༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

སོག་ཡུལ་དགའ་ལྡན་དགོན་པའི་སྐུ་ཚབ་དང་བླ་སྤྲུལ་སོགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། ༢༠༢༢ ཟླ་བ་ ༡༡ ཚེས་ ༢༩

འགྲེམ་སྤེལ།

༄༅།  །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་མཇལ་འཕྲད་ཁང་དུ་སོག་ཡུལ་དགའ་ལྡན་དགོན་པའི་སྐུ་ཚབ་དང་བླ་སྤྲུལ་སོགས་སོག་རིགས་དད་ལྡན་པར་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཁང་དུ་སོག་བླ་སྤྲུལ་མཁན་པོ་དང་། དད་ལྡན་མི་མང་ཁག་ཅིག་གིས་ཕེབས་བསུ་དང་བཅས་ཆིབས་བསྒྱུར་གྱིས་༸ཞབས་སྟེགས་སུ་འཁོད་མཚམས་བཀའ་སློབ་སྩལ་དོན། དེ་རིང་འདིར་དངོས་སུ་འཛོམས་སྡོད་མཁན་ཚོགས་ཁག་གཅིག་དང་། ལུས་པོ་འདིར་སླེབས་མེད་ཀྱང་བརྙན་གྱི་ཐོག་ནས་མཐོང་མཁན་དང་། ངོས་དང་ཡུན་རིང་པོ་ནས་ངོ་ཤེས་ཡིན་པ་ཕལ་ཆེར་ཐུགས་ཡིད་གཅིག་ཏུ་འདྲེས་པ་ཟེར་ཆོག་པའི་སོག་པོའི་མཁན་པོ་བླ་མ་ཧ་ཅང་ཡག་པོ་ཡོད། ང་རང་ཚོ་གྲོགས་པོ་ཆགས་པ་ནི་ཆོས་ཕྱོགས་ཀྱི་ཐོག་ནས་ཆགས་ཀྱི་ཡོད་པས་ཚེ་འདི་ལ་ཆོས་ཕྱོགས་ཀྱི་ཐོག་ནས་གྲོགས་པོ་ཆགས་པ་དེ་ཚེ་རབས་ནས་ཚེ་རབས་སུ་གྲོགས་པོ་ཆགས་ནས་སྡོད་ཀྱི་རེད། དཔེར་ན། ༸རྒྱལ་དབང་བསོད་ནམས་རྒྱ་མཚོའི་སྐབས་ནས་འབྲེལ་བ་ཆགས་པ་དེ་ཚོ་སྐུ་ཕྲེང་རིམ་བྱོན་ལ་འབྲེལ་བ་ཡོད་པ་ཞིག་འདུག སོག་པོའི་མཁན་པོའི་བླ་མར་ཆ་གཞག་ན་ང་ཚོ་ཡུན་རིང་པོར་ངོ་ཤེས་པ་རེད། ཆོས་ཕྱོགས་ཀྱི་ཐོག་ནས་དད་པ་དང་དམ་ཚིག་གཡོ་བ་མེད་པའི་འབྲེལ་བ་འདི་ཡིས་ཚེ་རབས་ནས་ཚེ་རབས་དང་། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་སྡོད་ཀྱི་རེད། ངོས་རང་གི་ངོས་ནས། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་པའི་སྨོན་ལམ་འདི་རྒྱུན་ཏུ་རྒྱག་གི་ཡོད། ནམ་མཁའ་མ་ཟད་ཀྱི་བར་དུ་ནམ་མཁའི་མཐའི་གཏུགས་པའི་སེམས་ཅན་ཚང་མ་ལ་དངོས་དང་བརྒྱུད་པའི་ཐོག་ནས་ཕན་བདེ་སྒྲུབ་བསམ་པ་ཞིག་སྨོན་ལམ་རྒྱག་གི་ཡོད་ལ་སེམས་ཤུགས་བསྐྱེད་ཀྱི་ཡོད། སོག་པོའི་མཁན་པོ་རང་ལ་ཆ་གཞག་ནའང་ང་ཚོའི་ངོ་ཤེས་པ་རེད། ཚེ་རབས་ནས་ཚེ་རབས་སུ་ང་ཚོའི་འབྲེལ་བ་ཡོང་གི་རེད། དེ་རིང་འདིར་སོག་པོའི་ཚོགས་ཁག་གཅིག་འཛོམས་པ་རེད། ངོས་རང་ཧ་ཅང་དགའ་བོ་བྱུང་། ཁྱེད་རང་ཚོ་ཚང་མར་འཚམ་འདྲི་ཡོད། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་འཚམ་འདྲི་དང་རྗེས་འཛིན་གྱི་བཀའ་སློབ་སྩལ། 

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་སོག་དབར་དང་། མགོན་པོ་གང་ཉིད་མཆོག་སོག་རིགས་དང་འབྲེལ་བ་བྱུང་བའི་སྐོར་ལ་བཀའ་སློབ་སྩལ་དོན། ང་ཚོ་རྒྱ་ཧོར་བོད་གསུམ་ཞེས་ཧོར་ནི་སོག་པོར་བརྩི་གི་རེད། ང་ཚོར་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་རེད། ལྷག་པར་དུ་༸རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ད་སྔོན་སྐད་ཆ་བྱུང་། སྐུ་མདུན་སྐུ་གོང་མ་སོག་ཡུལ་དུ་དགའ་རབ་བཞུགས་ཏེ་སོག་སྐད་ཧ་ཅང་བདེ་བོ་རེད། སྐུ་མདུན་སྐུ་གོང་མས་ངོས་ཀྱི་མཚན་ཞབས་རྒན་དངོས་གྲུབ་ཚོགས་གཉིས་ལ་དགེ་ཚུལ་སྒྲུབ་པའི་སྐབས་སུ་བྱིན་རླབས་ཞེས་ཆོས་གོས་རྣལ་འབྱོར་བྱིན་རླབས། ཤམ་ཐབས་བྱིན་རླབས་བྱེད་པའི་སྐབས་སུ་དངོས་གྲུབ་ཚོགས་གཉིས་ཀྱིས་སྐད་མ་གོ་པས་སྐུ་མདུན་སྐུ་གོང་མས་སོག་སྐད་སྐྱོན་སོང་། སྐུ་མདུན་སྐུ་གོང་མས་སོག་སྐད་ཧ་ཅང་བདེ་བོ་སྐྱོན་གྱི་འདུག་ཅེས་དངོས་གྲུབ་ཚོགས་གཉིས་ཀྱིས་གསུངས་བྱུང་། ངོས་ཀྱིས་ཁོང་གི་མདུན་ནས་དཔེ་ཆ་མང་པོ་ཁྲིད་ཡོད་པ་རེད།  སྤྱིར་༸རྒྱལ་དབང་གོང་མ་ཚོ་སོག་པོ་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་རེད། སོག་ཡུལ་དུ་སངས་རྒྱས་པའི་བསྟན་པ་སྤྱི་དང་། ལྷག་པར་དུ་རི་བོ་དགེ་ལྡན་པའི་བསྟན་པ་འདི་བཞིན་༸རྒྱལ་དབང་གོང་མ་ཚོའི་འཕྲིན་ལས་རྒྱ་ཆེན་པོར་འཕེལ་བ་དེ་ལྟར་རེད། བྱེ་བྲག་ཏུ་སྐུ་མདུན་སྐུ་གོང་མར་ཆ་མཚོན་ན་སོག་ཡུལ་དུ་སོག་སྐད་མཁྱེན་པ་སོགས་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་རེད།

ངོས་རང་ཟི་ལིང་དུ་སྐྱེས་ནས་ཆུང་ཆུང་སྐབས་སུ་སོག་པོ་དང་དམིགས་བསལ་གྱིས་འབྲེལ་བ་མེད་ཀྱང་། སོག་པོའི་གྲྭ་རྒྱུན་ལྷ་ས་ལ་ཡོད་པ་ཚང་མས་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། རྒན་དངོས་གྲུབ་ཚོགས་གཉིས་སེ་ར་བྱེས་ཀྱི་མཚན་ཞབས་རེད། ཁོང་ཧ་ཅང་དཔེ་ཆ་ཡག་པོ་རེད། ཁོང་གི་ས་ནས་ངོས་ཀྱིས་དཔེ་ཆ་ཁྲིད་རྒྱུ་གཙོ་བོ་བྱས་ཡོད། ངོས་ཀྱིས་དམ་བཅའ་བཞག་པའི་སྐབས་ཀྱིས་མཚོན་པའི་གལ་ཆེ་བའི་རིགས་ལ་རྟགས་གསལ་གཏོང་སྟངས་སོགས་ལ་རྒན་དངོས་གྲུབ་ཚོགས་གཉིས་ཀྱིས་ཁ་བསླབ་བརྒྱབ་ནས་གཙོ་བོར་ཁྲིད་པ་རེད། ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ཁྲི་བྱང་རིན་པོ་ཆེ་མཚན་ཞབས་ལ་བལྟ་མཁན་རེད། རྟགས་གསལ་ཁྲིད་རྒྱུ་དེ་ཙམ་མེད། ལམ་རིམ་དང་བློ་སྦྱོང་གི་ཐོག་ནས་བསམ་གྱིས་མི་ཁྱབ་པ་རེད། ངོས་རང་ཆུང་ཆུང་སྐབས་སུ་དཔེ་ཆ་བསླབ་རྒྱུ་སོགས་གླིང་རིན་པོ་ཆེས་གནང་བ་རེད། ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། རྟགས་གསལ་གཏོང་བ་སོགས་ནི་མཚན་ཞབས་གྲས་ནས་རྒན་དངོས་གྲུབ་ཚོགས་གཉིས་ཀྱིས་གཙོ་བོ་གནང་བ་རེད། ཅེས་སོགས་མགོན་པོ་གང་ཉིད་མཆོག་གིས་ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་བཞག་པའི་སྐབས་སུ་རྒན་དངོས་གྲུབ་ཚོགས་གཉིས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་དང་། དམ་བཅའ་ཇི་ལྟར་བཞག་པའི་སྐོར་བཀའ་སློབ་སྩལ་བ་དང་།

གཞན་ཡང་། ངོས་རང་སོག་ཡུལ་དུ་སླེབས་པའི་སྐབས་སུ་སོག་པོའི་མཁན་པོ་དང་ཁོང་ཚོར་ཐུག་པ་རེད། སྐབས་དེར་ངོས་རང་སོག་ཡུལ་དུ་བཞུགས་ཁྲིའི་སྟེང་དུ་བསྡད་པ་དང་། སོག་པོའི་གྲྭ་བ་ཚོས་རྟགས་གསལ་གཏོང་གི་འདུག ངོས་རང་སེམས་ཧ་ཅང་སྐྱོ་བོ་བྱུང་། ངོས་ལ་མིག་ཆུ་ཤོར་སོང་ལ་རྟགས་གསལ་གཏོང་མཁན་ཚོས་ཀྱང་མིག་ཆུ་གཏོང་གི་འདུག ངོས་རང་བཙན་བྱོལ་བ་ཆགས་པ་དང་། འཛམ་གླིང་འདིར་མི་སྣ་མང་པོར་ཐུག་རྒྱུ་ལས་སླ་བོ་དང་། སྟབས་བདེ་བོ་ཆགས་པ་རེད། ལྷག་པར་དུ་སོག་པོའི་གྲྭ་རྒྱུན་རྣམས་འབྲས་སྤུངས་གཙོས་གདན་ས་ཚོ་ལ་མང་པོ་ཡོད་པ་རེད། ཚང་མས་ཧུར་ཐག་གིས་དཔེ་ཆར་བལྟ་གི་འདུག ཧ་ཅང་ཡག་པོ་རེད། ང་ཚོ་བོད་དང་སོག་གཉིས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད་ལ། ངོས་རང་སྒེར་གྱིས་ངོས་ནས་ཆ་བཞག་ནའང་མཚན་ཞབས་རྣམ་པ་སྤྱི་དང་། ལྷག་པར་དུ་སེ་ར་བྱེས་ཀྱིས་མཚན་ཞབས་དངོས་གྲུབ་ཚོགས་གཉིས་བཀའ་དྲིན་ཆེན་པོ་ཡིན། ཁོང་སོག་པོ་རེད། ལྷོ་སོག་ཨ་བྷག་ཟེར་ས་དེ་ནས་རེད།

དེ་རིང་འདིར་ཁྱོད་ཚོའི་སོག་པོའི་མི་སྣ་ཁ་ཤས་ཤིག་ལ་ཐུག་པ་ཧ་ཅང་དགའ་བོ་བྱུང་། དེ་སང་གི་དུས་ཚོད་འདིར་འཛམ་བུ་གླིང་དུ་བོད་ཀྱི་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་འདུག ནུབ་ཕྱོགས་པའི་རྒྱལ་ཁབ་ནང་དུ་ཚད་མ་རིག་པའི་སྐོར་དང་། གཙོ་བོ་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་ཡོད་མཁན་ཚོས་བོད་ཀྱི་སངས་རྒྱས་པའི་ཆོས་རྒྱུ་མཚན་ལྡན་པའི་སྒོ་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་འདི་ལ་དོ་སྣང་ཤུགས་ཆེན་པོ་བྱེད་བཞིན་འདུག དེར་བརྟེན། ངོས་རང་ཕྱི་རྒྱལ་ལ་ཕྱིན་པའི་སྐབས་སུ་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་བ་གཙོ་བོར་གྱུར་བའི་མཁས་དབང་མང་པོར་ཐུག་གི་ཡོད་པ་རེད། རྡ་རམ་ས་ལར་ཆ་བཞག་ནའང་མཁས་དབང་མང་པོ་དུས་ནས་དུས་སུ་ཡོང་གི་འདུག ཧ་ཅང་དགའ་བོ་བྱེད་བཞིན་འདུག ཅེས་དང་།

མུ་མཐུད་ནས་ནང་པ་སངས་རྒྱས་པའི་གཞུང་ལ་སློབ་སྦྱོང་བྱེད་དགོས་པའི་སྐོར་བཀའ་སློབ་སྩལ་དོན། ང་ཚོ་བཙན་བྱོལ་བ་ཆགས་ནས་ཕྱོགས་གཅིག་ནས་བསམ་བློ་བཏང་ན་སོ་སོའི་ལུང་པར་བྲལ་བ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་མི་གཅིག་མཚུངས་ཡིན་པས་ངའི་ལུང་པ་དང་། ངའི་ཆོས་ལུགས། ངའི་དགོན་པ་ཟེར་བ་སྐད་ཆ་མང་པོ་བཤད་རྒྱུ་མེད། གང་ལྟར་འཛམ་གླིང་འདིའི་སྟེང་གི་འགྲོ་བ་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་པ་རེད་དེ། གང་ལྟར་མིའི་འགྲོ་བ་རྣམས་ལ་ཕན་ཐོགས་ཁ་ཡོད་ལག་ཡོད་བྱེད་ཐུབ་པ་ཞིག་འདུག  ངོས་རང་ཆུང་ཆུང་སྐབས་ནས་ཡོངས་འཛིན་རྣམ་པ་ཚོའི་ཐུགས་རྗེའི་བཀའ་དྲིན་དང་། ལྷག་པར་དུ་སོག་པོའི་རྒན་དངོས་གྲུབ་ཚོགས་གཉིས་ཀྱིས་སློབ་སྦྱོང་སྤྲད་པ་དེ་དེང་སང་མི་འདྲ་མིན་ལ་ཐུག་ནས་སྐད་ཆ་བཤད་པ་དང་། འགྲེལ་བཤད་རྒྱག་པ་ལ་ཞུམ་ཞུམ་བྱེད་མི་དགོས་པ་ཞིག་རེད། དེར་བརྟེན། ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། དེ་ཁྱོད་ཚོར་བཤད་འདོད་བྱུང་།

སྐབས་སུ་བབ་པ་སོག་པོའི་མི་སྣ་ཁྱོད་ཚོར་ཐུག་པ་རེད། སངས་རྒྱས་པའི་ཆོས་ནི་དད་པ་གཅིག་པུ་མིན་པར་རྒྱུ་མཚན་ལ་བསམ་བློ་བཏང་ནས་གོ་བ་དང་རིགས་པ་གོ་རིགས་ཟུང་འབྲེལ་བྱས་ཏེ་དཔྱད་པ་བྱེད་པ་དང་། མི་ལ་ཡང་་་བཅོམ་ལྡན་འདས་ཀྱི་གསུང་གཞི་ལ་བཞག་ནས་དེའི་ཐོག་ལ་ཚན་རིག་པའི་བསམ་ཚུལ་སྣོན་པ་བརྒྱབ་ནས་བཤད་རྒྱུ་ཡོད་པ་ཞིག་གི་རྒྱུ་ཆ་ང་ཚོར་ཡོད་པ་རེད། རྒྱུ་ཆ་དེ་དག་བེད་སྤྱོད་གཏོང་མཁན་དཔེ་ཆ་བ་ཚོ་རེད། དཔེ་ཆར་བལྟ་མ་མྱོང་བ་ཚོ་ཏོག་ཙམ་ཁག་པོ་རེད། དེ་སྔ་ཡིན་ན་དགེ་འདུན་པ་ཚོས་དཔེ་ཆར་བལྟ་རྒྱུ་མ་གཏོགས་སྐྱ་བོ་ཕོ་མོ་ཚོར་དོ་སྣང་དེ་ཙམ་ཡོད་པ་མ་རེད། ང་ཚོ་རྒྱ་གར་ལ་སླེབས་ནས་སྐྱ་བོ་ཕོ་མོ་ཚོས་ཀྱང་དཔེ་ཆར་བལྟ་དགོས་པ་རེད། སློབ་གྲྭའི་དགེ་རྒན་ནང་དེ་སྔ་ཆོས་དགེ་ཟེར་བ་ལ་ངོས་ཀྱིས་ཆོས་དགེ་ཟེར་རྒྱུ་མི་འདུག ལྟ་གྲུབ་དགེ་རྒན་ཟེར་དགོས་ཀྱི་འདུག་ཅེས་ཆོས་སློབ་པའི་སྐད་ཆ་མིན་པར་ཚད་མ་རིག་པའི་ཐོག་ནས་དཔྱད་པ་བྱེད་པ་དང་། ལྟ་གྲུབ། ལྷག་པར་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལྟ་བའི་སྐོར་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་འདུག དེར་བརྟེན། སློབ་གྲྭའི་ནང་ཆོས་དགེ་ཡི་མིང་མ་བཏགས་པར་ལྟ་གྲུབ་དགེ་རྒན་གྱི་མིང་བཏགས་པ་ཡིན། ལྟ་གྲུབ་སློབ་པ་ལ་ངེས་པར་དུ་ནང་པ་ཡིན་དགོས་པ་མ་རེད། ཆོས་པ་ཡིན་དགོས་པ་ཡོད་པ་མ་རེད། རིགས་པའི་རྣམ་གཞག་མང་པོའི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད་པ་དེ་ཡིས་བསམ་བློ་གཏོང་བའི་བློ་གྲོས་ཀྱི་ནུས་པ་ཕྲན་བུ་ཡོད་པ་དེ་མུ་མཐུད་ནས་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་བལྟ་ཐུབ་རྒྱུ་གལ་ཆེན་པོ་འདུག ཅེས་སོགས་ནང་པོ་སངས་རྒྱས་པའི་གཞུང་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་བཀའ་སློབ་སྩལ་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།