༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • བཀའ་སློབ།
  • ↝
  • ཁོར་ཡུག

ཁོར་ཡུག་སྐོར་གྱི་བཀའ་སློབ།

འགྲེམ་སྤེལ།

གཙང་ཞིང་ཡིད་དུ་འོང་བའི་རང་བྱུང་ཁོར་ཡུག་ཅིག་ལ་ལོངས་སྤྱོད་བྱེད་རྒྱུ་ནི་སྐྱེ་འགྲོ་ཀུན་གྱི་གཞི་རྩའི་ཐོབ་ཐང་ཡིན།

༄༅། །བོད་གངས་ཅན་ལྗོངས་འདི་རྡུལ་ཕྲན་མཚོན་ཆའི་རིགས་བཟོ་སྐྲུན་བྱེད་ཡུལ་ཅིག་དང༌། རྡུལ་ཕྲན་མཚོན་ཆའི་སྙིགས་རོ་ཕུང་གསོག་བྱེད་ཡུལ་ཅིག་ལ་གཏན་ནས་མི་འགྱུར་བ་བྱེད་དགོས། བོད་མི་ཚོས་གླིང་འདིར་འཚོ་ཞིང་གནས་འཆའ་བའི་སྲོག་ཆགས་སྐྱེ་འགྲོ་ཚང་མར་བརྩི་བཀུར་དང་མཐོང་ཆེན་བྱེད་པ་དང༌། སྲོག་ལྡན་ཀུན་ལ་སྙིང་ནས་བརྩེ་བའི་ཚོར་བ་འདི་ནི་ནང་ཆོས་ཀྱི་བླ་ན་མེད་པའི་ལྟ་སྤྱོད་ཅིག་སྟེ་སེམས་ལྡན་སྐྱེ་འགྲོ་ཀུན་ལ་གནོད་འཚེ་སྤངས་སྟེ་སྙིང་ཐག་པ་ནས་བརྩི་བཀུར་དང་བྱམས་སྙིང་རྗེ་བྱེད་པ་འདི་ལས་བྱུང་བ་ཡིན། རྒྱ་མིས་བོད་ཡུལ་བཙན་བཟུང་མ་བྱས་གོང༌། བོད་ཁ་བ་གངས་ཅན་གྱི་ལྗོངས་འདི་ལྟ་ན་སྡུག་ལ། གཙང་ཞིང་ཡིད་དུ་འོང་བ་དང༌། གཏོར་སྐྱོན་གང་ཡང་བྱུང་མེད་པའི་དབེན་པའི་རང་བྱུང་ལྷིང་འཇགས་ཀྱི་གནས་མཆོག་ཅིག་ཡིན།

ཡིད་སྐྱོ་བ་ཞིག་ལ། འདས་པའི་ལོ་རབས་བཅུ་ཕྲག་ཁ་ཤས་རིང༌། བོད་ཀྱི་རྩ་ཆེའི་བདག་མེད་བྱེས་འཚོའི་སྲོག་ཆགས་རྣམས་ཧ་ལམ་རྩ་མེད་བཟོས་ཤིང༌། བོད་ཀྱི་ས་ཁུལ་མང་པོ་ཞིག་གི་ནང་རང་བྱུང་ནགས་ཚལ་རྣམས་སླར་གསོ་དཀའ་བའི་གཏོར་བཤིག་ཚབས་ཆེན་བཏང་ཡོད་པ་རེད། ཚོར་སྐྱེས་མྱུར་བའི་བོད་གངས་ཅན་ལྗོངས་ཀྱི་རང་བྱུང་ཁོར་ཡུག་ལ་ཚད་ལས་འདས་པའི་རྨ་ཁ་བཟོས་པར་བརྟེན། རྒྱ་མཚོའི་ངོས་ལས་ཧ་ཅང་མཐོ་ཚད་དུ་གནས་ཤིང་ཆར་ཆུ་དཀོན་པའི་ང་ཚོའི་ཕ་ཡུལ་ལ་ནགས་ཚལ་བསྐྱར་གསོ་བྱ་རྒྱུར་དུས་ཡུན་ཧ་ཅང་རིང་པོ་དགོས་ཤིང༌། ས་ཆ་དམའ་ལ་ཆར་ཆུ་འབེལ་བའི་ཡུལ་གྲུ་ནང་བཞིན་གྱི་སྐྱེ་འཚར་མགྱོགས་པོ་མེད། དེར་བརྟེན། ད་ཆ་ཅུང་ཟད་ལྷག་ཡོད་པ་དེ་དག་ངེས་པར་དུ་སྲུང་སྐྱོབ་བྱ་རྒྱུ་དང༌། ཡ་ང་བག་ཚ་མེད་པར་གང་བྱུང་དུ་ང་ཚོའི་ལྟ་ན་སྡུག་པའི་རང་བྱུང་ཁོར་ཡུག་གཏོར་བརླག་བྱེད་པའི་རྒྱ་མིའི་བསམ་སྤྱོད་ཐབས་སྡུག་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུར་ཚང་མས་འབད་བརྩོན་གནང་དགོས་པ་ཡིན། དེར་བརྟེན། ཆེས་གལ་ཆེ་བ་ནི་རྡུལ་ཕྲན་མཚོན་ཆའི་རིགས་བཟོ་བསྐྲུན་བྱེད་མཚམས་འཇོག་དགོས་པ་དང༌། ལྷག་པར་དུ་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་ཕུང་གསོག་བྱེད་པ་དེར་འགོག་རྒོལ་བྱེད་དགོས། ང་ཚོས་ཤེས་གསལ་ལྟར། རྒྱ་ནག་རང་ཉིད་ཀྱི་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་ཙམ་མིན་པར། རྒྱལ་ཁབ་གཞན་དག་ནས་ནང་འདྲེན་བྱས་པའི་རྡུལ་ཕྲན་སྙིགས་རོའང་ང་ཚོའི་ཕ་ཡུལ་གངས་ལྗོངས་སུ་ཕུང་གསོག་བྱེད་བཞིན་ཡོད། འདི་འདྲའི་རིགས་ཀྱི་ཚབས་ཆེའི་ཉེན་ཁ་ནི་གླིང་སྤྱི་ལ་ཡོད། ད་ཆ་འཚོ་གནས་བྱེད་བཞིན་པའི་གླིང་འདིའི་སྲོག་ཆགས་རྩི་ཤིང་ཚང་མར་གནོད་སྐྱོན་བྱེད་པར་མ་ཟད། འབྱུང་འགྱུར་གྱི་སྐྱེ་འགྲོ་སྲོག་ལྡན་ཀུན་ལའང་གནོད་འཚེ་ཕོག་ངེས་ཡིན། དེ་བས་ཀྱང་དེ་འདྲའི་རིགས་ཀྱི་ལྡོག་ཏུ་མེད་པའི་དཀའ་ངལ་དཀའ་ངལ་དེ་ཚོ་དང་ཐོག་ས་གནས་ཆུང་ཆུང་ནས་འགོ་བརྩམ་པ་ཡིན་ཡང༌། མཇུག་འབྲས་ངན་པ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་གནོད་འཚེ་ཅིག་ཏུ་འགྱུར་སླ་བ་ཡིན། རྒྱ་ནག་ལ་རྡུལ་ཕྲན་གྱི་སྙིགས་རོ་སྤྲད་པ་དང༌། ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བའི་ཡུལ་གྲུ་ཞིག་ལ་དབོར་འདྲེན་བྱས་པ་ཡིན་ན་ཡང༌། ཡུལ་གྲུ་དེ་ན་དེང་དུས་ཡར་ཐོན་ལྡན་པའི་ཚན་རིག་དང་འཕྲུལ་རིག་ཆེར་མེད་ལ། རྡུལ་ཕྲན་གྱིས་བཟོས་པའི་དཀའ་ངལ་དེ་ཚོ་འཕྲལ་སྒང་སེལ་ཐུབ་པ་ཙམ་ལས། རྩ་བའི་ཆ་ནས་གཙང་སེལ་བྱེད་རྒྱུ་ཁག་པོ་ཡོད།

གལ་སྲིད་ངོས་ལ་འདེམས་ཤོག་འཕེན་པའི་སྐལ་བཟང་ཞིག་ཐོབ་ཚེ། ངོས་ནས་ཁོར་ཡུག་སྲུང་སྐྱོབ་ཚོགས་སྡེ་ཞིག་ལ་འདེམས་ཤོག་འཕེན་རྒྱུ་ཐེ་ཚོམ་མེད། དེང་སྐབས་འཛམ་གླིང་གང་སར་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་ནང་རང་བྱུང་ཁོར་ཡུག་གི་གལ་ཆེའི་རང་བཞིན་སྐོར་ཤེས་རྟོགས་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད། དེ་ནི་ཡ་མཚན་གྱི་གནས་ཚུལ་གང་ཡང་མིན། རང་ཉིད་འཚོ་གནས་བྱེད་སའི་འཛམ་གླིང་ལ་སྲུང་སྐྱོབ་དང་སེམས་ཁུར་བྱེད་པ་ནི་རང་ཉིད་ཀྱི་ཁྱིམ་ཚང་ལ་གཅེས་འཛིན་བྱེད་པ་དང་མཚུངས་ཤིང༌། གླིང་འདིར་འཚོ་གནས་བྱེད་པའི་སྐྱོ་འགྲོ་ཚང་མའི་གཞི་རྩའི་འབྱུང་ཁུངས་ཀྱང་རང་བྱུང་གི་ཁོར་ཡུག་ཡིན་པས། ང་ཚོས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་དང་སྦགས་བཙོག་བཟོས་ན་ག་ལ་འགྲིགས། ཆོས་ལུགས་གང་ཞིག་ལ་དད་མོས་དང༌། རྣམ་དཔྱོད་ཡོད་མེད་སོགས་ནི་དེ་ཙམ་གལ་གནད་ཆེན་པོ་མིན། གལ་སྲིད་ཀུན་སྤྱོད་གཙང་མ་དང༌། ཆོས་ལུགས་ལ་དད་མོས་བྱེད་མཁན་གཉིས་ཀ་ཡིན་ན་ནི་ཡག་ཤོས་སྟེ། དེ་དག་མེད་ཀྱང་ང་ཚོས་འཛམ་གླིང་འདིའི་ཐོག་ཏན་ཏན་འཚོ་གནས་བྱེད་ཐུབ། ཡིན་ནའང་ང་ཚོས་ཕྱིའི་རང་བྱུང་ཁམས་ཀྱི་སྣོད་བཅུད་དང་རྒྱབ་འགལ་བྱས་ཏེ་བརྙས་བཅོས་བྱེད་རྒྱུ་མང་དྲགས་ན་རང་རེ་འཚོ་གནས་ཐད་ཉེན་ཁ་ཆེན་པོ་བཟོ་ངེས་ཡིན།

ང་ཚོས་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་དང་ལེན་བྱེད་དགོས་པ་ནི། འབྱུང་ཁམས་ཆ་སྙོམས་ལ་གཏོར་རྐྱོན་བཏང་ཚེ། དེས་འགྲོ་བ་མིའི་རིགས་ལ་དཀའ་སྡུག་ཆེན་པོ་བཟོ་ངེས་ཡིན། དེས་ན་ད་ལྟ་འཚོ་གནས་བྱེད་བཞིན་པའི་མི་ཚོས་ངེས་པར་དུ་མི་རབས་རྗེས་མ་རྣམས་ལ་སེམས་ཁུར་བྱེད་དགོས། གཙང་ཞིང་ཡིད་དུ་འོང་བའི་རང་བྱུང་ཁོར་ཡུག་ཅིག་ལ་ལོངས་སྤྱོད་རྒྱུ་འདི་ཡང་གཞན་དང་མཚུངས་པའི་ང་ཚོའི་ཁེ་དབང་ཞིག་ཡིན། ང་ཚོས་མི་རབས་རྗེས་མ་ཚོར་སེམས་ཁུར་བྱས་ཏེ་ད་ལྟའི་འཛམ་གླིང་འདི་ལ་བདག་སྐྱོང་ཡག་པོ་བྱེད་དགོས་པ་དང༌། ང་ཚོས་དང་ཐོག་བརྒྱུད་འཛིན་པ་རྣམས་ལ་རང་བྱུང་སྣོད་བཅུད་འབྱོར་ཕྱུག་ལྡན་པའི་འཛམ་གླིང་ཞིག་ཁོང་ཚོར་བརྒྱུད་སྤྲོད་མ་ཐུབ་ཀྱང༌། གཏོར་སྐྱོན་མེད་པའི་འཛམ་གླིང་སྣོད་བཅུད་ཅིག་ངེས་པར་དུ་མི་རབས་རྗེས་མ་རྣམས་ལ་རྩིས་སྤྲོད་བྱེད་རྒྱུ་ཡོད་པ་ཞིག་དགོས།

བསམ་ཚུལ་འདི་སྒྲུབ་དཀའ་བ་ཞིག་ཏུ་མཐོང་སྲིད་ཀྱང་དོན་དངོས་ཐོག་བསྒྲུབ་ཁག་པོ་ཞིག་གཏན་ནས་མིན། ང་ཚོ་མི་རེ་རེའི་ངོས་ནས་ཞབས་འདེགས་ཀྱི་ནུས་པ་ཚད་ངེས་ཅན་ཞིག་ཡོད་པ་དང༌། འཛམ་གླིང་འདིར་ཞབས་འདེགས་ཀྱི་ལེགས་སྐྱེས་ནི་མུ་མཐའ་མེད་པ་ཞིག་ཡོད། མི་སྒེར་སོ་སོའི་ངོས་ནས་ལེགས་སྐྱེས་འབུལ་རྒྱུ་འདི་ཆུང་ཆུང་ཞིག་ཡིན་ནའང༌། དེ་དག་གང་ཐུབ་ཅི་ཐུབ་ཀྱིས་ལེགས་སྐྱེས་འབུལ་རྒྱུ་གལ་ཆེན་པོ་ཡིན། རྒྱུ་མཚན་ནི། ཁྱིམ་ནས་ཕྱི་རུ་འགྲོ་སྐབས་གློག་གསོད་རྒྱུ་ནི་བྱ་བ་ཆུང་ཆུང་ཞིག་ཡིན་རུང༌། དེ་འདྲའི་ཆུང་རྩག་ལ་སྣང་ཆུང་ནམ་ཡང་བྱེད་མི་རུང༌།

ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས། ལས་འབྲས་ལ་དད་འདུན་རྩེ་གཅིག་ཏུ་བྱེད་པ་འདིས་ངོས་ཀྱི་ཉིན་རེའི་འཚོ་བའི་ནང་ལམ་སྟོན་དང་ཕན་ཐོག་ཆེན་པོ་ཡོང་གི་འདུག ཁྱེད་རང་ཡང་ལས་རྒྱུ་འབྲས་ལ་དད་པ་ད་ངཡིད་ཆེས་རྣག་དག་ཅིག་སྐྱེས་ཐུབ་ཚེ། རང་གཞན་སྐྱེས་འགྲོ་ཐམས་ཅད་ཀྱིས་མྱོང་བའི་འབྲས་བུ་འདི་རྣམས་ལ་ངེས་ཤེས་ཟབ་མོ་ཞིག་རྙེད་ངེས་ཡིན།

ངོས་ཀྱི་ཕ་ཡུལ་གངས་ཅན་ལྗོངས་ད་དུང་དགྲ་བོའི་བཙན་འོག་ཏུ་གནས་ཡོད། ངོས་རང་འཛམ་གླིང་འདི་བཟང་ཕྱོགས་སུ་འཕེལ་བར་དགའ་སྤྲོ་སྐྱེ་བ་དང༌། འཛམ་གླིང་འདིའི་སྟེང་བག་མེད་མཛད་སྤྱོད་ཀྱི་རིང་ལུགས་རང་བཞིན་མཇུག་འགྲིལ་ཏེ་མི་རྣམས་ཀྱིས་རང་བྱུང་སྣོད་བཅུད་ལ་ཤེས་རྟོགས་བྱེད་པ་དང༌། རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་མཐོ་རླབས་གསར་པ་ཞིག་ཕྱུར་དང་འཕྱུར་བཞིན་པར་ངོས་རང་ཡིད་ཆེས་དང་སྤོབས་པ་ཆེན་པོ་བྱུང༌། ལྟ་སྤྱོད་འདི་ནི་ཧ་ཅང་གལ་ཆེན་པོ་ཡིན། འཛམ་གླིང་སྐྱེས་འགྲོ་ཚང་མ་སའི་གོ་ལ་འདིའི་ཕྲུ་གུ་ལྟ་བུ་ཡིན། ང་ཚོའི་དྲིན་ཆེན་གྱི་སྐྱེས་མས་ད་བར་ང་ཚོའི་འཛེམ་བག་བྲལ་བའི་བྱ་སྤྱོད་ལ་བཟོད་བསྲན་གནང་ཡོད་ཀྱང༌། ད་ཆ་སྐྱེས་མ་བཟོད་ཐབས་བྲལ་བའི་གནས་ལ་སླེབས་ནས་ང་ཚོར་སྔོན་བརྡ་ཡང་ཡང་གཏོང་གི་འདུག

ངོས་ནས་ནམ་ཞིག་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང༌། སེམས་ལྡན་ཀུན་ལ་སྙིང་ནས་བརྩེ་བ་བྱེད་པའི་ལྟ་སྤྱོད་འདི་རྒྱ་ནག་མི་མང་ཐོག་ལ་སྤེལ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། ནང་ཆོས་ནི་རྒྱལ་སྤྱིའི་ས་མཚམས་དང་རིགས་རུས་ཀྱི་དབྱེ་བ་མེད་པར་སྤེལ་ཆོག་པ་ཞིག་ཡིན། ངོས་ནས་རྒྱ་ནག་མི་མང་ལ་ནང་ཆོས་ཀྱི་ལྟ་སྤྱོད་བླ་ན་མེད་པ་འདི་ལེགས་སྐྱེས་སུ་འབུལ་ཐུབ་རྒྱུ་ཡིན་པར་ཡིད་ཆེས་ཡོད། པཎ་ཆེན་སྐུ་གོང་མས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་དུས་འཁོར་དབང་ཆེན་ཐེངས་གཅིག་གནང་ཡོད་ལ། ངོས་ནས་ཀྱང་རྒྱ་ནག་མི་མང་ལ་དུས་འཁོར་དབང་ཆེན་ཞིག་བྱ་རྒྱུ་བྱུང་ན། དེ་ནི་སྔོན་མེད་གསར་གཏོད་ཅིག་མིན་ལ་འོས་ཤིང་འཚམསས་པ་ཞིག་ཡིན། ངོས་ནི་ནང་པའི་དགེ་སློང་ཞིག་ཡིན་པས་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོ་ཞིག་ནང་མཉམ་དུ་སྡཽད་མཁན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྨོན་ལམ་རྒྱག་རྒྱུ་མ་ཟད། ལྷག་དོན་ནད་དང་སྡུག་བསྔལ་གྱིས་མནར་བཞིན་པའི་སྐྱེ་འགྲོ་སྲོག་ཆགས་ཀུན་ལ་སེམས་ཁུར་བྱེད་ཀྱི་ཡོད།

ང་ཚོར་སྡུག་བསྔལ་གང་བྱུང་བ་རྣམས་ནི་མ་རིག་པ་ལས་བྱུང་བ་དང༌། ང་ཚོས་རང་ཉིད་ལ་བདེ་སྐྱིད་ཡོང་ཆེད་དུ་གཞན་ལ་སྡུག་བསྔལ་བཟོ་གི་ཡོད། ཡིན་ནའང༌། བདེ་སྐྱིད་ངོ་མ་ནི་ནང་སེམས་ཀྱི་ཞི་བདེ་དང་འདོད་ཆུང་ཆོག་ཤེས་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གཞན་ཕན་སྙིང་རྗེ་དང༌། བརྩེ་སེམས། གཞན་དོན་ལྷུར་ལེན་གྱི་ཕྱོགས་ལ་བློ་སྦྱངས་བྱས་ཏེ། ཁོང་ཁྲོ་དང་གཅེས་འཛིན་འདོད་རྔམ་གྱི་བསམ་བློ་དེ་ཚོ་རྩ་མེད་བཟོ་དགོས།

མི་ཁ་ཤས་ལ་ངོས་ཀྱི་བསམ་ཚུལ་འདི་རྩེད་མཚར་ལྟ་བུ་ཞིག་ཏུ་མཐོང་ཡང༌། ངས་ཁོང་རྣམས་ལ་ང་ཚོ་ཡུལ་ལུང་གང་ནས་ཡིན་པ་གཙོ་མི་ཆེ་བར། གཞི་རྩའི་ཐོག་ང་རང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་ཞེས་བརྗོད་འདོད་ཡོད། ང་རང་ཚོ་ཚང་མ་སྡུག་བསྔལ་མི་འདོད་ཅིང་བདེ་སྐྱིད་འདོད་པ་གཅིག་མཚུངས་ཡིན་ལ། ང་ཚོའི་ཐུན་མོང་གི་རེ་འདུན་དང་སེམས་ཁུར་ཡང་གཅིག་མཚུངས་ཡིན། དེས་ན། ང་ཚོ་ཚང་མར་རང་ཉིད་ཀྱི་རང་དབང་འཚོལ་སྒྲུབ་བྱེད་པའི་ཁེ་དབང་ཡོད་པར་མ་ཟད། རང་ཉིད་ཀྱི་བདེ་སྡུག་དང་མདུན་ལམ་འཚོལ་སྙེག་བྱེད་པའི་ཐོབ་ཐང་ཡང་ཡོད། འདི་རྣམས་འགྲོ་བ་མིའི་གཞི་རྩའི་ཁེ་དབང་དང་ཐོབ་ཐང་ཡིན། ཤར་ཡོ་རོབ་ནས་ཨ་ཧཕ་རི་ཀས་མཚོན་པའི་འཛམ་གླིང་ཡུལ་གྲུ་མང་པོའི་ནང་རྦ་རླབས་གཡོ་བ་ལྟ་བུའི་འགྱུར་འགྲོས་འགྲོ་བཞིན་པ་འདི་ནི་མངོན་གསལ་དོད་པོའི་རྟགས་མཚན་ཞིག་ཡིན།

དེ་དང་ཆབས་ཅིག་ད་ཆ་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་ཏེ། དྲག་པོའི་འཐབ་འཛན་དང༌། རང་བྱུང་ཁམས་ལ་གཏོར་བཅོམ། མུ་གེ་དང་བཀྲེས་སྐོམ་བྱུང་བ་སོགས་ནི་གཙོ་བོ་འགྲོ་བ་མིའི་རིགས་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན་ཞིང༌། དཀའ་ངལ་དེ་རྣམས་སེལ་ཐུབ་པ་ཞིག་ཡིན་ཞིང་དེ་ཡང༌། འགྲོ་བ་མའི་ཐུན་མོང་གི་འབད་བརྩོན་དང༌། ཕན་ཚུན་གོ་རྟོགས་སྤེལ་བ། མི་དང་མིའི་བར་ཕུ་ནུ་དང་མིང་སྲིང་ལྟ་བུའི་འདུ་ཤེས་བསྐྱེད་པ་བརྒྱུད་ནས་དཀའ་ངལ་དེ་ཚོ་སེལ་ཐུབ་པ་ཞིག་ཡིན།

ལྟ་ཚུལ་འདི་ལམ་ལྷོངས་ཡོང་བ་ལ། སེམས་པ་བཟང་པ་དང་གོ་རྟོགས་ལེགས་པོ་རྨང་བཞིར་བྱས་པའི་འཇིག་རྟེན་སྤྱིའ་སེམས་འཁུར་ཞིག་ང་ཚོའི་བློ་ལ་ཡོད་དགོས་པར་མ་ཟད། རླབས་ཆེན་ཀྱི་ལྟ་སྤྱོད་འདི་ང་ཚོ་ཐུན་མོང་དུ་སྤྱོད་པའི་འཛམ་གླིང་འདིའི་ཐོག་ལའང་ཁྱབ་ཐུབ་པ་བྱེད་དགོས།

ངོས་རང་ལ་ནང་པའི་དམ་ཆོས་འདིས་མིའི་སེམས་ནང་བྱམས་དང་སྙིང་རྗེ་བསྐྱེད་ཐུབ་པར་ཡིད་ཆེས་ཡོད་ལ། བྱམས་སྙིང་རྗེའི་ལྟ་སྤྱོད་བཟང་པོ་འདི་མི་སུ་འདྲ་ཞིག་ཡིན་ཡང་ཉམས་ལེན་བྱ་རྒྱུ་ཡོད་པ་ཞིག་དང༌། དེ་ཉམས་ལེན་བྱེད་པར་ཆོས་ལུགས་གཞན་ཞིག་ཡོད་ཀྱང་ཆོག་མེད་ཀྱང་ཆོག ངོས་རང་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མའི་མཐར་ཐུག་གི་དམིགས་ཡུལ་གཅིག་མཚུངས་ཡིན་པར་ཡིད་ཆེས་བརྟེན་པོ་ཡོད།

ཆོས་ལུགས་ཚང་མའི་དམིགས་ཡུལ་ནི་སེམས་པ་བཟང་པོ་བྱེད་རྒྱུ་དང༌། ས་སྟེང་འགྲོ་བ་ཀུན་ལ་བདེ་སྐྱིད་བསྐྲུན་རྒྱུ་འདི་ཡིན་པས། ཆོས་ལུགས་སོ་སོའི་ཐ་སྙད་དང༌། ཆོ་ག་ཕྱག་ལེན་ལ་ཁྱད་པར་ཡོད་ཀྱང༌། མཐུར་ཐུག་གི་དམིགས་ཡུལ་ནི་གཅིག་གྱུར་ཡིན།

ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་དེང་རབས་ཚན་རིག་དང༌། འཕྲུལ་རིག་གིས་ང་ཚོའི་ཉིན་རེའི་རྒྱུན་ལྡན་འཚོ་བའི་ནང་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད་ལ། ཆོས་ལུགས་དང་བསམ་བློའི་རྒྱགས་ཕྱེ་མང་པོ་དེ་ཚོས་ཀྱང་ང་ཚོར་འགྲོ་བ་མིའི་རིགས་ཀྱི་བླ་ན་མེད་པའི་གཤིས་སྤྱོད་དང་རིག་ཐང་དྲན་གསོ་གཏོང་རྒྱུ་མེད་དུ་མི་རུང་བའི་རམ་འདེགས་ཀྱི་ནུས་པ་འདོན་བཞིན་ཡོད། དེར་བརྟེན། ཚན་རིག་དང་ཆོས་ལུགས་ནི་མི་མཐུན་ཕྱོགས་གཉིས་མ་ཡིན་པར། དེ་གཉིས་ཀས་ང་ཚོར་རྨད་དུ་བྱུང་བའི་རྣམ་དཔྱོད་ཀྱི་བློ་མིག་ཞིག་སྦྱིན་གྱི་ཡོད། དེང་རབས་ཀྱི་ཚན་རིག་ཡིན་ནའང་འདྲ། སྟོན་པའི་གསུངས་རབ་ཡིན་ནའང་འདྲ། གཉིས་ཀས་གཞི་རྩའི་ཐོག་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ་གླེང་གི་ཡོད།

མཇུག་ཏུ། ནམ་རྒྱུན་ངོས་རང་སེམས་ཤུགས་དང་བློ་སྟོབས་འཕེལ་བའི་སྨོན་ལམ་ཚིག་ཐུང་ཐུང་ཞིག་ཡོད་པ་ཁྱེད་རྣམ་པའི་མདུན་དུ་འདོན་རྒྱུ་ཡིན།

ཇི་སྲིད་ནམ་མཁའ་གནས་པ་དང༌། །
འགྲོ་བ་ཇི་སྲིད་གནས་གྱུར་པ། །
དེ་སྲིད་བདག་ནི་གནས་གྱུར་ནས། །
འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། །།

ཚན་པ་འདིའི་ནང་།

  • ཁོར་ཡུག་གི་སྐོར།
  • ཁོར་ཡུག་སྐོར་གྱི་བཀའ་སློབ།
  • སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་ངག་ཉུང་ངུའི་ཚིགས་བཅད་དུ་བསྡེབས་པ་དགེ །
  • དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་པའི་ཐོག་སྩལ་བའི་བཀའ་སློབ།
  • རྟེན་འཚོའི་ཁོར་ཡུག་དང་། མིའི་བསམ་བློ།
  • རང་བྱུང་སྣོད་ཀྱི་འཇིག་རྟེན་ལ་སྲུང་སྐྱོབ་དགོས་པ།
  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།