༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

དབུ་མ་རྩ་བ་ཤེས་རབ་ཀྱི་གསུང་ཆོས་དབུ་འཛུགས། ༢༠༢༢ ཟླ་བ་ ༡༡ ཚེས་ ༢༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་ནང་པའི་རྗེས་འཇུག་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གཉིས་རིང་གི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད།

ཀོ་རི་ཡའི་མཁན་པོ་ Jinwook KIM ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་གདན་འདྲེན་གྱི་ཐོག་མར་ཕྱག་མཆོད་ཕུལ་བཞིན་པ། ༢༠༢༢།༡༡།༢༥ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

དེ་ཡང་ཞོགས་པ་ཆུ་ཚོད་བརྒྱད་པ་མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཀོ་རི་ཡའི་མཁན་པོ་ Jinwook KIM སོགས་ཀྱིས་ཕེབས་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཀོ་རི་ཡའི་ཆོས་ཞུ་བ་སེར་སྐྱ་མི་མང་གིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོར་ཆོས་འབྲེལ་བྱེད་རྒྱུ་དང་། ཀོ་རི་ཡ་ནི་ཕ་མེས་ནས་ནང་ཆོས་བྱས་ཏེ་དོ་སྣང་ཆེན་པོ་ཡོད་པ་ཞིག་རེད། བར་སྐབས་ངོས་རང་ལྷོ་ཀོ་རི་ཡ་ལ་འབྲེལ་བ་དགའ་རབ་ཆགས་ཀྱི་ཡོད། ལྷོ་ཀོ་རི་ཡ་ལ་ངོས་རང་འཁྱུག་ཙམ་སླེབས་ཀྱང་སླེབས་པ་རེད། གང་ལྟར་མི་མང་ཚོ་སངས་རྒྱས་པའི་ཆོས་ལ་དད་པ་རྩེ་གཅིག་ཏུ་ཡོད་པ་ཞིག་རེད། དེ་རིང་འདིར་ཀོ་རི་ཡའི་ཆོས་གྲོགས་ཚོར་ངོས་ཀྱིས་ཆོས་འབྲེལ་བྱེད་པའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང་། ཁྱོད་རང་ཚོ་སངས་རྒྱས་པའི་ཆོས་ལ་དམིགས་བསལ་གྱིས་དོ་སྣང་སླེབས་པ་ཧ་ཅང་ཡག་པོ་རེད། རྩ་བ་ཆོས་དད་རང་མོས་དང་། སྤྱི་ཡོངས་ནས་ཆོས་ལ་དད་དང་མི་དད། ཆོས་གང་འདྲ་ཞིག་ལ་དད་མོས་བྱེད་མིན་སོ་སོའི་རང་དབང་རེད། ཆོས་ལུགས་འདྲ་མིན་ཡོད་པའི་ནང་ནས་སོ་སོའི་མོས་པ་གང་ལ་ཡོད་པའི་ཆོས་དེ་བྱེད་རྒྱུ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་པ་ཚོས་འཇིག་རྟེན་བཀོད་པ་པོ་འདོད་པའི་ལྟ་གྲུབ་ཐོག་ནས་རྩེ་གཅིག་ཏུ་དད་པ་བྱེད་དུས་ཡག་པོ་རེད། གང་ལྟར་ཆོས་ལུགས་ཚང་མར་ལྟ་གྲུབ་སྣ་ཚོགས་ཡོད་ཀྱང་། ཚང་མས་སེམས་པ་བཟང་པོ་བྱེད་དགོས་པ་དང་། མི་ལ་ཕན་སེམས་བྱེད་དགོས་པ་ལས་གནག་སེམས་གནོད་སེམས་བྱས་ཏེ་བསམ་ངན་བཅངས་མི་རུང་བ་གསུང་གི་ཡོད། ཧ་ཅང་ཡག་པོ་རེད། ཅེས་དང་།

 ཀོ་རི་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་གདན་འདྲེན་ཆེད་ཕེབས་སྒུག་གནང་བཞིན་པ། ༢༠༢༢།༡༡།༢༥ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

ཆོས་ལུགས་འཐེན་འཁྱེར་མི་བྱེད་པར་མཐུན་འབྲེལ་བྱེད་དགོས་པའི་སྐོར་ལ་ལམ་སྟོན་བཀའ་སློབ་སྩལ་དོན། ངོས་རང་ནང་པའི་དགེ་སློང་ཞིག་རེད། ཆོས་ལུགས་ཚང་མར་བརྩི་བཀུར་བྱེད་ཀྱི་ཡོད། ཆོས་ལུགས་འདྲ་མིན་དང་ཆོས་པ་འདྲ་མིན་ངོས་ཀྱིས་ངོ་ཤེས་ཀྱི་ཡོད། དངོས་གནས་སེམས་པ་བཟང་པོ་དང་། སོ་སོ་སྒེར་གྱིས་ཆོག་ཤེས་དང་། སྤྱི་ལ་ཕན་ཐོགས་བྱེད་པའི་བསམ་བློ་ཡོད་པ་ཧ་ཅང་ཡག་པོ་རེད། ཚང་མར་གུས་ཞབས་བྱེད་ཀྱི་ཡོད། དེང་སང་ཆབ་སྲིད་ཀྱི་ཐོག་ནས་འཐེན་འཁྱེར་ཡོད་པ་ཙམ་དུ་མ་ཟད། ཆོས་ལུགས་ཀྱི་ཐོག་ནས་འཐེན་འཁྱེར་བྱེད་པ་ཡོང་གི་ཡོད། དཔེར་ན། ཨ་ཧྥུ་རྒ་ནི་སི་ཐན་གྱི་ནང་དུ་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་པ་ལྟ་བུ་རེད། དེ་ནི་ཧ་ཅང་བློ་ཕམ་པོ་ཞིག་རེད། ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་མི་ལ་ཕན་སེམས་བྱེད་པ་དང་། སྤྱི་ལ་ཞབས་འདེགས་སྒྲུབ་རྒྱུ་ནི་ཆོས་ལུགས་ཚང་མས་གསུང་གི་འདུག དེར་བརྟེན། ཆོས་ལུགས་ཚང་མ་མཐུན་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ངོས་རང་ལ་མཚོན་ན་ནང་པ་ཡིན་ཀྱང་། ཡེ་ཤུ་ཆོས་ཁང་། ཁ་ཆེའི་ཆོས་ཁང་། ཧིན་དྷུའི་ཆོས་ཁང་སོགས་ལ་འགྲོ་བཞིན་ཡོད་ལ། དེའི་མཚོན་པའི་ཆོས་ལུགས་ཚང་མར་གུས་ཞབས་བྱེད་བཞིན་ཡོད། ཅེས་དང།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐབས་དད་ལྡན་ཆོས་ཞུ་བར་ཕྱག་བརྡ་གནང་བཞིན་པ།  ༢༠༢༢།༡༡།༢༥ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

དེ་ནས་སྟོང་པ་ཉིད་ཀྱི་ལྟ་བ་དང་། བྱམས་སྙིང་རྗེའི་སྐོར་ལ་བཀའ་སློབ་སྩལ་དོན། དེ་རིང་འདིར་ཀོ་རི་ཡའི་ཆོས་གྲོགས་ཚོ་གཙོ་བོར་གྱུར་པའི་མི་མང་ལ་ནང་ཆོས་ངོ་སྤྲོད་ཀྱི་གོ་སྐབས་བྱུང་བ་ངོས་རང་ཧ་ཅང་དགའ་བོ་བྱུང་། ཀོ་རི་ཡའི་མཁན་པོས་མཚོན་པའི་དམིགས་བསལ་གྱིས་ཐུགས་སྣང་གནང་བ་དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀོ་རི་ཡའི་ཆོས་གྲོགས་མཁན་པོ་ཁོང་ལོ་མང་པོའི་རིང་ངོ་ཤེས་རེད། དེ་རིང་ཡང་བསྐྱར་འདིར་ཐུག་ནས་ཆོས་འབྲེལ་བྱེད་པའི་གོ་སྐབས་བྱུང་བ་ལ་ཧ་ཅང་གི་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

རྒྱུད་ལས།
སྲིད་པ་ངོ་བོ་ཉིད་ཀྱིས་དག།
ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།།
རང་བཞིན་དག་པའི་སེམས་ལྡན་པའི།།
སྲིད་པ་དམ་པ་བྱེད་པར་འགྱུར།།

ཞེས་པའི་ཚིག་འདི་ཧ་ཅང་གནད་འགག་ཆེན་པོ་རེད། དེ་རིང་འདི་ཞུ་འདོད་བྱུང་།  སྲིད་པ་ངོ་བོ་ཉིད་ཀྱིས་དག། ཅེས་པས་སྲིད་པ་ངོ་བོ་ཉིད་ཀྱིས་གྲུབ་མེད་པ་དང་། སྲིད་པ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཞིག་ཡིན་ཡང་། ང་ཚོའི་བློར་ཆོས་གང་དང་གང་སྣང་ཡང་ངོ་བོ་ཉིད་ཀྱིས་གྲུབ་པར་སྣང་ཞིང་། སྣང་བ་ལྟར་དུ་ངོ་བོ་ཉིད་ཀྱིས་གྲུབ་པར་ཞེན་པའི་བློ་དེས་ཆགས་སྡང་བསྐྱེད་ཅིང་། བློ་དེས་ཕོང་གི་ཡོད། དེར་བརྟེན། ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་པ་ལ་བསམ་བློ་འཁོར་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་ཆོས་ཞུ་བ་སེར་སྐྱ་མི་མང་ལ་འཚམ་འདྲི་གནང་བཞིན་པ། ༢༠༢༢།༡༡།༢༥ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། ཞེས་རང་བཞིན་གྱིས་གྲུབ་པའི་སྟོང་པ་ཤེས་ཏེ་བསམ་བློ་བཏང་བ་ཡིན་ན། ཨ་འཐས་ཀྱི་འཛིན་པ་ཤུགས་ཆུང་དུ་འགྲོ་བ་དང་། དེའི་རྐྱེན་གྱིས་ཆགས་སྡང་གི་བློ་ཤུགས་ཆུང་དུ་འགྲོ་གི་ཡོད། ངོས་ཀྱིས་ངོ་ཤེས་པའི་ཚད་རྡུལ་དངོས་ཁམས་རིག་པ་བ་ཁ་ཤས་ཀྱིས་ཕྱི་ནང་གི་ཆོས་གང་དང་གང་ཡིན་ཡང་། ང་ཚོར་དོན་གྱི་ངོས་ནས་ཡོད་པར་སྣང་བ་དེ་སྣང་བ་ལྟར་དུ་གྲུབ་ཡོད་པ་མ་རེད། ཚང་མ་བློ་ཡིས་བཅོས་པ་ཙམ་རེད། ཅེས་བརྗོད་ཀྱི་འདུག ང་ཚོའི་དབུ་མའི་གཞུང་དུ། ཆོས་གང་དང་གང་ཡིན་ཡང་དོན་གྱི་ངོས་ནས་ཡོད་པར་སྣང་གི་ཡོད་ཀྱང་། སྣང་བ་ལྟར་དུ་གྲུབ་པ་མེད། ཅེས་གསུངས་ཡོད། དེའི་གནད་འགག་ནི་དོན་གྱི་ངོ་ནས་ཡོད་པ་ཞིག་སྣང་སྐབས་དེ་ལ་དམིགས་ནས་ཡིད་དུ་འོང་བ་ཞིག་སྣང་ན་ཆགས་པ་སྐྱེས། ཡིད་དུ་མི་འོང་བ་ཞིག་སྣང་ན་སྡང་སེམས་སྐྱེས་པའི་ཆགས་སྡང་གི་བློ་ཡོང་གི་ཡོད་པས་ཆགས་སྡང་གི་བློའི་གཞི་མ་ནི་ཨ་འཐས་ཀྱི་འཛིན་པས་བྱེད་ཀྱི་ཡོད།

མདོར་ན། སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། ཞེས་པའི་དོན་ནི། ཆོས་རྣམས་རང་བཞིན་གྱིས་གྲུབ་པའི་སྟོང་པའི་ངོ་བོ་ཡག་པོ་ཤེས་པ་ཡིན་ན། ཆོས་རྣམས་སྣང་བ་ལྟར་དུ་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཛིན་པ་དེ་ལ་གནོད་པའི་སྒོ་ནས་བདེན་འཛིན་ལ་གནོད་ཀྱི་ཡོད། དེ་ལྟ་བུའི་ཆོས་རྣམས་སྣང་བ་ལྟར་དུ་གྲུབ་མེད་པ་ལ་བཏགས་དོན་བཙལ་བ་ཡིན་ན་མིང་བརྡས་གཞག་ཙམ་མ་གཏོགས་དོན་གྱི་ངོས་ནས་གྲུབ་པ་རྡུལ་ཙམ་མེད་པ་བློ་ལ་ཤར་ཡོང་སྐབས་ཆགས་སྡང་གི་བློ་མི་སྐྱེ་པ་ཆགས་ཀྱི་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་ཆོས་ཞུ་བ་སེར་སྐྱ་མི་མང་གཙོས་དད་ལྡན་སྟོང་ཕྲག་ལྔ་བརྒལ་བར་དབུ་མ་རྩ་བ་ཤེས་རབ་ཀྱི་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩོལ་བཞིན་པ། ༢༠༢༢།༡༡།༢༥ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

རང་བཞིན་དག་པའི་སེམས་ལྡན་པའི།། སྲིད་པ་དམ་པ་་་་། ཞེས་ཆོས་རྣམས་རང་བཞིན་གྱིས་གྲུབ་པའི་སྟོང་པར་ངེས་པའི་བློ་དེས་བདེན་འཛིན་ལ་ཐད་ཀར་གནོད་པའི་སྒོ་ནས་ཆགས་སྡང་གི་བློ་ཤུགས་ཆུང་དུ་འགྲོ་བ་དང་། དེ་དང་ཆབས་ཅིག་རང་གཞན་སུ་ཡིན་ཡང་ཨ་འཐས་ཀྱི་འཛིན་པས་ཕོང་ཡོང་བ་ཡིན་པས་ནམ་མཁའི་མཐའི་གཏུགས་པའི་སེམས་ཅན་ཐམས་ཅད་འཁྲུལ་བའི་གཞན་དབང་དུ་མ་འགྲོ་བ་ཞིག་བྱུང་ནས་བསམ་པའི་བརྩེ་བའི་བློ་དང་། དེ་ལྟ་བུའི་ཟབ་པ་སྟོང་ཉིད་ལ་བསམ་བློ་འཁོར་ཞིང་། དེས་དྲངས་ནས་གཞན་རྨོངས་པའི་གཞན་དབང་དུ་གྱུར་པ་སེམས་ཅན་རྣམས་ལ་སྙིང་ནས་མི་བཟོད་པའི་བརྩེ་བའི་བློ། སྟོང་ཉིད་ཀྱི་ལྟ་བས་བདེན་འཛིན་ལ་ཨ་འཐས་ཀྱི་འཛིན་པ་ཤུགས་ཆུང་དུ་གཏོང་བ་དང་ཆབས་ཅིག་བདེན་འཛིན་གྱི་གཞན་དབང་དུ་སོང་བའི་སེམས་ཅན་རང་དང་རང་འདྲ་བ་རྣམས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཡིན་པས་དེ་ལ་མི་བཟོད་པའི་སྙིང་རྗེའི་བློ་བཅས་སླེབ། དེའི་ཐབས་ཤེས་ཀྱི་ཉམས་ལེན་ཚང་མ་འདིའི་སྒང་ནས་ཡོང་གི་འདུག  དེ་ལྟ་བུའི་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་བྱེད་སྐབས་ཐེག་ཆེན་དང་ཐེག་དམན་གང་ལ་ཆ་བཞག་ནའང་། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། བཅས་རིམ་བཞིན་མངོན་དུ་བྱེད་ཐུབ།

ཀོ་རི་ཡའི་ཆོས་ཞུ་བ་སེར་སྐྱ་མི་མང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸ཞབས་སོར་འཁོད་སྐབས་གུས་ཕྱག་འབུལ་བཞིན་པ། ༢༠༢༢།༡༡།༢༥ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

དེར་བརྟེན། རང་བཞིན་དག་པའི་སེམས་ལྡན་པའི།། སྲིད་པ་དམ་པ་བྱེད་པར་འགྱུར།། ཞེས་ཆོས་གཟུགས་ཀྱི་སྐུ་ཟུང་དུ་སྦྲེལ་བའི་རྒྱལ་བའི་གོ་འཕང་ཐོབ་ཐུབ་པ་རེད། ཅེས་གསུངས་པ་རེད། སྲིད་པ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་དེ་རྩ་ཆེན་པོ་དང་་བཀའ་དྲིན་ཆེན་པོ་རེད་འདུག གལ་སྲིད། སྲིད་པ་ངོ་བོ་ཉིད་ཀྱིས་གྲུབ་ཡོད་ན་ང་ཚོའི་ཨ་འཐས་ཀྱི་འཛིན་པ་མེད་པ་བཟོ་ཐབས་མི་འདུག སྲིད་པ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ལ་བསམ་བློ་ཡག་པོ་བཏང་བ་ཡིན་ན་ཆགས་སྡང་གི་ཨ་འཐས་ཀྱི་འཛིན་པ་ཤུགས་ཆུང་དུ་འགྲོ་བ་དང་། ཆོས་རྣམས་རང་བཞིན་གྱིས་གྲུབ་པའི་སྟོང་པ་ཟེར་བ་ནི་དངོས་པོའི་གཤིས་ལུགས་བཤད་པ་ཙམ་དུ་མ་ཟད། ང་ཚོའི་སེམས་མ་རུངས་པ་དེ་ལས་རུང་དུ་བྱེད་པའི་གནད་འགག་དེར་ཐུག་འདུག ཅེས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་པའི་རིམ་པའི་སྐོར་ལ་བཀའ་སློབ་ཟབ་མོ་སྩལ་བ་དང་།

གཞན་ཡང་། ལྷོ་ཀོ་རི་ཡར་མི་མང་འཚང་ཁའི་ཁྲོད་འདས་གྲོངས་སོང་པའི་ནང་མི་རྣམས་ལ་དམིགས་ཏེ་བཀའ་སློབ་སྩལ་དོན། གསར་འགྱུར་དུ་ཐོན་གསལ་ལ། ཉེ་ཆར་ལྷོ་ཀོ་རི་ཡར་མི་མང་ཧ་ཅང་འཚང་ཁ་བརྒྱབ་ནས་མི་ཁ་ཤས་འདས་གྲོངས་དང་། གང་ལྟར་ཤི་རྨས་སོང་བའི་གནས་ཚུལ་བཤད་ཀྱི་འདུག དེ་ཐབས་སྐྱོ་པོ་ཞིག་རེད། ང་ཚོ་ཚང་མས་འདས་གྲོངས་ཕྱིན་པ་ཚོའི་ནང་མི་རྣམས་ལ་སེམས་གསོའི་འཚམ་འདྲི་དང་། དེ་ལྟ་བུའི་གནས་ཚུལ་བྱུང་བ་ལ་བློ་ཕམ་པོ་བྱུང་། ང་ཚོའི་ནང་པའི་ཡུལ་གྲུ་ཞིག་ཏུ་དོན་དག་ཆུང་ས་ཞིག་གི་ཐོག་ནས་འཁྲུག་པ་བརྒྱབ་པ་ནི་ནང་པ་སྤྱིའི་ངོས་ནས་བཤད་ན་བློ་ཕམ་གྱི་རང་བཞིན་ཞིག་རེད། འདས་གསོན་ཚང་མར་ང་ཚོས་སྨོན་ལམ་རྒྱག་རྒྱུ་གལ་ཆེན་པོ་རེད། ཅེས་དང་།

ཀོ་རི་ཡའི་ཆོས་ཞུ་བ་སེར་སྐྱ་མི་མང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མདུན་སར་བཀའ་ཆོས་ལ་གསན་བཞིན་པ། ༢༠༢༢།༡༡།༢༥ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

མཐར། ཐེངས་འདིའི་བཀའ་ཆོས་ཀྱི་གཞང་དབུ་མ་རྩ་བ་ཤེས་རབ་ཀྱི་གཞུང་དང་མཛད་པོ་པོའི་སྐོར་ནས་བཀའ་སློབ་སྩལ་དོན། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པའི་མཁས་པ་དང་། ལྷག་པར་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་དངོས་གནས་ཟབ་པ་དང་རྒྱ་ཆེ་བའི་ལམ་མཐའ་ཡས་པ་རིགས་པའི་ལམ་ལ་བརྟེན་ནས་འགྲེལ་བཤད་སྐྱོན་ཡོང་གི་ཡོད། དེར་བརྟེན། དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་ནས་དབུ་མ་རྩ་བ་ཤེས་རབ་དང་། རིན་ཆེན་ཕྲེང་བའི་ཐོག་ནས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཉམས་ལེན་བྱེད་དུས། ལུང་ལ་བརྟེན་ནས་འགྲོ་བ་མ་ཡིན་པར་རིགས་པ་ལ་བརྟེན་ནས་འགྲོ་བ་ཡིན་པས་ཧ་ཅང་རྩ་ཆེན་པོ་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དངོས་གནས་བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟ་བུ་ཆགས་ཡོད། དེར་བརྟེན། དུས་ནས་དུས་སུ་དབུ་མ་རྩ་བ་ཤེས་རབ་དང་། དབུ་མ་རིན་ཆེན་ཕྲེང་བ་ཏོག་ཙམ་རེ་བཀླགས་པ་ཡིན་ན་ཡག་པོ་ཡོང་གི་རེད། འདིར་དམིགས་གསལ་རྩ་བ་ཤེས་རབ་ཀྱི་འགྲེལ་བཤད་ཞུ་དགོས་པ་མི་འདུག རྒྱུན་དུ་དཔེ་ཆ་སྔས་མགོར་བཞག་ནས་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མཁྱེན་སོང་ངམ། གཞུང་ཆེན་རྣམས་ཐག་རིང་པོར་མ་བཞག་པར་མཚམས་དང་མཚམས་སུ་བལྟ་རྒྱུ་ཡོད་པ་ཞིག་དང་། དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་བཅས་ལ་གོམས་འདྲིས་ཡག་པོ་བྱུང་ན་ཧ་ཅང་ཕན་ཐོགས་ཡོད། ངོས་རང་ལ་མཚོན་རྩ་བ་ཤེས་རབ་དང་།  དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་ཉིན་ལྟར་ཏོག་ཙམ་ཏོག་ཙམ་བཀླགས་ཀྱི་ཡོད། དེ་ཚང་མས་དགོངས་པར་བཅིངས་རོགས། བཀྲ་ཤིས་བདེ་ལེགས། ཞེས་སོགས་བཀའ་སློབ་སྩལ་རྗེས་ཉིན་དང་པོའི་ཆོས་འབྲེལ་ལེགས་པར་གྲུབ་སྟེ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།