་རིས་མེད་ཉམས་བཞེས་གནང་ཡོད་པ་རེད།

དུས་ཕྱིས་སུ་འཇམ་དབྱངས་མཁྱེན་བརྩེ་ལ་ཆ་བཞག་ནའང་དངོས་གནས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཉམས་བཞེས་གནང་སྟེ་རིས་མེད་ཀྱི་བསྟན་པའི་བདག་པོར་གྱུར་པ་ཚང་མས་མཁྱེན་གསལ་རེད། དེ་བཞིན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་ཆ་བཞག་ནའང་རིས་མེད་ཐོག་ལ་དོ་སྣང་གནང་སྟེ་བཟང་པོའི་མིག་དཔེ་དེ་སྔ་བོད་ལ་ཡོད་བཞིན་པ་རེད། དེར་བརྟེན་ངས་རྒྱལ་བསྟན་རིས་མེད་ལ་དད་པ་དག་སྣང་གི་ཐོག་ནས་ཉན་བསམ་སྒོམ་གསུམ་གྱི་ཉམས་བཞེས་གནང་ཐུབ་པ་བྱུང་ན་ཡག་པོ་རེད་ཅེས་འབོད་སྐུལ་ཞུ་གི་ཡོད་ལ། དེ་ཡང་དོལ་རྒྱལ་བསྟེན་མཁན་གྱི་ཕྱོགས་ནས་དེར་འགལ་རྐྱེན་ཞིག་ཆགས་ཡོང་གི་ཡོད། དོལ་རྒྱལ་བསྟེན་མཁན་གྱི་ལོ་རྒྱུས་ཤོད་སྲོལ་ཞིག་ལ་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་རྙིང་མ་གནང་བའི་རྐྱེན་བྱས་ཏེ་དོལ་རྒྱལ་གྱིས་ཚར་བཅད་པ་རེད་ཅེས་བརྗོད་ཀྱི་ཡོད། དེ་བཞིན་ང་ངོས་འཛིན་གནང་མཁན་རྭ་སྒྲེང་རིན་པོ་ཆེས་ཀྱང་རྙིང་མ་གནང་བའི་རྐྱེན་ལས་དོལ་རྒྱལ་གྱིས་ཚར་བཅད་པ་རེད་ཅེས་བརྗོད་སྟབས། ངས་འདིར་རིས་མེད་ཀྱི་རྒྱལ་བསྟན་ཉན་བསམ་སྒོམ་གསུམ་གྱི་འཛིན་སྐྱོང་སྤེལ་གསུམ་གནང་སྲོལ་དེ་གལ་ཆེན་པོ་མཐོང་གི་འདུག  སྔར་ནས་ཡོད་པའི་རིས་མེད་ཀྱི་ཕྱག་སྲོལ་འདི་ང་ཚོས་གོང་ནས་གོང་འཕེལ་གཏོང་དགོས་ཀྱི་འདུག་ཅེས་འབད་བརྩོན་བྱེད་རྒྱུར་གདེང་འཁེལ་བ་ཞིག་ཆགས་ཡོང་གི་འདུག དེ་དོན་ཚན་གཉིས་པ་ཡིན།

དོན་ཚན་གཞན་ཞིག་ནི་བར་སྐབས་བོད་པའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་ཆོས་དངོས་གནས་ཤེས་མཁན་ཞིག་གི་ངོས་ནས་གལ་ཆེ་ཤོས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་མཁན་ཏན་ཏན་ཡོད་ཀྱི་རེད། ཡིན་ནའང་སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུར་དོ་སྣང་དེ་ཙམ་མེད་མཁན་དང༌། ལྷ་ཡི་རྣལ་འབྱོར་འདོན་རྒྱུ་ལ་དོ་སྣང་ཇེ་ཆེར་སོང་སྟེ་རིམ་བཞིན་སྲུང་མའི་གསོལ་ཀ་གཏོང་རྒྱུ་གལ་ཆེ་བ་རྩི་མཁན་ཞིག་ཆགས་འདུག དཔེར་ན་ལྷ་ཁང་ཞིག་གི་ནང་བསྐྱོད་ན་ལྷ་ཁང་གི་རྟེན་གཙོ་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་དུ་བ་འཚུབ་འཚུབ་བྱེད་མཁན་གྱི་མཆོད་མེ་རྒྱུན་བཙུགས་ཤིག་ཡོད་ན་ཨང་དང་པོ་རེད། དེའི་ཟུར་ཞིག་ཏུ་མགོན་ཁང་ཡིན་ཞེས་ཁང་པ་ནག་ཁུང་ལྡེབས་རིས་ངོས་སུ་མཆེ་བ་གཙིགས་ཤིང་མིག་དང་ཁ་གདངས་པའི་རི་མོ་ཞེད་སྣང་ཚ་པོ་ཡོད་པ་དེའི་ནང་ཞོགས་པ་སྔ་པོ་ནས་མཆོད་པ་བྱེད་པའི་སྲོལ་ཞིག་ཡོད་པར་མ་ཟད་དེའི་ནང་ཇ་དྲི་དང་ཆང་དྲི་ཐུལ་བ། དཀོན་གཉེར་ལའང་སྐྱེམས་ཡོན་ཡིན་ཞེས་དངུལ་ལོར་འཇོག་གི་འདུག འོན་ཀྱང་སྟོན་པ་ཐུབ་པའི་དབང་པོའི་སྐུ་མདུན་དུ་མལ་དང་ལྷུང་བཟེད་བཞག་སྟེ་འདིར་ཕུལ་དགོས་ཡོད་མདོག་མདོག་བྱས་ཀྱང་ཕུལ་མཁན་ཏོག་ཙམ་ཉུང་བ་ཡོད། དེར་བརྟེན་མགོན་ཁང་གི་དཀོན་གཉེར་དང་འདུ་ཁང་གི་དཀོན་གཉེར་གཉིས་བསྡུར་ན་མགོན་ཁང་གི་དཀོན་གཉེར་ལ་མཐོང་ཆེ་བ་བྱེད་ཀྱི་ཡོད། དཀོན་གཉེར་ཆང་འཐུང་རྒྱག་མཁན་དེ་འདྲ་ཡིན་ན་གསེར་སྐྱེམས་ཕུལ་ཚར་བའི་རྗེས་ལ་སོ་སོས་ཀྱང་འཐུང༌། ཁྱོད་ཚོས་སྲུང་མ་ཞེས་བཤད་དུས་རྩ་ཆེན་པོ་རྩི་གི་འདུག སྲུང་མའི་ནང་ལའང་སྲུང་མ་ཡོད་པ་རེད། དངོས་གནས་རྒྱུད་སྡེ་ནས་བཤད་པའི་སྲུང་མ་མགོན་པོ་ཕྱག་བཞི་ལྟ་བུ་དང༌། དེ་བཞིན་སྔ་འགྱུར་རྙིང་མའི་ནང་ལའང་སྲུང་མ་མང་པོ་ཞིག་ཡོད།

དེར་བརྟེན་རྒྱུད་སྡེ་ནས་བཤད་པའི་སྲུང་མ་ཞིག་ཡིན་ན་གནས་ཚུལ་ཐ་དད་ཡིན། དེར་ཁུངས་གཏུགས་ས་ཡོད། དེ་མིན་བར་སྐབས་མི་ཤི་བཙན་སྐྱེས་དེ་ཚོ་སྲུང་མའི་རྒྱལ་པོར་བརྩིས་པ་ཡིན་ན་ཏན་ཏན་ནོར་འཁྲུལ་ཆེན་པོ་བཟོ་གི་ཡོད། ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་སེ་འབྲས་དགའ་གསུམ་གྱི་དཀར་ཆག་ལས་དགའ་ལྡན་དཀར་ཆག་གི་མཇུག་ཐོག་ཏུ། སྔར་ཡིན་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་འདིའི་ནང་འཇིག་རྟེན་པའི་ལྷ་འདྲེ་བསྟེན་གསོལ་བྱ་མཁན་མེད། རྗེ་ཙོང་ཁ་པ་རང་ཉིད་ཀྱི་འཁྲུངས་ལྷ་རྨ་ཆེན་སྤོམ་རའི་བརྟེན་མཁར་དགོན་པའི་སྐོར་ལམ་གྱི་ཕྱི་ལ་བཞག་གནང་ཡོད། ཡིན་ནའང་ཕྱིས་སུ་བླ་ཟུར་དང་མཁན་པོ་འགའ་ཞིག་གིས་འཇིག་རྟེན་པའི་ལྷ་འདྲེ་བསྟེན་གསོལ་བྱས་པས་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་ནས་སྐྱབས་གནས་འདྲེ་ལ་བཅོལ་གྱི་འདུག་ཅེས་གསུངས་འདུག ཕུར་ལྕོག་ངག་དབང་བྱམས་པས་སྐྱབས་གནས་འདྲེ་ལ་བཅོལ་གྱི་འདུག་གསུངས་པའི་འདྲེ་དེ་དོལ་རྒྱལ་ལ་ཟེར་གྱི་ཡོད། ལོ་རྒྱུས་ལ་ཉམས་ཞིབ་བྱེད་སྐབས་ཁྲི་ཆེན་ངག་དབང་མཆོག་ལྡན་དགའ་ལྡན་ཁྲི་པ་གནང་སྐབས་དགའ་ལྡན་དགོན་པའི་ནང་བར་སྐབས་རྒྱལ་འགོང་ཕེབས་མཁན་ཞིག་འདུག  མ་ཟད་དགའ་ལྡན་དགོན་པའི་ནང་རྒྱལ་འགོང་དེ་བསྟེན་མཁན་ཡང་རེ་ཟུང་འདུག  དེར་བརྟེན་དགའ་ལྡན་དགོན་པའི་ནང་བཀྲ་མ་ཤིས་པ་བྱུང་བ་རེད་ཅེས་ྋརྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དགའ་ལྡན་དགོན་པའི་ནང་དོལ་རྒྱལ་བསྟེན་མི་ཆོག་པ་བཟོས་ཏེ་དགའ་ལྡན་བྱང་རྩེའི་རྒྱབ་རིར་རྒྱལ་འགོང་གི་བཙན་ཁང་ཞིག་ཡོད་པ་དེ་ཡང་བཤིག་ནས་ས་ས་མལ་དང་རྡོ་རྡོ་མལ་ལ་བསྐྱལ་ཏེ་ཕྱིན་ཆད་སུས་ཀྱང་བསྟེན་མི་ཆོག་པ་བཟོས་གནང་མཛད་འདུག དེ་ནི་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ནང་གསལ་འདུག

མདོར་ན་ཕུར་ལྕོག་ངག་དབང་བྱམས་པས་བློ་ཕུགས་འདྲེ་ལ་བཅོལ་ཟེར་བའི་འདྲེ་དེ་དང༌། དེ་ནས་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་རྒྱལ་འགོང་ཞེས་གསུངས་པ་དེ་གཉིས་སུ་རེད་དམ་ཞེ་ན། དེ་ནི་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་ལྕང་སྐྱའི་རྣམ་ཐར་ནང་གསུངས་དོན། སྐབས་དེར་ལྕང་སྐྱ་རོལ་པའི་རྡོ་རྗེ་དབུས་ལ་ཕེབས་ཏེ་དགའ་ལྡན་དུ་གནས་གཟིགས་ལ་ཕེབས་སྐབས་དགའ་ལྡན་གླིང་སྐོར་ལ་ཕེབས་དུས། གཞི་བདག་གི་རྟེན་ཡོད་སའི་ཐང་དེར་ཕེབས་སྐབས་ལྕང་སྐྱ་རོལ་པའི་རྡོ་རྗེས་ལོ་རྒྱུས་གསུངས་ཏེ༑ སྔར་ཡིན་ན་དགའ་ལྡན་དགོན་པའི་ནང་འཇིག་རྟེན་པའི་ལྷ་འདྲེ་བསྟེན་སྲོལ་མེད། ཡིན་ནའང་བར་སྐབས་ཤིག་ནས་དགའ་ལྡན་ཁྲི་པ་དང༌། མཁན་པོ་འགས་དོལ་རྒྱལ་བསྟེན་གསོལ་བྱས་པའི་རྐྱེན་གྱིས་དགོན་པའི་ནང་བཀྲ་མ་ཤིས་པ་མང་པོ་བྱུང་བ་རེད། དེ་རྣམས་ཁྲི་ཆེན་རྡོ་རྗེ་འཆང་གིས་བསྟེན་གསོལ་བྱ་མི་ཆོག་པའི་བཀག་འདོམས་གནང་བ་ནས་བཟུང་གཙང་མ་ཆགས་པ་རེད་ཅེས་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ནང་དོལ་རྒྱལ་ཡིན་པ་གསལ་པོ་འདུག གང་ལྟར་དགའ་ལྡན་གྱི་བླ་མ་ཚོས་དོལ་རྒྱལ་དམ་བསྒྲགས་ཆེན་པོ་གནང་བའི་གནས་ཚུལ་གཅིག་དེ་རེད། དེར་བརྟེན་ཕུར་ལྕོག་ངག་དབང་བྱམས་པས་གསུངས་པ་ལྟར་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་ནས་སྐྱབས་གནས་འདྲེ་ལ་བཅོལ་བ་ཡིན་ན་ནང་པའི་མཚན་ཉིད་ཚང་གི་མེད།  

མདོར་ན་བར་སྐབས་ང་ཚོའི་སྤྱི་ཚོགས་ནང་བྱེད་ཕྱོགས་འགའ་ཤས་ཀྱི་ཐད་ཧ་ལམ་སངས་རྒྱས་ཀྱི་ཆོས་ཟབ་པ་དང་རྒྱ་ཆེ་བ་ཉམས་ལེན་གྱི་གནད་ཡོད་པ་ཧ་ལས་པ་ངོ་མཚར་སྐྱེས་དགོས་པ་འདི་ག་ལེར་ག་ལེར་ཉམས་རྒུད་དུ་ཕྱིན་ཏེ་མཐའ་མ་ལྷ་གསོལ་འདྲེ་གསོལ་ལྟ་བུ་ཆགས་ན་དཔེ་མི་སྲིད་པའི་ཐབས་སྐྱོ་པོ་རེད། དེར་བརྟེན་ངས་རྒྱུ་མཚན་གསུམ་གྱི་ཐོག་ནས་དོལ་རྒྱལ་དམ་དྲག་བྱེད་ཀྱི་ཡོད། དགོན་སྡེ་ཁག་གི་མཁན་པོ་བླ་སྤྲུལ་ཚང་མས་ཧུར་ཐག་གནང་བྱུང་བས་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། དེ་བཞིན་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ཀྱང༌། ངས་ལོ་ནས་ལོ་བསྟུད་དེ་ཕྱི་ནང་གསང་གསུམ་གྱི་བརྟག་དཔྱད་ནན་ཏན་གྱིས་ཐག་གཅོད་བྱས་པ་དེར་ཡིད་ཆེས་བློ་འགེལ་གྱིས་སྤང་བླང་མ་འཛོལ་བ་བྱས་པར་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། དེ་མིན་རེ་ཟུང་ནས་འདྲ་མིན་བཤད་པ་དང་བྱ་བ་མི་འཚམས་པ་དེ་འདྲ་བྱེད་མཁན་ཡོང་གི་རེད་ལ། བར་ལམ་བྱུང་ཡོད་པ་རེད། དེ་ཚོ་སྙིང་རྗེ་བའི་ཡུལ་ལས་བྱེད་རྒྱུ་གང་ཡང་མི་འདུག་ཧ་ཅང་ཐབས་སྐྱོ་པོ་རེད། ཁྱོད་ཚོས་ད་ལྟ་བར་དུ་ཧུར་ཐག་གནང་བ་རེད་ལ་དེ་གལ་འགངས་ཆེན་པོ་རེད། ངོས་ནས་ལོ་བཅོ་བརྒྱད་བཅུ་དགུའི་གོང་ཐོག་མར་དོལ་རྒྱལ་དམ་དྲག་བྱེད་སྐབས་བཤད་ཡོད། སྒེར་སོ་སོས་བསྟེན་ན་དེ་ནི་གནས་ཚུལ་ཐ་དད་རེད། ཆོས་དད་རང་མོས་རེད། ཡིན་ནའང་དགེ་འདུན་གྱི་འདུས་སྡེ་ལྟ་བུ་རྒྱ་ཆེ་སའི་ནང་ལ་བསྟེན་ན་འགྲིག་གི་མི་འདུག དེ་བཞིན་དགའ་ལྡན་ཕོ་བྲང་གི་བསྟན་སྲིད་དང་འབྲེལ་བའི་ཐོག་ནས་བསྟེན་ན་དེ་བས་འགྲིག་གི་མི་འདུག་ཅེས་ཐག་བཅད་ཡོད། བར་སྐབས་རྒྱ་གར་ནང་ལ་འགའ་ཞིག་གིས་ངན་བྱས་ངོ་ལ་འཁྱེར་ནས་ངས་སྤྲོས་པ་ཆེན་པོ་མ་བྱེད་ཟེར་བ་འདི་སྤྲོས་པ་ཆེ་རུ་གཏོང་གི་འདུག

དེ་བཞིན་ངས་དོལ་རྒྱལ་དམ་དྲག་བྱེད་པ་ནི་རྙིང་མའི་ངོ་སྲུང་ཆེད་རེད་ཅེས་བརྗོད་ཀྱི་ཡོད། དེ་འདྲ་རྩ་བ་ཉིད་ནས་མིན། ལྷག་པར་དུ་བོད་ནང་ལ་ཆ་བཞག་ན་ངོས་ནས་བོད་བསྟན་སྲིད་དང་འབྲེལ་བའི་ཐོག་ནས་དོལ་རྒྱལ་དམ་དྲག་བྱས་པའི་གནས་ཚུལ་འདི་ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་ངོ་མ་མ་རེད། ྋརྒྱལ་བ་རིན་པོ་ཆེས་དྲང་དོན་ལ་དེ་འདྲ་གསུངས་པ་ལས། ངེས་དོན་མཐར་ཐུག་ྋརྒྱལ་བ་རིན་པོ་ཆེས་ཤུགས་ལྡན་བསྟེན་གྱི་ཡོད་པ་རེད་ཅེས་པའི་གནས་ཚུལ་ཁྱབ་འདུག དེར་བརྟེན་ངོས་ཀྱིས་ཐོག་མ་ཉིད་ནས་དོལ་རྒྱལ་དམ་དྲག་བྱེད་རྒྱུའི་ནུས་པ་ཆུང་དྲགས་པ་རེད། ལས་ཀ་འགོ་བཙུགས་ཚར་དུས་མཇུག་སྐྱོང་དགོས་པར་བརྟེན་ནུས་པས་མ་ལྡང་ན་ནན་དུ་གཏོང་དགོས་པ་ཆོས་ཉིད་རེད། དེར་བརྟེན་ངོས་ཀྱིས་དམ་བསྒྲགས་ནན་དུ་བཏང་བ་ཡིན། དོལ་རྒྱལ་བསྟེན་དང་མི་བསྟེན་སོ་སོའི་རང་དབང་རེད། གལ་སྲིད་དོལ་རྒྱལ་བསྟེན་གྱི་ཡིན་ན་ངོས་ལ་བླ་མའི་འདུ་ཤེས་བཞག་ནས་ངའི་མདུན་ནས་བཀའ་ཆོས་དང་དབང་ལུང་མ་ཞུ་རོགས་ཞེས་བརྗོད་ཀྱི་ཡོད། གང་ཡིན་ཞེ་ན། དེ་རིགས་ཀྱིས་བླ་མ་དང་སློབ་མའི་འདུ་ཤེས་དང་འབྲེལ་བའི་ཐོག་ནས་བཀའ་ཆོས་ཉན་ན་དམ་ཉམས་ཆགས་རྒྱུ་དང༌། བླ་མའི་ཚེ་ལའང་གནོད་ཀྱི་རེད། ཁྱོད་རང་ཚོས་ངའི་མདུན་ལ་བརྟན་བཞུགས་ཕུལ། རྒྱབ་ཏུ་དམ་ཉམས་ལུང་པ་གང་བཟོ་གིན་བསྡད་ན་ཡག་པོ་རྩ་བ་ནས་མེད། ངོས་ཀྱིས་ལྷག་བསམ་རྣམ་དག་གི་ཐོག་ནས་ལས་ཀ་འདི་འགོ་བཙུགས་པ་ཡིན་ལ། ལྷག་བསམ་རྣམ་དག་གི་ཐོག་ནས་མཇུག་བསྐྱལ་དགོས་པའང་ཆོས་ཉིད་ཡིན། དེར་བརྟེན་ནན་དུ་གཏོང་དགོས་དོན་དེ་འདྲ་རེད། དེར་བརྟེན་ཁྱོད་རང་ཚོ་ཚང་མ་མགོ་མ་འཁོར་བ་བྱས་ཏེ་གནས་ཚུལ་ཁ་གསལ་རྟོགས་ཐུབ་པ་བྱེད་དགོས། ཤེས་སོང་ངམ་ཞེས་བཀའ་སྩལ།།  །།

ཚན་པ་འདིའི་ནང་།

  • ཕྱི་ལོ་ ༡༩༩༨ ཟླ་ ༩ ཚེས་ ༡༠ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༢༧ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཟླ་ ༡༢ ཚེས་ ༩ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཟླ་ ༡༡ ཚེས་ ༡༢ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༢ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༡༠ ཚེས་ ༨ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༦ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༣༠ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༣ ཚེས་ ༢༡ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༡ ཟླ་ ༣ ཚེས་ ༧ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༨༧ ཟླ་ ༤ ཚེས་ ༡ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༨༦ ཟླ་ ༡༢ ཚེས་ ༢༧ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༨༦ ཟླ་ ༣ ཚེས་ ༣ ཉིན་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
  • རིས་མེད་མཁན་བླ་དགེ་བཤེས་སོགས་ལ་དོལ་རྒྱལ་སྐོར་གྱི་ལམ་སྟོན་བཀའ་སློབ།
  • ཕྱི་ལོ་ ༡༩༧༨ ཟླ་ ༦ ཚེས་ ༡༣ ཉིན་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༧༨ ལོར་དོལ་རྒྱལ་སྐོར་ལ་ལམ་སྟོན་བཀའ་སློབ།
  • ཕྱི་ལོ་༢༠༠༨ ཟླ་ ༡ ཚེས་ ༧ ཉིན་འབྲས་བློ་གླིང་གྲ་ཚང་གི་སྟེང་ཐོག་ཏུ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
  • ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༣ ཚེས་ ༢༡ ཉིན་ྋགོང་ས་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དོལ་རྒྱལ་སྐོར་གྱི་བཀའ་སློབ།
  • ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༡༠ ཉིན་ྋགོང་ས་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དོལ་རྒྱལ་སྐོར་གྱི་བཀའ་སློབ།
  • ཕྱི་ལོ་ ༡༩༩༡ ཟླ་ ༣ ཚེས་ ༧ ཉིན་སྩལ་བའི་དོལ་རྒྱལ་སྐོར་གྱི་བཀའ་སློབ།
  • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།