བཀའ་སློབ། | བརྙན་འཕྲིན་ཕབ་ལེན། | སྒྲ་ཕབ་ལེན། |
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༥ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྡ་སྟེང་བོད་ཁྱིམ་སློབ་གྲྭར་དཔའ་བོ་ངོ་སྤྲོད་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་བཞིན་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ། ལྷན་ཚོགས་དེའི་སྐུ་མགྲོན་གཙོ་བོ་བྱང་ཨ་ཡིར་ལེན་ཌི་ནས་སྐུ་ཞབས་རི་ཆ་ཌ་མུ་རི་ལགས་འབྲེལ་ཡོད་དང་། སེ་ལ་ཀུ་ཡི། གྷོ་པལ་པུར། སུ་ཇ། ཅོན་ཏ་ར། རྡ་ཤོད་བོད་ཁྱིམ། རྡ་སྟེང་བོད་ཁྱིམ་བཅས་སློབ་གྲྭ་ཁག་དྲུག་ཙམ་ནས་སློབ་མ་གྲངས་ ༡༦༤༠ དང་། དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༢༥༠༠ ཙམ་མཉམ་ཞུགས་གནང་སར་མགོན་པོ་གང་ཉིད་ཀྱིས་སྩལ་བའི་བཀའ་སློབ་ལམ་སྟོན་དགེའོ།།
ཚོགས་གནས། དྷ་སྟེང་བོད་ཁྱིབ་སློབ་གྲྭ། དྷ་རམ་ས་ལ། ཧི་མ་ཅལ། རྒྱ་གར།
ཟླ་ཚེས།
༢༠༡༠ ཟླ་བ་ ༥ ཚེས་ ༥
དུས་ཡུན། སྐར་མ་ ༢༨
སྐད་ཡིག བོད་སྐད།