༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཨ་རིར་ཞབས་པུས་སྨན་བཅོས་ཆེད་ཆིབས་བསྒྱུར་བསྐྱང་གཏན་འཁེལ་བས། ཕྱི་ཟླ་ ༦ ཚེས་ ༢༠ ནས་བཟུང་ཕྱིར་བཞུགས་སྒར་དུ་༸ཞབས་སོར་མ་འཁོད་བར་མཇལ་ཁ་སོགས་མཛད་འཆར་རིགས་ངང་འཐེན་གནང་དགོས་སོང་བའི་གསལ་བསྒྲགས་སུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༣ ལ།།