༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

བློ་སྦྱོང་ཚིགས་བརྒྱད་མ་དང་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་བ། ༢༠༢༠ ཟླ་བ་ ༡༢ ཚེས་ ༢༧

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་བ་ ༡༢ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཨ་རིའི་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དྲ་ལམ་བརྒྱུད་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསོལ་འདེབས་དང་བཀའ་དྲིན་རྗེས་དྲན་དང་འབྲེལ་བྱང་ཨ་རིའི་བོད་མི་ཁྲི་གསུམ་ལྷག་ཡོད་པ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཆོས་འབྲེལ་དང་གཞོན་སྐྱེས་ཚོར་དྲི་བ་དྲིས་ལན་གྱི་བཀའ་བཞེས་བཟང་པོ་བྱུང་བར་བཀའ་དྲིན་ཆེ་ཞུས་པ་དང་། ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་དོན་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ ༢༠༢༠ ཞེས་པ་གཏན་འབེབ་གནང་བའི་སྐོར་སོགས་༸སྙན་སེང་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཨ་རིའི་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དྲ་ལམ་བརྒྱུད་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དབུ་འཛུགས་སྐབས་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་བཀའ་དྲིན་རྗེས་དྲན་དང་། ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་སྐོར་༸སྙན་སེང་ཞུ་བཞིན་པ།  ༢༠༢༠།༡༢།༢༧ པར་བ། བསྟན་འཛིན་འཇམ་དཔལ་ལགས།

དེ་རིང་འདིར་བྱང་ཨ་མེ་རི་ཁར་ཡོད་པའི་བོད་རིགས་ཚོར་དྲ་རྒྱའི་ཐོག་ཐུག་ནས་སྐད་ཆ་བཤད་རྒྱུར་ཁྱོད་རང་ཚོས་རེ་འདུན་བྱས་པ་རེད་ལ། ངོས་རང་ཡང་བློ་ལ་འབབ་པོ་བྱུང་། གཉིས་ནས་དེ་གི་ནད་ཡམས་དང་ལོ་ཡར་རྒས་པའི་དབང་གིས་ཐག་རིང་པོར་འགྲོ་བར་དཀའ་ངལ་འདུག སྡོད་ས་རྡ་རམས་ས་ལར་བསྡད་ནས་དྲ་རྒྱའི་སྟེང་ནས་འབྲེལ་བ་བྱེད་རྒྱུ་དེ་ལས་སླ་བོ་འདུག དེར་བརྟེན། དེ་རིང་དྲ་རྒྱའི་ཐོག་ནས་ཐུག་རྒྱུ་བྱས་པ་རེད།

ང་ཚོ་བོད་གངས་ཅན་ཞེས་པ་དེར་ཆོས་རྒྱལ་སྲོང་བཙན་མ་བྱོན་པའི་གོང་དུ་སོག་པོ་དང་འབྲེལ་བ་ཡོད་པའི་འབྲོག་པའི་ཟོལ་ལྟ་བུ་ལས་དེ་ཙམ་གྱི་རིག་གཞུང་ཡོད་པ་མ་རེད། སྲོང་བཙན་སྒམ་པོ་བྱོན་རྗེས། སྲོང་བཙན་སྒམ་པོ་ཧ་ཅང་གྲུང་པོ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་ནག་གི་སྲས་མོ་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་པ་དང་། རྒྱ་ནག་ནས་ལྷ་སའི་ཇོ་བོ་གདན་དྲངས་པ་རེད། རྒྱ་ནག་གོང་མ་དང་གཉེན་འབྲེལ་གྱི་ཐོག་ནས་འབྲེལ་བ་ཡོད་པ་ཞིག་ཡིན་ཡང་། ངོས་ཀྱིས་རྣམ་ཀུན་རྩེད་མོ་དང་སྦྲགས་ནས་བཤད་བཞིན་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་ནས། རྒྱ་ཟས་ལ་ཏན་ཏན་མཉེས་པོ་གནང་གི་ཡོད་རྒྱུ་རེད། ཡིན་ནའང་། རྒྱ་ཡིག་ནི་ཧ་ཅང་གི་རྙོག་དྲ་ཆེན་པོ་ཞིག་ཏུ་ཕལ་ཆེར་གཟིགས་པ་འདྲ་འདུག གང་ལྟར་ལྷ་སའི་ཇོ་བོ་དེ་རྒྱ་ནག་ནས་ཡར་ཕེབས་པ་དང་བོད་ནང་དུ་ནང་ཆོས་ཐོག་མར་རྒྱ་ནག་ནས་དར་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ཡིག་དེ་ཧ་ཅང་རྙོག་གྲ་ཚ་པོ་ཞིག་ཡིན་པར་ཕལ་ཆེར་གཟིགས་ཏེ་བོད་ཡིག་གསར་བཟོ་དང་། རྒྱ་གར་གྱི་ཡི་གེ་ Devanagari ལ་དཔེ་བལྟས་ནས་དབྱངས་དང་གསལ་བྱེད་ལྡན་པའི་བོད་ཀྱི་ཡི་གེ་གསར་གཏོད་གནང་བ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཨ་རིའི་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དྲ་ལམ་བརྒྱུད་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་ཀྱི་སྔོན་འགྲོའི་བཀའ་སློབ་སྩོལ་བཞིན་པ། ༢༠༢༠།༡༢།༢༧ པར་བ། བསྟན་འཛིན་འཇམ་དཔལ་ལགས།

དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་རྒྱ་ནག་དང་འབྲེལ་བ་ཡག་པོ་ཡོད་ནའང་། སངས་རྒྱས་ཀྱི་བསྟན་པ་རྒྱ་ནག་ནས་མིན་པར་རྒྱ་གར་ནས་གདན་འདྲེན་ཞུ་དགོས་པར་ཐུགས་ཐག་བཅད་ཡོད། དེ་དུས་ནང་བའི་རྟེན་གཞི་གཙོ་བོ་ནཱ་ལེནྡྲ་རེད། ནཱ་ལེནྡྲའི་མཁས་པ་ཆེན་པོ་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་དྲངས་པ་རེད། སྐབས་དེའི་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཁོང་དགུང་ལོ་བགྲེས་པོ་ཡིན་ནའང་བོད་དུ་ཕེབས་ཤིང་། བཙན་པོ་ལ་ཁྱོད་རང་ཚོར་རང་གི་སྐད་དང་ཡི་གེ་ཡོད་པས་ལེགས་སྦྱར་དང་པ་ལིའི་སྐད་ཡིག་སོགས་བསླབ་མི་དགོས་པར། གཞུང་ཆེན་ཁག་བོད་ཡིག་ལ་བསྒྱུར་དགོས་པ་རེད་ཅེས་ལམ་སྟོན་གནང་ཡོད། ངོས་ཀྱི་ངོ་ཤེས་པ་འགའ་རེས་མཁན་ཆེན་ཞི་བ་འཚོས་བོད་ཡིག་ལ་ཐུགས་སྣང་གནང་བ་རེད་ཅེས་བཤད་པ་གོ་མྱོང་། དེར་བརྟེན། བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་བསྒྱུར་བ་ལས་འདུལ་བའི་གཞུང་ཕ་ཆེར་པ་ལིའི་གཞུང་དང་། ལྟ་གྲུབ་དང་ཚད་མའི་གཞུང་ལེགས་སྦྱར་ལས་བསྒྱུར་བ་རེད། བོད་ཀྱི་སངས་རྒྱས་ཆོས་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད། མཁན་ཆེན་ཞི་བ་འཚོ་ནི་ཚད་མ་བ་དང་ལྟ་གྲུབ་སྨྲ་བ་ཆེན་པོ་རེད། ཚད་མའི་གཞུང་ལ་ཐུགས་སྣང་གནང་ནས་ཚད་མའི་མཁས་པ་རེད། ཁོང་གིས་མཛད་པའི་ཚད་ཆེན་ལ་ང་ཚོས་ལྟ་བཞིན་ཡོད། དབུ་མའི་ལྟ་བའི་སྐོར་ལ་དབུ་མ་རྒྱན་ཡོད། 

སློབ་དཔོན་ཕྱོགས་གླང་ཆོས་གྲགས་ཀྱི་གཞུང་རྒྱ་ཡིག་ནང་བསྒྱུར་ཡོད་པ་མ་རེད། བོད་སྐད་དུ་བསྒྱུར་བ་མ་ཟད་སློབ་སྦྱོང་བྱས་པ་རེད། ཆོས་རྗེ་ས་པཎ་སོགས་ཀྱིས་ཐུགས་སྣང་ཆེན་པོ་གནང་། ཕྱིས་སུ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོར་གཟིགས་ནས། གདན་ས་གསུམ་གཙོས་དགོན་སྡེ་དག་གིས་ཚད་མ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་གཞུང་བཀའ་པོད་ལྔ་དེ་སློབ་གཉེར་བྱེད་ས་གཙོ་བོ་རེད། དེར་བརྟེན། འཛམ་གླིང་འདིར་ནཱ་ལེནམྡྲའི་ཆོས་བརྒྱུད་དབུ་ཚད་ཟུང་འབྲེལ་གྱིས་འཆད་རྒྱུ་ཡོད་པ་ཕལ་ཆེར་བོད་གཅིག་པུ་རེད། བོད་ལ་དར་བ་དང་རིམ་གྱིས་སོག་པོར་དར་བ་རེད། རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་ལ་ཕེབས་ཤིང་ཏཱ་ལའི་བླ་མ་ཞེས་པའི་མིང་དེའང་དེ་དུས་སུ་ཐོགས་པ་རེད། དེ་ལྟར་སོག་པ་དང་འབྲེལ་བ་ཐུན་མོང་མ་ཡིན་པ་ཆགས་ནས་སོག་པོའི་དགོན་པ་ཁག་མང་པོ་ཞིག་གིས་དབུས་གཙང་གི་གདན་ས་ཁག་ལྟར་སློབ་གཉེར་བྱེད་པ་བྱུང་ཡོད།  དེ་ལྟར་བྱུང་རིམ་ལ་ལྟོས་ན་རྒྱ་གར་དུ་ཉམས་ནས་ཡོད་པ་མ་རེད། ངོས་རང་གནས་སྐོར་ལ་འགྲོ་དུས་ཤིག་ལ་ནཱ་ལེནྡྲར་ཕྱིན་ནས་དབུ་མ་འཇུག་པ་སྐྱོར་བ་ཡིན། སྔོན་མ་སློབ་གཉེར་ཁང་ཆེན་པོ་ཡིན་ནའང་། ད་ལྟ་ནཱ་ལེནྡྲར་གྱང་རོ་ཞིག་ལས་ཅི་ཡང་མི་འདུག སེམས་སྐྱོ་བ་ཞིག་རེད། དེ་ལྟར་བསམ་བློ་བཏང་ན། ང་ཚོ་བོད་པས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བསམ་པ་རྣམ་དག་གིས་འཛིན་སྐྱོང་སྤེལ་གསུམ་བྱས་འདུག་སྙམ་ནས་སེམས་ལ་སྤོབས་པ་སྐྱེ་བ་ཞིག་རེད།

དྲ་ལམ་བརྒྱུད་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་ཞུ་མཁན་གཞོན་སྐྱེས་རྣམས་ཀྱིས་དྲ་ལམ་ནས་མཇལ་ཁ་ཞུ་བཞིན་པ། ༢༠༢༠།༡༢།༢༧ པར་བ། བསྟན་འཛིན་འཇམ་དཔལ་ལགས།

ང་ཚོར་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེ། ཆོས་ཀློག་པ་བཀའ་བསྟན་དག་སྒྲོག་སོགས་ཞབས་བརྟན་བྱེད་པ་ཙམ་མ་རེད། སློབ་དེབ་རེད། སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། བོད་ཀྱི་མཁས་པ་ཚོས་ཀྱང་རྒྱ་གར་མཁས་པའི་གཞུང་དག་རྩ་བར་བཞག་ནས་ལེགས་བཤད་བརྩམས་ཡོད་རེད། དེར་བརྟེན། ང་ཚོ་བོད་པ་དེ་སྔ་སོག་པོ་མཉམ་དུ་རི་དྭགས་བརྒྱབ་ནས་འགྲོ་མཁན་དེས། རིམ་གྱིས་ནང་བ་སངས་རྒྱས་པའི་ཆོས་ལ་ཐོས་པ་བྱས། ཐོས་རྐྱང་ལ་མ་བཞག་པར་བསམ། སྒོམ། ཐོས་བསམ་དང་སྒོམ་པ་ཟུང་འབྲེལ་་བྱས་ཡོད་རེད། དངོས་ཡོད་གནས་ཚུལ་ལ། བོད་གངས་ཅན་པས་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་ཧ་ལས་པ་སྒྲུབ་ཡོད།

དེང་གི་དུས་སུ་ཤྲི་ལངྒ་དང་འབར་མ་དང་། ཐའེ་ལན་སོགས་ལ་པ་ལིའི་གཞུང་གི་ཐོག་ནས་སྡེ་སྣོད་གསུམ་ཞེས་ཧ་ཅང་ཡག་པོ་ཡོད་པ་རེད། འོན་ཀྱང་ཚད་མའི་སྐོར་མེད། ངོས་ཀྱིས་མཚམས་རེ་རྩེད་མོ་དང་འབྲེལ་པཱ་ལིའི་གཞུང་ཁོ་ནར་གཟིགས་མཁན་ཚོས་བཅོམ་ལྡན་འདས་ཀྱི་བཀའ་ཡོད་པ་རེད་ཅེས་ལུང་བགྲང་པ་མ་གཏོགས་དེར་རིགས་པའི་ལམ་ནས་དཔྱད་པ་བྱས་ནས་རིགས་པས་སྒྲུབ་རྒྱུ་མེད། ཁྱེད་རང་ཚོར་སོ་ཡོད་མ་རེད། མཁྲེགས་པོ་ཞིག་དང་ཐུག་ན་མུར་མུར་བྱེད་ནས་འདུག་པ་ལས་ཟ་ཐུབ་ཀྱི་མ་རེད། ཅེས་བརྗོད་ཀྱི་ཡོད། ང་ཚོ་བོད་ལ་ཚད་མའི་གཞུང་ཡོད་པས། དོན་དག་གང་ལ་ཐུག་ནའང་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་བརྟག་དཔྱད་བྱེད་དགོས་གསུངས་པ་ལྟར་ང་ཚོ་དེ་ལྟར་འཇུག་གི་ཡོད། ཀླུ་སྒྲུབ་ཡབ་སྲས་དང་དཔལ་ལྡན་ཟླ་བ་གྲགས་པའི་གཞུང་སོགས་དབུ་ཕར་ཚད་གསུམ་གྱི་གཞུང་དེ་གལ་ཆེན་པོ་བྱས་ནས། བོད་ལ་དགེ་བཤེས་ཤིག་འཇོག་པར་ཕལ་ཆེར་ལོ་ཉི་ཤུ་ནས་སུམ་ཅུ་བར་དཔེ་ཆར་ལྟ་དགོས་པ་རེད། དེ་དག་གི་རྩ་བ་བློར་བཟུང་། འགྲེལ་བའི་ཚིག་སྣེ་དག་བློར་འཛིན་གྱིན་ཡོད།  དཔེར་ན། ངོས་རང་ཆུང་བའི་དུས་ནས་རྒྱན་འཇུག་གཉིས་བློར་བཟུང་བ་ཡིན། དེ་བཞིན་རྣམ་འགྲེལ་ལས་ཀྱང་ཐོར་བུ་སྒྲུག་ནས་བློར་བཟུང་བ་ཡིན། མཛོད་རྩ་བ་བློར་བཟུང་ཡང་ཧ་ཅང་ཕན་པོ་ཞིག་མི་འདུག ཅེས་སོགས་བཀའ་སློབ་དང་། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཨ་རིའི་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དྲ་ལམ་བརྒྱུད་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བཀའ་དྲིན་སྩོལ་བཞིན་པ། ༢༠༢༠།༡༢།༢༧ པར་བ། བསྟན་འཛིན་འཇམ་དཔལ་ལགས།

གཞན་ཡང་། བོད་གངས་ཅན་པ་ལ་སློབ་གཉེར་བྱེད་པའི་ཕྱག་སྲོལ་ཞིག་ཡོད་པས། ༸རྒྱལ་བ་རིན་པོ་ཆེ་ཡིན་ནའང་དམིགས་བསལ་གང་ཡང་ཡོད་པ་མ་རེད། ཆུང་ཆུང་ཡིན་དུས་ནས་དཔེ་ཆར་ལྟ་དགོས་པ་རེད། ང་དེ་དུས་དཔེ་ཆ་ལྟ་བར་སེམས་ཤུགས་ཆེན་པོ་མེད། ལེ་ལོར་གཡེང་བ་ཞིག་ཡོད། དེར་བརྟེན། ཡོངས་འཛིན་གླང་རིན་པོ་ཆེས་རྟ་ལྕགས་སེར་པོ་ཞིག་ངའི་དཔེ་ཆར་ལྟ་སར་བཀལ་ཡོད། དབྱར་ཁར་ནོར་བུ་གླིང་གར་ཡོང་དུས་རྟ་ལྕགས་དེ་མར་ཁུར་ཡོང་། དགུན་ཁར་རྩེ་ལ་སྡོད་དུས་ཡར་རྩེ་ལ་ཁུར་འགྲོ་གི་ཡོད། ངོས་་དང་མཉམ་དུ་བློ་བཟང་བསམ་གཏན་ལ་རྟ་ལྕག་དཀྱུས་མ་ཞིག་དང་༸རྒྱལ་བ་ཐམས་ཅད་མཁྱེན་པར་རྟ་ལྕགས་སེར་པོ་ཞིག་ཡོད། རྟ་ལྕག་དཀྱུས་མ་དང་སེར་པོ་ལ་ཁྱད་པར་མེད་པར་གཞུས་ན་ན་ཚ་གཏོང་ལུགས་གཅིག་པ་རེེད། སྐྱབས་སུ་མཆི། ཡོངས་འཛིན་རྣམ་པ་ཧ་ཅང་ཐབས་ལ་མཁས་པ་རེད། དཔེ་ཆ་དེ་ལྟར་བལྟས་པ་རེད། 

དེ་སྔ་ཡིན་ན་ང་ཚོ་བོད་ཀྱི་ཆོས་ལ་བླ་མའི་ཆོས་ལུགས་ཞེས་བཤད་ཀྱིན་ཡོད་རེད། ནང་བའི་ཆོས་དངོས་ཤིག་ཡིན་མིན་ཐེ་ཚོམ་བྱས་ནས་ཡོད་པ་ལྟ་བུ་ཞིག་རེད། ང་ཚོ་རྒྱ་གར་ལ་ཡོང་ནས་མཁས་པ་མང་པོར་ཐུག སེ་འབྲས་སོགས་ནས་དཔེ་ཆ་བ་མང་པོ་སླེབས་དུས། ང་ཚོ་བླ་མའི་ཆོས་ལུགས་མིན་པར་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དང་། དེ་ཡང་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་ཉར་ཚགས་བྱེད་ཀྱིན་ཡོད་པ་འཛམ་གླིང་ཡོངས་གྲགས་རེད། ང་ཚོས་རིགས་པས་དཔྱད་པ་བྱས་ནས་ཡོང་བའི་ཆ་ནས་ཚན་རིག་པ་ཚོས་ཀྱང་ང་ཚོར་ལག་སྦྲེལ་བྱེད་ཀྱི་ཡོད། ང་ལ་སྤོབས་པ་ག་རེ་ཡོད་ཅེ་ན། ང་ཚོས་ལུང་ཙམ་ལ་སྐྱབས་སུ་བཟུང་ནས་བསྡད་ཡོད་པ་མ་རེད། རིགས་པས་དཔྱད་པ་བྱས་ནས་འགྲོ་གི་ཡོད། ཚན་རིག་པ་ཚོས་ཀྱང་སྔར་གྱི་མཁས་པ་ཚོའི་བཤད་པ་ལ་ཆ་བཞག་གི་ཡོད་པ་མ་རེད། བརྟག་དཔྱད་དང་རྩད་གཅོད་བྱས་ནས་འགྲོ་གི་ཡོད། འདས་པའི་ལོ་བཅུ་ཕྲག་བཞི་ཙམ་རིང་ངས་ཚན་རིག་པར་འབྲེལ་བ་བྱས་པ་རེད། ཚན་རིག་པར་དངོས་ཁམས་རིག་པ་གཙོ་བོ་མ་གཏོགས་སེམས་ཁམས་རིག་པར་བཤད་རྒྱུ་མི་འདུག སེམས་སྐྱིད་དང་མི་སྐྱིད་ཅེས་པ་དེ་དངོས་ཡོད་གནས་ཚུལ་གལ་ཆེན་པོ་ཞིག་ཡིན་དུས། སེམས་མི་སྐྱིད་པ་ཡོང་བ་དེ་དད་པ་དང་སྨོན་ལམ་གཅིག་བུས་སེལ་མི་ཐུབ་པར་བརྟེན། སེམས་ཉིད་ལ་བརྟག་དཔྱད་བྱས་ནས་སེམས་དཀྲུག་མཁན་གྱི་བློ་དེ་ཤུགས་ཆུང་བར་བཏང་། སེམས་ཞི་བདེ་ཡོང་བའི་གསལ་རིག་དེ་ཤུགས་ཆེ་བར་གཏོང་དགོས་པ་རེད། སེམས་མི་སྐྱིད་པ་དེ་རིལ་བུ་འདྲ་བོ་ཟས་ནས་ཕན་གྱི་མ་རེད། ཨ་འཐས་ཀྱི་འཛིན་པས་སེམས་མི་སྐྱིད་པ་ཡོང་གི་ཡོད། ཁོ་ལ་གཉེན་པོ་བསྟེན་དགོས་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱང་ཨ་རིའི་ས་གནས་བོད་རིགས་གཞོན་སྐྱེས་ཀྱིས་དོགས་གནད་ཐོག་བཀའ་འདྲི་ཞུ་བཞིན་པ། ༢༠༢༠།༡༢།༢༧ པར་བ། བསྟན་འཛིན་འཇམ་དཔལ་ལགས།

ང་ཚོའི་སེམས་ཁམས་རིག་པའི་སྐོར་དང་། ངོས་ནས་ལུས་པོའི་འཕྲོད་བསྟེན་དང་སེམས་ཀྱི་འཕྲོད་བསྟེན་ཞེས་གཉིས་སུ་དབྱེ་ནས་བཤད་པ་དེར་ཚན་རིག་པ་ཚོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ལུས་ཀྱི་འཕྲོད་བསྟེན་འཛམ་གླིང་འདིར་ཡག་ཐག་ཆོད་ཡོད་རེད། ཡིན་ནའང་། སེམས་ཀྱི་འཕྲོད་བསྟེན་ཡོང་བ་ལ་ནང་པའི་སེམས་ཁམས་རིག་པའི་ནང་གི་སྤྱོད་འཇུག་གི་གཞུང་དག་ཧ་ལས་པ་རེད། དེར་བརྟེན། ཚན་རིག་པ་ཚོས་ཀྱང་དོ་སྣང་བྱེད་ཀྱི་འདུག

ངས་འདིར་ཀྲོག་ཀྲོག་བྱས་ནས་བཤད་ན། དེ་སྔ་ང་ཚོས་བླ་མའི་ཆོས་ལུགས་ཀྱི་ཞ་མོ་གོན་བསྡད་ཡོད། ང་ཚོ་རྒྱ་གར་ལ་སླེབས་ནས་ཚན་རིག་པ་མཉམ་དུ་གོ་བསྡུར་བྱས། མཁས་པ་མང་པོ་མཉམ་དུ་གོ་བསྡུར་བྱས་ནས་ཡོང་དུས་བླ་མའི་ཆོས་ལུགས་ཀྱི་ཞྭ་མོ་དེ་ཕུད་ནས་ཚན་རིག་པའི་ཞྭ་མོ་གོན་བསྡད་ཡོད། ང་ཚོས་རྒྱུ་མཚན་ལ་བསམ་བློ་བཏང་ནས་རིགས་པས་དཔྱད་པ་བྱས་ནས་འགྲོ་གི་ཡོད་རེད། དེ་ཚན་རིག་པའི་འགྲོ་སྟངས་རེད། དེར་བརྟེན། དེང་སྐབས་མི་མང་པོས་ངོས་ལ་ཚན་རིག་པ་ཞེས་བཤད་ཀྱི་ཡོད། ང་ཚོ་བོད་གངས་ཅན་གྱི་སངས་རྒྱས་ཀྱི་བསྟན་པ་དེ་འཛམ་བུ་གླིང་གི་སྤྱི་ནོར་རེད་ཅེས་བརྗོད་ཐུབ་ཀྱི་རེད། འཛམ་བུ་གླིང་འདིར་སེམས་མ་སྐྱིད་པར་ཡོད་པ་དེ་སེམས་ཁམས་རིག་པ་གལ་ཆེན་པོ་དང་། སེམས་ཁམས་རིག་པ་དེའང་སྨོན་ལམ་ཙམ་བརྒྱབ་ནས་མི་འཇོག་པར་སེམས་ལ་བརྟག་དཔྱད་བྱས་ནས་འགྲོ་དགོས་པ་ཞིག་ལ་གྱུར་དུས། བོད་ཀྱི་སངས་རྒྱས་ཀྱི་ཆོས་བཀའ་བསྟན་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེ་ཚད་མའི་གཞུང་ནས་དཔྱད་པ་བྱེད་པ་དང་། ལྟ་གྲུབ་ཀྱི་ཐོག་ནས་བཤད་པ་དེ་འཛམ་བུ་གླིང་གི་སྤྱི་ནོར་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་དབུ་འཛུགས་དང་། མཐར་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་རྗེས་ཆོས་འབྲེལ་གནང་སྒོ་རེ་ཞིག་ལེགས་པར་གྲུབ་ཡོད་པ་བཅས།། 

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།