༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཚན་རིག་གི་ཐབས་ལམ་ཐོག་ནས་སྒོམ་སྒྲུབ་ཉམས་ལེན་ལ་ཉམས་ཞིབ་བྱེད་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་པ། ༢༠༢༡ ཟླ་བ་ ༥ ཚེས་ ༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོ་སུ་ཁོ་བོད་སྐྱོབ་ཐེབས་རྩ་དང་བོད་ཀྱི་དོན་གཅོད་ལས་ཁུངས་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྒོམ་ཉམས་ལེན་དང་རྣམ་ཤེས་སྐོར་ལ་བོད་པའི་དགོན་སྡེ་ཁག་ཏུ་ཞིབ་འཇུག་བྱེད་མཁན་རཱ་ཤཱི་ཡའི་ཚན་རིག་པ་ཁག་དང་མཉམ་དུ་ཚན་རིག་གི་ཐབས་ལམ་ཐོག་ནས་སྒོམ་སྒྲུབ་ཉམས་ལེན་ལ་ཉམས་ཞིབ་བྱེད་སྟངས་(How to study meditation by scientific methods?)ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་མཛད་ཡོད་པ་རེད།

དེ་ཡང་སྔ་དྲོའི་ཆུ་ཚོད་ ༩།༠༠ པ་མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་བགྲོ་གླེང་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་བོད་སྐྱོབ་ཐེབས་རྩའི་སྐུ་ཚབ་ལྕམ་ Natalia Inozemtseva ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམ་འདྲི་དང་འབྲེལ་དེ་རིང་འདིར་མཇལ་བའི་གོ་སྐབས་བྱུང་བ་སྐལ་བ་བཟང་པོ་ཡིན། ཕྱི་ལོ་ ༢༠༡༧ ལོར་ལྡི་ལི་ནས་རཱ་ཤཱི་ཡའི་ཚན་རིག་པ་དང་མཉམ་དུ་སེམས་ཀྱི་རང་བཞིན་སྐོར་ལ་ཚོགས་འདུ་ཞིག་འཚོགས་པ་རེད། ཕྱི་ལོ་ ༢༠༡༨ ལོར་རྡ་རམ་ས་ལར་རཱ་ཤཱི་ཡའི་ཚན་རིག་པ་དང་མཉམ་དུ་ཚོགས་འདུ་གཉིས་པ་འཚོགས་པ་རེད། ཚོགས་འདུ་འདི་བོད་སྐྱོབ་ཐེབས་རྩ་དང་རཱ་ཤཱི་ཡར་ཡོད་པའི་བོད་ཀྱི་དོན་གཅོད་ཁང་གཉིས་ཀས་གོ་སྒྲིག་བྱས་པ་རེད། ཚོགས་འདུ་འདི་སྒོམ་གྱི་སྟེང་ནས་ཕན་པ་ག་རེ་ཡོད་མེད་དང་ཚན་རིག་དང་འབྲེལ་ཉམས་ཞིབ་ག་རེ་བྱེད་དགོས་མིན་སྐོར་ཡིན། དེ་རིང་གནད་དོན་དེ་དག་དང་འབྲེལ་ཚོགས་འདུའི་ནང་དུ་མཉམ་ཞུགས་པ་ཚོའི་ངོས་ནས་དྲི་བ་དང་རྒྱལ་བ་རིན་པོ་ཆེ་ལ་བཀའ་སློབ་ལམ་སྟོན་ཞུ་རྒྱུ་མང་པོ་ཞིག་འདུག་ཅེས་གསུང་བཤད་གྲུབ་མཚམས་མཁས་དབང་ Svyatoslav Me ལགས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་ལམ་སྟོན་འོག རཱ་ཤཱི་ཡའི་ཚན་རིག་པ་དང་ཟུང་འབྲེལ་གྱིས་མོན་གྷོ་དང་སྦེལ་ཀོབ་གཉིས་ལ་ཚན་རིག་ཉམས་ཞིབ་ཀྱི་ལྟེ་གནས་ཁང་གཉིས་བཙུགས་པ་དང་། རཱ་ཤཱི་ཡའི་ཚན་རིག་པ་ཙམ་མིན་པར་ལྟེ་གནས་ཁང་དེ་དག་ལ་ལས་ཀ་བྱེད་པའི་ནང་པའི་དགེ་འདུན་པ་མང་པོ་ཡོད་པ་རྣམས་ཀྱིས་རཱ་ཤཱི་ཡའི་ཚན་རིག་པའི་ལམ་སྟོན་འོག་ཉམས་ཞིབ་བྱེད་མུས་རེད། དགེ་འདུན་པ་དེ་རྣམས་ཀྱི་གྲོགས་ལ་བརྟེན་ནས། ནད་ཡམས་ཛ་དྲག་པོའི་སྐབས་སུའང་མུ་མཐུད་ཉམས་ཞིབ་བྱེད་པའི་གོ་སྐབས་བྱུང་ཡོད། དཔེར་ན། རྒྱུད་སྟོད་དུ་སྔགས་རམས་པ་ཞིག་ཉིན་སོ་བདུན་རིང་ཐུགས་དམ་ལ་བཞུགས་པ་ལ་ཉམས་ཞིབ་བྱེད་པའི་གོ་སྐབས་བྱུང་། ཚན་རིག་ཆེད་མཁས་པས་ཁོང་གི་སྐུ་གཟུགས་ལ་བརྟག་དཔྱད་བྱེད་དུས། གསོན་པའི་རིང་གི་སྐུ་གཟུགས་དང་ཁྱད་པར་ཆེན་པོ་འདུག ཐུགས་དམ་གྱི་སྐོར་ལ་ཚན་རིག་པའི་ཉམས་ཞིབ་མུ་མཐུད་པ་ནི་༸རྒྱལ་བ་རིན་པོ་ཆེའི་ལམ་སྟོན་འོག་ཚུགས་པ་ཞིག་རེད། ཅེས་བགྲོ་གླེང་དབུ་འཛུགས་ཀྱིས་བཀའ་འདྲི་ཞུ་དོན།

ཐུགས་དམ་གྱི་སྐོར་ལ་ཉམས་ཞིབ་བྱས་ན་འགྲོ་བ་མི་སྤྱི་ལ་དགེ་མཚན་ག་རེ་ཡོད་པ་རེད་དམ། ཞེས་ཞུས་པར་༸གོང་ས་མཆོག་གིས་མིའི་རྣམ་དཔྱོད་ཀྱི་ཐོག་ནས། གནས་ཚུལ་གང་ལའང་ཞིབ་འཇུག་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། ཐུགས་དམ་གྱི་སྐོར་དེ་དངོས་སུ་མཐོང་རྒྱུ་ཡོད་པ་རེད། དེ་ཇི་ལྟར་ཡོང་གི་ཡོད་མེད་ཀླད་པ་རྐྱང་པས་འགྲེལ་བཤད་རྒྱག་ཁག་པོ་རེད། སྤྱིར་སངས་རྒྱས་པའི་ཆོས་དང་ལྷག་པར་སེམས་ཕྲ་རགས་ཀྱི་དབྱེ་བ་ཕྱེས་ནས་གསུངས་པ། སྔགས་བླ་མེད་ཀྱི་ནང་དུ་ཤུགས་ཆེན་པོ་ཡོད། ཐུགས་དམ་བཞུགས་མཁན་དག་ཕྱི་དབུགས་ཕལ་ཆེར་ཆད་ཚར་བ་རེད། དེ་ལ་རང་བཞིན་བརྒྱད་ཅུའི་ཀུན་རྟོག་ཅེས་པ། སྣང་བའི་རང་བཞིན་གྱི་རྟོག་པ་སོ་གསུམ། མཆེད་པའི་རང་བཞིན་གྱི་རྟོག་པ་བཞི་བཅུ། ཉེར་ཐོབ་རང་བཞིན་གྱི་རྟོག་པ་བདུན་བཅས་འགྲེལ་བཤད་མང་པོ་ཡོད་པ་རེད། ཞིབ་འཇུག་བྱེད་དགོས་པ་ཞིག་རེད། ནམ་རྒྱུན་ཐུགས་དམ་ལ་བཞུགས་ཞེས་པ་སྐབས་རེར་སྣང་མཆེད་ཐོབ་གསུམ་སྐབས་ཨེ་ཡིན་སྙམ། སྣང་མཆེད་ཐོབ་གསུམ་མ་ཤར་གོང་གི་རླུང་སེམས་རགས་པ་འཐིམ་པའི་སྐབས་ཤིག་མིན་ནམ་སྙམ། དེ་དག་ལ་ཞིབ་འཇུག་བྱེད་དགོས་པ་རེད། ཐུགས་དམ་ལ་བཞུགས་མཁན་ཁ་ཤས་ལ་ལུས་ཀྱི་དྲོད་ཡོད་པའི་ཟོལ་འདུག དེ་ཡོད་ན་སྣང་མཆེད་ཐོབ་གསུམ་སྐྱེ་བའི་སྐབས་མ་རེད། ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་རྣམ་ཤེས་ལ་ཐིམ། རྣམ་ཤེས་ནམ་མཁའ་ལ་ཐིམ་ཞེས་པའི་སྐབས་སུ་རང་བཞིན་བརྒྱད་ཅུའི་ཀུན་རྟོག་འགགས་ནས་འོད་གསལ་མངོན་དུ་བྱེད་པ་བཤད་ཀྱི་ཡོད། ཐོག་མའི་ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ་ཞེས་པའི་སྐབས་ཤིག་མིན་ནམ་སྙམ། ཞིབ་འཇུག་བྱེད་དགོས་པ་རེད། རྣམ་ཤེས་ཕྲ་ནས་ཕྲ་རུ་འགྲོ་བ་ང་ཚོས་ཤེས་གསལ་རེད། ཐུགས་དམ་བཞུགས་མཁན་འགའ་ཤས་ང་ཚོས་མཐོང་གི་ཡོད། དེ་ཚོའི་གྲས་ལ་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱེད་པ་ཡོད། འགྲོ་བ་མི་སྤྱི་ལ་དམིགས་བསལ་འབྲེལ་བ་ཞིག་ཨེ་ཡོད་སྙམ། སྣང་མཆེད་ཐོབ་གསུམ་ཞེས་པའི་གྲས་དེ་ཤི་བའི་སྐབས་རེད། སྤྱིར་བཏང་གི་མི་ལ་མཚོན་ན་ལས་ཀ་ཚང་མ་ཚར་བའི་སྐབས་རེད། ཞིབ་རྒྱས་ཤེས་དགོས་པ་ཨེ་ཡོད་སྙམ། སངས་རྒྱས་པའི་གཞུང་ནས་ཚེ་སྔ་ཕྱི་བཤད་ཀྱི་ཡོད། ཚེ་སྔ་ཕྱི་བཤད་ནས་འགྲོ་དུས་ཚེ་འདི་ནས་ཤི་སྟེ་ཚེ་ཕྱི་མར་འགྲོ་དགོས་པ་རེད། གཟུགས་མེད་ཁམས་ལ་བར་དོ་ཡོད་མ་རེད། འདོད་ཁམས་དང་གཟུགས་ཁམས་སུ་སྐྱེ་བ་ལ་བར་དོ་ཡོང་གི་ཡོད་རེད། ནང་པའི་གཞུང་ནས་གསུངས་པ་དེར་དམིགས་བསལ་དོ་སྣང་བྱེད་མཁན་ཚོས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད། ཅེས་བཀའ་སློབ་སྩལ་བ་དང་།

གཞན་ཡང་། དབང་རྩའི་འཕེལ་རིམ་རིག་པའི་ལྟེ་གནས་ཁང་གི་མཁས་དབང་ prof AlexanderKaplan  ལགས་ཀྱིས་ཚན་རིག་པས་ནང་པའི་སྒོམ་གྱི་སྐོར་ཙམ་མིན་པར་ལྟ་གྲུབ་སྐོར་ལ་ཤེས་འདོད་ཡོད་པ་རེད། ནང་པའི་ལྟ་གྲུབ་སྐོར་ནས་ཚན་རིག་པས་ཀླད་པའི་སྐོར་ལ་ཞིབ་འཇུག་བྱེད་པ་ལ་ཕན་ཐོགས་པའི་ལྟ་གྲུབ་གང་རེད་དམ། ཞེས་བཀའ་འདྲི་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་ལ་གཞིགས་ན། ཚན་རིག་དེ་ནུབ་ཕྱོགས་རྒྱལ་ཁབ་ནས་བྱུང་ཞིང་ཉམས་ཞིབ་བྱེད་ས་གཙོ་བོའང་མཐོང་ཆོས་ཀྱི་ཕྱི་དངོས་པོའི་ཆོས་རྐྱང་པ་རེད། རིམ་གྱིས་ཚན་རིག་པ་ཚོས་ཐུགས་སྣང་གནང་ས་གཙོ་བོ་ནི། རྒྱུན་ལྡན་གྱི་མི་ཚེའི་ནང་སེམས་ཀྱི་ཞི་བདེ་གལ་ཆེ་བ་ར་འཕྲོད་པ་མ་ཟད། ཚན་རིག་པ་མང་པོས་སེམས་ཀྱི་ཞི་བདེ་ཚད་ལྡན་ཞིག་བསྐྲུན་པར་དམིགས་བསལ་ཐུགས་སྣང་གནང་གི་ཡོད། སེམས་ཀྱི་ཞི་བདེ་བག་ཕེབས་ཚད་ལྡན་ཞིག་ཡོད་ན། སོ་སོའི་འཕྲོད་བསྟེན་ལ་ཕན་པ་རེད། སེམས་ཁྲེལ་ལངས་པ་དང་ཁོང་ཁྲོ་ཆེན་པོ་ལངས་པ། སེམས་ཞུམ་པ་སོགས་ཀྱིས་གཟུགས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད། སེམས་ཀྱི་ཞི་བདེ་སྐོར་བཤད་དུས་ཐར་བ་དང་ཐམས་ཅད་མཁྱེན་པ། སངས་རྒྱས་ཀྱི་གོ་འཕང་ཐོབ་པ། སྐྱེ་བ་ཕྱི་མའི་སྐོར་བཤད་ཀྱི་ཡོད་པ་མ་རེད། ཚེ་འདི་ཉིད་ཀྱི་བདེ་སྐྱིད་སྒྲུབ་ཐབས་དང་འཕྲོད་བསྟེན་དང་འབྲེལ་བའི་ཉམས་ཞིབ་བྱེད་པ་སྐབས་སུ་བབ་པ་རེད། སྐམ་ས་ལ་བརྟེན་པའི་སྲོག་ཆགས་སྟོང་ཕྲག་མང་པོའི་ཚེ་ཡི་སྐོར་ལ་ཞིབ་འཇུག་བྱེད་འོས་པ་རེད། མིའི་བདེ་སྡུག་སྐོར་ལ་ཚན་རིག་པས་ཐུགས་སྣང་གནང་ཡོད་པས། མིའི་སེམས་ཀྱི་ཞི་བདེ་དཀྲུག་པའི་རྒྱུ་རྐྱེན་གཙོ་བོ་ཁོང་ཁྲོ་སོགས་ཉོན་མོངས་པའི་བློའི་རིགས་རེད། དེ་དག་བཏང་སྙོམས་སུ་བྱེད་པའི་ཐབས་ལམ་ཞིག་བསྟན་ན། སྨན་ཟ་བ་ནི་གློ་བུར་བའི་འཕྲལ་སེལ་གྱི་ཐབས་ལམ་ལས་སེམས་ཀྱི་ཞི་བདེ་ལ་ཕན་པ་ཞིག་མ་རེད། བྱམས་སྙིང་རྗེའི་ཉམས་ལེན་ཡག་པོ་ཞིག་ཡོད་ན་སེམས་ཁྲེལ་མང་པོ་དང་སེམས་ཞུམ་པ་ཡོང་གི་ཡོད་མ་རེད། ཚན་རིག་པ་ཚོས་ཉམས་ཞིབ་གནང་བ་ནི་ཚེ་ཕྱི་མའི་སྐོར་མིན་པར་ཚེ་འདི་ཉིད་ལ་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སུ་ནང་པའི་གཞུང་ནས་ག་རེ་འདུག་དེ་སྦྱང་བཞིན་ཡོད། འཛམ་གླིང་འདིར་མི་ཐེར་འབུམ་བདུན་ལྷག་ཡོད་པ་ཆ་ཚང་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ཡིན་ནའང་དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་ཆགས་ཡོད།  

སེམས་ཀྱི་ཚོར་བ་ཕྲ་རགས་སྐོར་ལ་ emotion  ཞེས་པའི་ཐ་སྙད་ཅིག་བེད་སྤྱོད་བཞིན་ཡོད་པ་རེད། ཚན་རིག་པར་སེམས་ཁམས་རིག་པའི་བློའི་སྐོར་གྱི་ཐ་སྙད་ཕྱུག་པོ་ཡོད་མ་རེད། བོད་ཀྱི་མཁས་པ་སྔ་མ་ཚོས་བློ་རིག་སྐོར་མང་པོ་མཛད་ཡོད། ཡུལ་ངེས་ལྔ། ཀུན་འགྲོ་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་སོགས་རྣམ་གཞག་མང་པོ་བྱས་ཡོད། སེམས་ཞི་བདེ་བག་ཕེབས་ཡོང་བ་ལ་ང་རང་ཚོའི་ངོས་ནས་བློ་སྤྱིའི་འགྲོ་སྟངས་ཤེས་རྒྱུ་ནི་རྒྱུ་གལ་ཆེན་པོ་རེད། དེ་ཤེས་པའི་ཐོག་ནས་ཉོན་མོངས་ཅན་གྱི་བློ་ཁོང་ཁྲོ་དང་ཞེ་སྡང་། སེམས་ནད་སྐྱེ་བའི་སྐབས་སུ་ཐད་ཀར་གཉེན་པོ་བསྟེན་ནས་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ་པ་རེད། རྒྱལ་སྲས་ཞི་བ་ལྷས། སོ་སོ་ལ་གནོད་པ་བྱེད་པའི་དགྲ་དེ་བཟོད་པའི་ཉམས་ལེན་བྱེད་མཁན་གྲས་ལ་གཉེན་གྱི་མཆོག་ཏུ་གྱུར་པ་རེད་ཅེས་གསུངས་པ་ལྟར། བསམ་བློ་གཏོང་སྟངས་ལས་སེམས་ཀྱི་དཀའ་ངལ་སེལ་ཐུབ་པ་རེད། མི་ཚེའི་ནང་ཆེད་དུ་གཉེར་ནས་སོ་སོར་དཀའ་ངལ་བཟོ་མཁན་མང་པོ་བྱུང་དུས། སྙིང་རྗེ་དང་འབྲེལ་བཟོད་པའི་ཉམས་ལེན་བསྟེན་ཐུབ་ན་ཧ་ཅང་སེམས་ཀྱི་ཞི་བདེ་ལ་ཕན་པ་དང་དགེ་མཚན་ཆེན་པོ་ཡོད། མདོར་ན། སེམས་ཀྱི་བདེ་སྡུག་ག་རེ་ཡོང་བ་སོ་སོ་ལ་རག་ལས་པ་རེད། ཕྱིའི་གནས་ཚུལ་ག་རེ་བྱུང་ནའང་སེམས་ཀྱི་ཞི་བདེ་ཉར་ཚགས་ཐུབ་མིན་སོ་སོའི་འབད་བརྩོན་ལ་རག་ལས་པ་རེད། བློའི་བྱེད་ལས་དང་བློའི་རྣམ་གཞག སེམས་ཕྲ་རགས། སེམས་བྱུང་གི་བྱེད་ལས་སྐོར་སློབ་སྦྱོང་ཡག་པོ་ཡོད་ན་ཕན་ཐོགས་ཆེན་པོ་རེད། ཅེས་བཀའ་ལན་ཕེབས་པ་དང་།

མཁས་དབང་ Konstantin Anokhin ལགས་ཀྱིས་ཕྲུ་གུ་སྐྱེ་བ་ཚང་མ་སྐྱེ་བ་སྔ་མའི་རྒྱུན་ཞིག་ཡོང་བ་རེད་དམ། ཕྲུ་གུ་དེས་སྐྱེ་བ་སྔོན་མའི་དངོས་པོ་དང་ས་ཆ་སོགས་དྲན་པའི་ཐོག་ནས་སྐྱེ་བ་སྔ་མ་བསྒྲུབ་པ་རེད་དམ། དེ་ལས་གཞན་གྱི་སྒྲུབ་བྱེད་ཅི་ཞིག་ཡོད་པ་རེད། ཅེས་བཀའ་འདྲིི་ཞུས་པར་བཀའ་ལན་ཕེབས་དོན། སྐྱེ་བ་སྔ་ཕྱིར་ཡིད་ཆེས་དང་ལྟ་གྲུབ་མེད་པའི་མིའི་སྤྱི་ཚོགས་ནང་ཕྲུ་གུ་ཞིག་གིས་སྐྱེ་བ་སྔ་ཕྱི་དྲན་ཡང་དེར་དོ་སྣང་ཡོད་པ་མ་རེད། རྒྱ་གར་དང་བོད་གཙོས་པའི་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་སྤྱི་ཚོགས་ནང་ཕྲུ་གུ་དེ་ལོ་གསུམ་དང་བཞི་ཙམ་ལོན་པའི་སྐབས་སུ་སྐྱེ་བ་སྔ་ཕྱིའི་གནས་ཚུལ་དྲན་པ་དེ་འདྲ་མང་པོ་ཡོང་གི་ཡོད། དཔེར་ན། ལྷ་སར་སྐྱེས་པའི་ཕྲུ་གུ་ཞིག་གིས་ང་བསྡད་ས་འདི་མ་རེད། ང་རྒྱ་གར་ལ་འགྲོ་དགོས་ཞེས་བཤད་དེ། ཕ་མས་རྒྱ་གར་ལ་བསྐྱལ་ནས་ཡོང་བ་རེད། རྡ་རམ་སར་བསྐྱལ་ནས་ཡོང་དུས་ངའི་བསྡད་ས་འདི་མ་རེད་ཅེས་རྒྱ་གར་ལྷོ་ཕྱོགས་ཤར་རྩེའི་ཁམས་ཚན་བྱེ་བྲག་པ་ཞིག་ལ་ཕྱིན་ནས། ང་བསྡད་ས་འདི་རེད་ཅེས་སྐུ་སྔོན་མའི་སྒྲོག་ཙེ་དང་སྤྱན་ཤེལ་ངོས་འཛིན་བྱས་པ་རེད། ངོས་རང་ཉིད་ཀྱི་ལོ་རྒྱུས་ཤིག་བཤད་ན། སྐུ་སྔོན་མའི་སྤྲུལ་སྐུ་འཚོལ་མཁན་ཚོ་སྐུ་འབུམ་ལ་ཕེབས་དུས་ཁ་ཤས་ངོས་རང་ཆུང་བའི་སྐབས་སུ་ངོ་ཤེས་པ་རེད། ཁོ་ཚོའི་མིང་སོགས་ངོས་འཛིན་ཐུབ་པའི་ལོ་རྒྱུས་ཡོད་རེད། དེ་ནི་མཐོང་ཆོས་དང་དངོས་ཡོད་ལ་ར་སྤྲོད་རྒྱུ་ཡོད་པའི་གནས་ཚུལ་རེད། ཡང་སྲིད་འཚོལ་ཞིབ་ཀྱི་ཐབས་ལམ་མང་པོ་ཡོད་པ་ལས། སྐྱེ་བ་སྔ་མའི་དངོས་ཆོས་དག་འཁྲུལ་མེད་དུ་ངོས་འཛིན་བྱེད་ཐུབ་པ་དེ་ཡང་སྲིད་ངོས་འཛིན་གྱི་ཐབས་ལམ་ཞིག་རེད། སྐྱེ་བ་སྔ་མ་དྲན་པའི་ཕྲུ་གུ་མིག་མཐོང་ལག་ཟིན་ལ་མཐོང་རྒྱུ་ཡོད་རེད། ལོ་ཁ་ཤས་ལ་སྐྱེ་བ་སྔ་མའི་དྲན་པ་བརྟན་པོར་གནས་ཐུབ་ཀི་རེད། ཀླད་པ་འཚར་ལོངས་དང་ཕྱིའི་འཇིག་རྟེན་གྱི་མཐོང་རྒྱ་ཆེ་བར་སོང་བ་དང་བསྟུན་སྐྱེ་བ་སྔ་མའི་དྲན་པ་སྲབ་ཏུ་འགྲོ་གི་ཡོད་རེད། ཁ་གསལ་བོས་ར་སྤྲོད་ཐུབ་པ་ཞིག་ནི། སྐྱེ་བ་སྔ་མར་སློབ་སྦྱོང་གི་བག་ཆགས་ཡོད་པའི་ཕྲུ་གུ་ཞིག་ཡིན་ན། སློབ་སྦྱོང་ལ་དཀའ་ངལ་མེད་པར་ལས་སླ་བོས་ཤེས་ཐུབ་ཀྱི་རེད། ངོས་རང་ལ་ཆ་བཞག་ནའང་། དཔེ་ཆ་བློ་འཛིན་བྱེད་པའི་སྐབས་སུ་དཀའ་ངལ་མེད་པར་རྩེད་མོ་རྩེད་ཞོར་དུ་ངག་ཐོག་ཟིན་པ་རེད། དེ་ནི་སྐྱེ་བ་སྔ་མར་རྒྱུས་ཡོད་པའི་རྟགས་མཚན་གསལ་བོ་ཞིག་རེད། ཅེས་སོགས་ཚན་རིག་གི་ཐབས་ལམ་ཐོག་ནས་སྒོམ་སྒྲུབ་ཉམས་ལེན་ལ་ཉམས་ཞིབ་བྱེད་སྟངས་ཐད་ལམ་སྟོན་བཀའ་སློབ་སྩལ་ཡོད་པ་བཅས།།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།