༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

བོད་རིགས་གཞོན་ནུ་རྣམས་ལ་ཆོས་འབྲེལ་ཉིན་དང་པོ། ༢༠༢༣ ཟླ་བ་ ༥ ཚེས་ ༣༠

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱབས་འགྲོ་ངོ་སྤྲོད་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་སྐྱབས་འགྲོ་ངོ་སྤྲོད་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་ཆེད་ཆིབས་བསྒྱུར་སྐབས་ཕེབས་བསུ་ཞུ་བཞིན་པ། པར་བ། བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༣༠

དེ་ཡང་ཞོགས་པ་ཆུ་ཚོད་ ༧།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་མཛད་པ་དང་། ཆིབས་བསྒྱུར་སྐབས་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་བློ་རིག་གི་སྡོམ་ངག་སྐྱོར་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སློབ་ཕྲུག་ཁག་ཅིག་གིས་རྟགས་གསལ་གཟིགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་རྟགས་གསལ་གཟིགས་འབུལ་ཞུ་བཞིན་པ། བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༣༠

དེ་རིང་འདིར་བོད་རིགས་གཞོན་ནུ་ཚོ་གཙོ་བོར་བྱས་ཏེ་སེམས་བསྐྱེད་ཅིག་བྱུང་ན་ཞེས་རེ་འདུན་བྱུང་བ་རེད། སེམས་བསྐྱེད་ནི་ཧ་ཅང་བཟང་པོ་རེད། སེམས་པ་བཟང་པོ་བྱེད་པ་དང་སྤྱི་སེམས་འཁུར་རྒྱུ་ནི་ཧ་ཅང་རྩ་ཆེན་པོ་རེད། ངོས་རང་ལ་ཆ་བཞག་ན་ཞོགས་པ་ཡར་ལངས་པ་དང་། སེམས་བསྐྱེད་ལ་བསམ་བློ་བཏང་སྟེ། ནམ་མཁའི་མཐའི་གཏུགས་པའི་སེམས་ཅན་ཡོངས་དང་། བྱེ་བྲག་ཏུ་འཛམ་གླིང་འདིར་ཡོད་པའི་མིའི་འགྲོ་བ་གཙོ་བོར་གྱུར་པའི་སེམས་ཅན་ཚོའི་ཆེད་དུ་སྨོན་ལམ་རྒྱག་རྒྱུ་ངོས་ཀྱིས་ཉིན་ལྟར་བྱེད་བཞིན་ཡོད། དེ་དངོས་གནས་སེམས་ལ་ཞི་བདེ་སླེབས་པ་དང་། སེམས་ལྷོད་ལྷོད་ཆགས་པ་ལ་ཧ་ཅང་ཕན་ཐོགས་འདུག ངོས་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གལ་ཆེན་པོར་བརྩིས་ཏེ། དེའི་གྲོགས་བྱེད་མཁན་སྟོང་ཉིད་ཀྱི་ལྟ་བ་ཡིན། དེ་ལྟར་ཉིན་ལྟར་བསམ་བློ་གཏོང་གི་ཡོད། སེམས་བཟང་པོ་བྱེད་པ་དེ་ཧ་ཅང་ཕན་ཐོགས་འདུག ངོས་ཀྱིས་སྨོན་ལམ་རྒྱག་རྒྱུ་དེ་ཡང་།  ཇི་སྲིད་ནམ་མཁའ་གནས་པ་དང༌།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་ནམ་མཁའ་མ་ཟད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་རྒྱུ་ཡིན་ཟེར་བའི་སེམས་ཤུགས་དེ་ནི་ཧ་ཅང་ཕན་ཐོགས་འདུག དེར་བརྟེན། ངོས་རང་ལ་ཆ་གཞག་ན། སེམས་བསྐྱེད་ནི་སེམས་ལྷོད་ལྷོད་ཆགས་པ་དང་། སེམས་ལྷོད་ལྷོད་ཆགས་པའི་རྐྱེན་ལ་བརྟེན་ནས་དགོང་མོ་གཉིད་སྐྱིད་པོ་ཁུགས་པ་དང་། སེམས་ལ་ཁོང་ཁྲོ་ཟ་བ་དང་སེམས་འཁྲུག་སྡོད་པ་ལྟ་བུ་ཁྱོན་ནས་ཡོང་གི་མི་འདུག སེམས་ལྷོད་ཤིག་ཤིག་སྡོད་ཀྱི་འདུག དགོང་མོ་ཉལ་དུས་སེམས་ལྷོད་ལྷོད་སྡོད་ཀྱི་འདུག འཕགས་པ་སྤྱན་རས་གཟིགས་ཀྱང་སྒོམ་བཞིན་ཡོད། བོད་གངས་ཅན་པའི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་སྤྱི་བོ་ལ་སྒོམ། མ་ཎི་བགྲངས་བཞིན་གཉིད་ཀྱི་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་བཞིན་པ།  བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༣༠

དངོས་ཡོད་གནས་ཚུལ་ལ་སེམས་ལྷོད་ལྷོད་ཆགས་ཡོང་དུས། ལུས་ཀྱི་འབྱུང་བ་རྣམས་རང་བཞིན་པ་ཆགས་ནས་ཕན་ཐོགས་ཆེན་པོ་འདུག ང་ཚོ་བོད་གངས་ཅན་དམིགས་བསལ་གྱིས་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་ཟེར་གྱི་ཡོད་པ་རེད་ལ། དམིགས་བསལ་གྱིས་སྤྱན་རས་གཟིགས་ལ་འབྲེལ་བ་ཡོད་པ་ཞིག་དང་། རྒྱ་ནག་ལ་ཆ་གཞག་ན་རི་བོ་རྩེ་ལྔ་ལ་བརྟེན་ནས་འཇམ་པའི་དབྱངས་དང་འབྲེལ་བ་ཡོད་པ་བཤད་ཀྱི་ཡོད་པ་རེད། ང་ཚོ་བོད་གངས་ཅན་པ་འཕགས་པ་སྤྱན་རས་གཟིགས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པས། ངོས་རང་ལ་མཚོན་ནའང་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པ་དང་། སྤྱན་རས་གཟིགས་སྤྱི་བོར་སྒོམ་བཞིན་ཡོད། ཅེས་བཀའ་སློབ་སྩལ་རྗེས་འཁྱུག་ཙམ་རིང་གསོལ་ཇའི་བར་གསེང་བ་དང་། དེ་རྗེས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་ཚོས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཞབས་བརྟན་གསོལ་འདེབས་གསུང་འདོན་གནང་བ་དང་། དེ་རྗེས་སླར་ཡང་བཀའ་སློབ་སྩལ་དོན།

གསུང་ཆོས་ལ་བཅར་བའི་གཞོན་ནུ་རྣམས་ལ་གསོལ་ཇ་དང་བཞེས་བག་འགྲེམ་བཞིན་པ།  བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༣༠

དེ་རིང་འདིར་བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་གང་འཚམ་ཞིག་འཛོམས་པ་རེད། སང་ཉིན་འཇམ་པའི་དབྱངས་ཀྱི་རྗེས་གནང་ཞིག་ཡིན། ཤེས་རབ་ཀྱི་ལྷ་རེད། གཞོན་སྐྱེས་ཚོའི་ཤེས་རབ་གོང་ནས་གོང་དུ་འཕེལ་བ་ལ་གཙོ་བོར་དམིགས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བྱ་རྒྱུ་བྱེད། དེ་རིང་འདིར་སེམས་བསྐྱེད་འདོན་རྒྱུ་དང་། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་དུ་སེམས་བསྐྱེད་ཀྱི་ཆོ་ག་ཡོད་ཀྱང་དེ་ཧ་ཅང་རྒྱས་པ་ཡིན་པས་མི་དགོས་པ་བྱེད། གང་ལྟར་སྤྱོད་འཇུག་ཆེན་མོ་ལས། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།། སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་།། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ།། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།། ཞེས་གསུངས་པ་ལྟར། བྱང་སེམས་གཞན་ཕན་གྱི་བློ་ཡོད་པ་དེ་ལ་མཐའ་གཅིག་ཏུ་ཕྱག་འཚལ་འོས་པ་རེད། རྒྱུ་མཚན་ནི་བྱང་ཆུབ་ཀྱི་སེམས་བཟང་པོ་ཡོད་མཁན་དེ་ལ་ཕར་གནོད་པ་བྱས་ནའང་གནོད་ལན་གནོད་པས་མི་འཇལ་བར་ཚུར་ཕན་འདོགས་ཀྱི་ཡོད་པས། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ།། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།། ཞེས་གསུངས་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་ནུ་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་བྱང་ཆུབ་སེམས་ཀྱི་སྐོར་ལ་བཀའ་སློབ་སྩོལ་བཞིན་པ།  བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༣༠

འཛམ་གླིང་འདིར་བདེ་སྐྱིད་ཡོང་བའི་རྩ་བ་ནི་སེམས་པ་བཟང་པོ་རེད། སེམས་པ་བཟང་པོ་ཡོད་ན་སོ་སོ་ཡང་སེམས་སྐྱིད་པ་དང་། ཐ་ན་གཉིད་ཀྱང་སྐྱིད་པ། གཞན་ཉལ་བའི་སྐབས་སུ་སེམས་འཁྲུག་ནས་བསྡད་ཚེ་དབུགས་རིང་རེ་བཏང་། ཕར་ཨ་ལོག་བརྒྱབ། ཚུར་ཨ་ལོག་བརྒྱབ་ནས་མ་སྐྱིད་པ་བྱེད་ཀྱི་རེད།  གཞན་ཕན་གྱི་བློ་ཡག་པོ་ཞིག་ཡོད་ཚེ་ལྷོད་ཤིག་ཤིག་སྡོད་རྒྱུ་ཡོང་གི་རེད། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཨ་ཅང་ཅང་། འཕྲལ་དུ་ཉིན་རེ་བཞིན་དུ་སེམས་ལྷོད་ལྷོད་ཆགས་པར་ཁྱད་པར་ཆེན་པོ་འདུག རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་གསུངས་པ་ལྟར། རང་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། གཞན་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། འཕྲལ་དུ་བདེ་བ་ལའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། ཚེ་རབས་ནས་ཚེ་རབས་བདེ་ཞིང་སྐྱིད་པ་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་དེའང་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ཡོང་གི་ཡོད། བྱང་ཆུབ་ཀྱི་སེམས་ནི་སེམས་པ་བཟང་པོ་མཐར་ཐུག་པ་ཞིག་རེད། སེམས་ཅན་མཐའ་དག་ལ་སྙིང་ཁོང་རུས་པའི་གཏིང་ནས་བརྩེ་བའི་བློ་ཡག་པོ་ཞིག་སླེབས་པ་ནི་ཧ་ཅང་རྩ་ཆེན་པོ་རེད།

སྐྱབས་འགྲོ་ངོ་སྤྲོད་དང་སེམས་བསྐྱེད་ཀྱི་གསུང་ཆོས་ལ་བཅར་བའི་གཞོན་སྐྱེས་ཤིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུ་བཞིན་པ།  བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༣༠

བྱང་ཆུབ་ཀྱི་སེམས་བཟང་པོ་ཡོད་པ་ཡིན་ན་སོ་སོའི་ངོས་ནས་མཐའ་གཅིག་ཏུ་ཕན་སེམས་བྱེད་རྒྱུ་ཞིག་ཡོད་པས་གང་ཟག་འགའ་ཤས་ཀྱིས་ཕྱིན་ཅི་ལོག་གི་གོ་བ་བླངས་ནས་དཔེར་ན། ལྷ་དང་མི་དང་། ལྷ་མ་ཡིན་གྱི་ནང་ནས་སེམས་མ་སྐྱིད་པར་བྱེད་མཁན་དེ་འདྲ་ཡོང་གི་ཡོད་ཀྱང་། དེ་ནི་སྙིང་རྗེ་བའི་ཡུལ་རེད་མ་གཏོགས་ང་ལ་མ་དགའ་བ་བྱེད་ཀྱི་འདུག་ཅེས་ཡལ་བར་དོར་བ་རྩ་བ་ཉིད་ནས་མི་འདུག སེམས་ཅན་ཀུན་ལ་མཐའ་གཅིག་ཏུ་བརྩེ་བའི་བློ་སྐྱེ་རྒྱུ་མ་གཏོགས། སེམས་ཅན་འདི་དང་འདིས་ང་ལ་མ་དགའ་བ་བྱེད་ཀྱི་འདུག ང་ལ་ཁ་གཏོང་གི་འདུག་ཟེར་བ་སོགས་ཁྱོན་ནས་མི་འདུག ད་དུང་ཁ་གཏོང་བ་དང་ངོ་རྒོལ་བྱེད་པ་སོགས་ནི་རྨོངས་པའི་དབང་གིས་བྱས་པ་ཡིན་པས་ལྷག་པར་དུ་སྙིང་རྗེ་ཆེན་པོ་སྐྱེས་པ་ཆགས་ཀྱི་འདུག དེར་བརྟེན། བྱང་ཆུབ་ཀྱི་སེམས་ཀྱི་ཕན་པའི་བསམ་པ་ཟེར་བ་ནི་ཧ་ཅང་རྩ་ཆེན་པོ་རེད། དཔེར་ན། ངོས་རང་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་མང་པོ་སྒོམ་གྱི་ཡོད། ཕལ་ཆེར་བྱང་ཆུབ་ཀྱི་སེམས་ཀྱི་མྱོང་བ་གང་ལ་གང་འཚམ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན། བོད་ནང་དུ་རྒྱ་མི་གུང་བྲན་གྱིས་བོད་པ་ལ་མནར་གཅོད་བཏང་བ་ལྟ་བུ་དང་། བོད་ཀྱི་སྐུ་གསུང་ཐུགས་རྟེན་བཤིག་པ་ལྟ་བུ་བྱུང་སྐབས་ལྷག་པར་དུ་བརྩེ་བའི་བློ་སྐྱེས་པ་མ་གཏོགས་དེ་ལ་ཁོང་ཁྲོ་ཟ་བ་དང་། སེམས་མ་སྐྱིད་པར་བྱེད་པ་ཁྱོན་ནས་མི་འདུག མཐའ་གཅིག་ཏུ་བརྩེ་བའི་བློ་སྐྱེས་པ་ཞིག་རེད། དེ་ནི་ཧ་ཅང་རྩ་ཆེན་པོ་རེད།

རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞོན་ནུ་རྣམས་ཀྱིས་སྐྱབས་འགྲོ་ངོ་སྤྲོད་དང་སེམས་བསྐྱེད་ཀྱི་གསུང་ཆོས་ལ་གསན་བཞིན་པ།  བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༣༠

ང་ཚོ་བོད་གངས་ཅན་གྱི་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་རེད། ང་ཚོ་བོད་མིར་རང་བཞིན་ལྷན་སྐྱེས་ལ་ཆུང་ཆུང་སྐབས་ནས་འབུ་མ་གསོད་ཟེར་བ་ལྟ་བུ་དང་། སེམས་པ་བཟང་པོ་བྱེད་པ་ཆུང་ཆུང་སྐབས་ནས་གོམས་གཤིས་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་བརྗོད་ཀྱི་ཡོད། ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་ཁྱོན་ནས་འབུ་མི་གསོད་པ་ལ་ཡིད་གཟབ་བྱེད་ཀྱི་ཡོད། དགོང་མོ་གཉིད་སྐྱིད་པོ་ཁུགས་པའི་སྐབས་སུ་དུག་སྦྲང་ཙུར་ཟེར་ནས་ཡོང་བའི་སྐབས་སུ་ལག་པ་གཡུག་གི་ཡོད། དེ་མ་གཏོགས་མཐའ་གཅིག་ཏུ་བརྩེ་བའི་བློ་བཤད་མ་ཐག་པར་ལྟར། རྒྱ་མི་རིགས་ང་ཚོ་བོད་པའི་ཐོག་ལ་སྡང་སེམས་བྱེད་མཁན་ལ་ལྷག་པར་དུ་བརྩེ་བའི་བློ་སྐྱེས་ཀྱི་འདུག དེར་བརྟེན། ཞེ་སྡང་ལངས་སའི་ཡུལ་དེ་དག་ལ་བརྩེ་བ་སྐྱེས་སྐབས་ཞེ་སྡང་ལངས་པའི་གཞི་ཁོ་རང་མེད་པ་ཆགས་འགྲོ་གི་འདུག སེམས་ལ་ཞེ་སྡང་མེད་པར་བརྩེ་བའི་བློ་ཡོད་ཚེ་དོན་དམ་པའི་ཞི་བདེའི་བློ་ཡོང་ཐུབ་པ་རེད། ང་ཚོ་ཚང་མས་བྱང་ཆུབ་ཀྱི་སེམས་ལ་དོ་སྣང་དང་། དང་དོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་། མཐར་སློབ་ཕྲུག་ཁག་ཅིག་གི་དྲི་བར་བཀའ་ལན་སྩལ་ཏེ་ཉིན་དང་པོའི་ཆོས་འབྲེལ་ལེགས་པར་གྲུབ་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།