༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

རྡོར་གདན་དུ་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་བ། ༢༠༢༠ ཟླ་བ་ ༡ ཚེས་ ༢

འགྲེམ་སྤེལ།

༄༅།། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་དགའ་ལྡན་ཤར་རྩེ་དང་བྱང་རྩེ་གྲྭ་ཚང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་། འཇམ་དབྱངས་ཆོས་སྐོར་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུའི་སྔོན་འགྲོའི་གསུང་ཆོས་སུ་ལག་ལེན་སོ་བདུན་མའི་གསུང་ཆོས་དབཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་མཎྡྲལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས་རྗེས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་དགེ་འདུན་པ་ཁག་གཅིག་གིས་པཱ་ལའི་སྐད་ཀྱི་ཐོག་སངས་རྒྱས་རྗེས་དྲན་གྱི་མདོ་གསུང་འདོན་དང་། དེ་བཞིན་maitreya སློབ་གྲྭའི་སློབ་ཕྲུག་གཞོན་ནུ་མ་ཁག་གཅིག་གིས་ལེགས་སྦྱར་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་བཞིན་རྒྱ་རིགས་དགེ་འདུན་པ་དང་བཙུན་མ། མི་སྐྱ་ཕོ་མོ་ཁག་གཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་མཚམས་སྨྲ་བསམ་བརྗོད་མེད་སོགས་གསུང་འདོན་དང་འབྲེལ་ནས་བཀའ་སློབ་སྩལ་དོན།

དེ་རིང་འདིར་པཱ་ལིའི་ཐོག་སངས་རྒྱས་རྗེས་དྲན་གྱི་མདོ་གསུངས་པ་རེད། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མི་ཐོགས་པར་གནས་མཆོག་ས་ར་ན་ཐ་ལ་བདེན་པ་བཞི་ནས་བརྩམས་པའི་ཆོས་འཁོར་དང་པོ་གསུངས་པ་དང་། དེ་ཉིད་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད། ཤྲི་ལངྒ། ཐའེ་ལན། འབར་མ། ཀམ་པོ་ཌི་ཡ། ལའོ་སི། དེ་བཞིན་རྒྱ་ནག་དང་བོད། ཀོ་རི་ཡ་སོགས་ལ་འདུལ་བའི་ཉམས་བཞེས་གཅིག་གྱུར་ཆགས་ཡོད། ལེགས་སྦྱར་གྱི་སྐད་དུ་ཡོད་པའི་སོ་ཐར་གྱི་མདོ་དང་། པཱ་ལིའི་སྐད་དུ་ཡོད་པ་ནི་སྡེ་པ་མི་འདྲ་བ་ཡིན་པ་དང་། ང་ཚོ་བོད་ལ་ཡོད་པ་ནི་རྩ་བའི་སྡེ་པ་བཞི་ལས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རེད། དེ་ནི་ཀླུ་སྒྲུབ་དང་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པ་རེད། པཱ་ལིའི་ཆོས་བརྒྱུད་ཀྱི་མང་ཆེ་བ་ནི་འཕགས་པ་གནས་བརྟན་པའི་སྡེ་པ་དང་། རྒྱ་ནག་ལ་ཆོས་སྲུང་སྡེ་པ་དེའང་ཡོད་པའི་སྐད་ཆ་འདུག  ལེགས་སྦྱར་ནང་ཡོད་པའི་སོ་སོར་ཐར་བའི་མདོ་དེ་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ང་གསུམ་དང་། པཱ་ལིའི་ནང་ཡོད་པ་དེར་ཉེས་བྱས་ཀྱི་གྲངས་ཀ་ཅུང་ཙམ་ཉུང་བ་ལས་དེ་མིན་གཅིག་མཚུངས་རེད།

དང་པོ་རྒྱ་ནག་ལ་དར་བ་དང་། དེ་ནས་བོད་དང་སོག་པོ་ཕྱི་ནང་ལ་རེད། རྒྱ་ནག་ནས་ཝེ་ཏི་ནམ་དང་ཀོ་རི་ཡ། ཉི་ཧོང་བཅས་ནི་ལེགས་སྦྱར་གྱི་ཆོས་བརྒྱུད་ཆགས་ཡོད། བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་བོའི་རི་ལ་གདུལ་བྱ་དབང་བོ་རྣོན་པོའམ་ཆོས་ལེགས་པར་རྣམ་འབྱེད་ཀྱི་ཤེས་རབ་ལ་དོ་སྣང་ཤུགས་ཆེན་པོ་ཡོད་མཁན་ཚོར་ཆེད་དུ་དམིགས་ནས་ཤེར་ཕྱིན་གྱི་མདོ་གསུངས་པ་རེད། འདིར་སློབ་ཕྲུག་ཚོས་ལེགས་སྦྱར་སྐད་དུ་ཤེས་རབ་སྙིང་པོ་བཏོན་པ་རེད། རྒྱ་རིགས་ཆོས་གྲོགས་ཚོས་རྒྱ་སྐད་དུ་ཤེས་རབ་སྙིང་པོ་བཏོན་པ་རེད། གང་ལྟར་ཨེ་ཤ་ཡའི་རྒྱ་ནག་གིས་མཚོན་པའི་ཡུལ་གྲུ་ཁག་མང་པོ་ཞིག་གིས་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་བཞིན་ཡོད། དེར་བརྟེན། ཕལ་ཆེར་ཨེ་ཤ་ཡའི་ཡུལ་གྲུ་ཡོངས་རྫོགས་སུ་སངས་རྒྱས་པའི་ཆོས་ཀྱིས་ཁྱབ་ཡོད་པ་ཞིག་རེད།

སྤྱིར་བཏང་གི་འཛམ་གླིང་འདིར་ཆོས་ལུགས་མང་པོ་ཡོད་པ་རེད། དེ་དག་མང་ཆེ་བ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཆགས། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་ལ་གསོལ་བ་འདེབས་པ་མ་གཏོགས་རང་རྒྱུད་ཀྱི་བློ་སྦྱང་སྟངས་ལ་དོ་སྣང་བྱེད་ཀྱི་མི་འདུག རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་ལུགས་ལ་བློ་སྦྱང་སྟངས་དེ་གསུང་གི་ཡོད་པ་རེད། ནཱ་ལེནྡྲའི་ཆོས་བརྒྱུད་དམ་ལེགས་སྦྱར་གྱི་ཆོས་བརྒྱུད་ནང་དུ་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། ལྟ་གྲུབ་ཧ་ཅང་ཟབ་ཅིང་བརླིང་བ་ཞིག་གསུངས་ཡོད་པས། དེང་སང་གི་དུས་ཚོད་ལ་ནུབ་ཕྱོགས་ཀྱི་ལུང་པའི་ནང་དུའང་གཙོ་བོ་ཤེས་ཡོན་ཅན་དང་། ཚན་རིག་པའི་ཁྲོད་ཆོས་ཕྱོགས་ཀྱི་སྐྱེ་བ་སྔ་ཕྱི་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་མེད་པར།  སངས་རྒྱས་པའི་ཆོས་ཀྱིས་བློ་སྦྱོང་སྟངས་ཧ་ཅང་ཤུགས་ཆེན་པོ་གསུངས་ཡོད་པས་དེང་སང་སྤྱིར་ཆོས་དད་མེད་མཁན་ཚོས་ཀྱང་སངས་རྒྱས་པའི་ནཱ་ལེནྡྲའི་གཞུང་ལ་དམིགས་བསལ་དོ་སྣང་ཞིག་ཡོང་བཞིན་འདུག སྟོན་པ་བཀའ་དྲིན་ཅན་བྱུང་ནས་ལོ་ཉིས་སྟོང་ལྔ་བརྒྱ་ཕྱིན་ཡོད་པ་རེད། གང་ལྟར་འཛམ་གླིང་འདིར་ཆོས་ལུགས་འགའ་ཤས་ལ་ཏོག་ཙམ་ཐེ་ཚོམ་བྱེད་མཁན་གྲས་ཀྱིས་སངས་རྒྱས་ཆོས་ལུགས་ལ་དམིགས་བསལ་དོ་སྣང་བྱེད་བཞིན་པ་ཆགས་འདུག དེར་བརྟེན། དུས་རབས་ཉི་ཤུ་པ་དང་ཉི་ཤུ་རྩ་གཅིག་པར་ནང་ཆོས་ལ་དོ་སྣང་བྱེད་མཁན་འཛམ་གླིང་ཤར་ནུབ་ཏུ་མང་པོ་ཞིག་ལ་དོ་སྣང་ཆེ་རུ་འགྲོ་བ་ཞིག་ཆགས་ཡོད་པ་རེད།

འདིར་འཛོམས་ཡོད་པ་རྣམས་ནི་ཕ་མེས་ནས་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཆགས་ཡོད་པ་རེད། དེར་བརྟེན། ང་རང་ཚོར་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་གལ་ཆེན་པོ་རེད། མངོན་རྟོགས་རྒྱན་གྱི་འགྲེལ་བ་འགྲེལ་བ་དོན་གསལ་གྱི་ནང་དུ། ཉན་ཐོས་ཞི་འཚོལ་མ་འགྲེལ་བཤད་སྐྱོན་ཡོང་སྐབས་དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་ཡུམ་ལ་བསྟོད་པའི་སྔོན་ལ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཇི་ལྟ་བུ་ཞིག་ཡིན་པ་གཏན་ལ་ཕབ་པ་དང་། གཅིག་དུ་བྲལ་གྱི་གཏན་ཚིགས་བཀོད་ནས་ཆོས་རྣམས་བདེན་པར་མ་གྲུབ་པའི་ཐོག་ནས་ཡུམ་ངོ་སྤྲད། དེ་ལྟ་བུའི་ཡུམ་དེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད་བྱེད་ཀྱི་ཉམས་ལེན་གཙོ་བོ་ཞིག་ཡིན་པ་དང་། དེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་བྱས་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་སྒོམ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་གསུངས་ཡོང་སྐབས། ཡུམ་ལ་ཤེས་ནས་དད་པ་ཐོབ་པའི་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་རྒྱུ་མཚན་བཀོད་ནས་ཞིབ་འཇུག་བྱས་ཏེ་དད་པ་བྱེད་འོས་དང་མི་འོས། འོས་པ་ཡིན་ན་རྒྱུ་མཚན་གང་དག་ཡིན་པ་ལ་བསམ་བློ་བཏང་ནས་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དང་། ཡུམ་ལ་དང་བ་སྐྱེས་པ་དེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་བརྟག་དཔྱད་ཀྱིས་ཆོས་རྣམས་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཞེས་ཤེར་ཕྱིན་གྱི་གཞུང་དུ་གསུང་པ་དེ་དངོས་གནས་རིགས་པ་དང་ལྡན་པ་ཞིག་དང་། དེས་ཉོན་མོངས་ལ་གཉེན་པོ་བྱེད་སྟངས་ལ་བསམ་བློ་འཁོར་ཡོང་དུས་འཁོར་ལོ་དང་པོའི་སྐབས། སྡུག་ལྡན་འཁོར་བའི་འཇུག་ཚུལ། ཀུན་འབྱུང་འཁོར་བའི་འཇུག་རིམ། དེ་ནས་ཐར་པར་དཀྲི་བའི་ལམ་བསྟན་ནས་གསུངས་པ་དང་། ཉོན་མོངས་ཀྱི་རྩ་བ་གང་ལ་ཐུག་ཡོད་པ་ལ་ཞིབ་འཇུག་བྱས་ཡོང་སྐབས་ཉོན་མོངས་ག་ཚོད་ཀྱིས་ཤུགས་ཆེན་པོ་ཡོད་ནའང་ལོག་ཤེས་ཆགས་ཡོད་པ་རེད། དེ་ལ་རྒྱབ་རྟེན་ཚད་མ་ཡོད་པ་མ་རེད།

དེང་སང་ཚན་རིག་པས་ཚད་རྡུལ་དངོས་ཁམས་རིག་པ་བཤད་སྐབས་ཕྱི་དངོས་པོའི་ཆ་ནས་སྣང་གནས་མི་མཐུན་པ་ཧ་ཅང་གསལ་བོ་བཤད་ཡོང་གི་འདུག ང་ཚོའི་གཞུང་གི་ནང་དུ་སྣང་གནས་མི་མཐུན་པ་བཤད་ནས་སྣང་ཚུལ་གྱི་ཐ་སྙད་ཀྱི་འགྲོ་སྟངས་གཅིག ཡིན་ལུགས་ཀྱི་དོན་དམ་པའི་གནས་སྟངས་ཀྱི་ཡིན་ལུགས་གཅིག་བཅས་བདེན་པ་གཉིས་ཀྱི་རྣམ་གཞག་གསུང་གི་ཡོད་པ་རེད། དེ་ལྟ་བུའི་ཆོས་ཚུལ་དེ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། ཅེས་གསུངས་འདུག ངོས་ཀྱིས་དེ་ལ་གོ་བ་འདི་ལྟར་ལེན་གྱི་ཡོད། ཟབ་ཞི་ཞེས་པས་འཁོར་ལོ་དང་པོ་དང་། ཀུན་ནས་ཉོན་མོངས་ཕྱོགས་དང་རྣམ་བྱང་ཕྱོགས་གསུངས་ཡོང་བ་ཡིན་པས་ཟབ་ཞི་དང་། སྤྲོས་བྲལ་ཞེས་པས་འཁོར་ལོ་བར་བ། ཤེར་ཕྱིན་གྱི་གཞུང་དེ་དག་གིས་མཚོན་ནས་ངོ་བོ་ཉིད་ཀྱིས་གྲུབ་པ་གཏན་ནས་མེད་པ། ཆོས་ཐམས་ཅད་བདེན་པའི་སྤྲོས་པ་དང་བྲལ་བ་གསུངས་པ་དང་། འོད་གསལ་འདུས་མ་བྱས་ཞེས་པའི་འཁོར་ལོ་གསུམ་པར་འཁོར་ལོ་བར་བའི་སྐབས་སུ་ཡུལ་གྱི་འོད་གསལ་ཞིབ་ཅིང་ཕྲ་བ་གཏན་ལ་ཕབ་ཡོད་པ་དེ་སྒོམ་བྱེད་ཀྱི་བློ་ཡིད་ཅན་གྱི་འོད་གསལ་ཞིབ་ཚགས་པོ་བྱས་ནས་གསུངས་ནས་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་དང་། དེ་བཞིན་མྱང་འདས་ཀྱི་མདོ་བཅས་སུ་ཕལ་ཆེར་གཉུག་མའི་འོད་གསལ་གྱི་བློ་ཕྲ་རག་གསང་སྔགས་ནང་བཞིན་ཞིབ་ཚགས་པོ་བཤད་མེད་ཀྱང་གང་ལ་གང་འཚམ་ཞིག་གསུང་ཡོང་གི་འདུག རྒྱུད་བླ་མའི་ནང་དུ་དཔེ་དགུ་དོན་དགུ་གསུངས་ནས་སེམས་སྟེང་གི་དྲི་མ་སྦྱོང་བ་དང་། དྲི་མ་གློ་བུར་བ་ཡིན་པ། སེམས་རང་བཞིན་གྱིས་འོད་གསལ་བ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ང་རང་ཚོའི་རྒྱུད་ལ་ཡོད་པ་ཅིག་གསུངས། འཁོར་ལོ་མཐའ་མའི་སྐབས་སུ་ཡུད་ཅན་གྱི་འོད་གསལ་གསུངས་ཡོད་པ་དེའི་འགྲེལ་བཤད་ཆ་ཚང་བ་གསང་སྔགས་བླ་མེད་སྐབས་སུ་ཐོན་ཡོང་གི་ཡོད། སྔགས་ཀྱི་སྐབས་སུ་གཉུག་མ་ལྷན་གཅིག་སྐྱེས་པའི་འོད་གསལ་ཞེས་སེམས་ཕྲ་རག་གི་དབྱེ་བ་བྱས་ནས་སེམས་ཕྲ་བ་དང་། ཕྲ་བའི་ནང་ནས་ཤིན་ཏུ་ཕྲ་བ་དེ། ད་ལྟ་ཡོད་པའི་གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་དེ་སངས་རྒྱས་ཀྱི་ས་ལ་འགྲོ་མཁན་ཆགས་ཡོད་པ་རེད། དེ་ཞིབ་ཕྲ་གསང་སྔགས་ཀྱི་གཞུང་ནས་གསུངས་ཡོང་གི་འདུག གང་ལྟར་བཅོམ་ལྡན་འདས་ཀྱིས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། ཞེས་གསུངས་པ་དེས་འབྱུང་འགྱུར་བཅོམ་ལྡན་འདས་ཀྱིས་འཁོར་ལོ་རིམ་པ་གསུམ་བསྐོར་ནས་གསུངས་པ་དེའི་དོན་དག་སྙིང་པོ་བསྡུས་ནས་གསུངས་པ་གོ་ཡོང་གི་འདུག  ཅེས་སོགས་དང་།

གཞན་ཡང་།  བཅོམ་ལྡན་འདས་ཀྱིས་ལོ་ ༢༥༠༠ སྔོན་ལ་ངའི་བསྟན་པ་བྱང་ནས་བྱང་དུ་དར་གྱི་རེད་ཅེས་གསུངས་ཡོད་པ་རེད། དེ་བདེན་པ་རེད། རྒྱ་གར་གྱི་བྱང་བོད་དང་། བོད་ཀྱི་བྱང་སོག་པོ་རེད། ངོས་ཀྱི་བསམ་བློར་འདི་འདྲ་ཞིག་འཁོར་བ་རེད། ད་ནི་སངས་རྒྱས་ཀྱི་བསྟན་པ་ལྷོ་ནས་ལྷོ་ལ་དར་བ་ཡོད་པ་ལྟ་བུ་འདུག བོད་ནས་ལྷོ་རྒྱ་གར་དང་ཧི་མ་ལ་ཡའི་རི་རྒྱུད་ཁག དེ་དག་གིས་རྐྱེན་བྱས་ཏེ་འཛམ་གླིང་ཡུལ་གྲུ་མང་པོར་ཁྱབ་འགྲོ་བ་ལྟ་བུ་འདུག དེ་རེད་ཀྱང་རེད།

སེམས་མ་སྐྱིད་པ་ཡོད་ཚེ་དངོས་པོ་ཡར་རྒྱས་ཅི་ཙམ་ཡོད་ཀྱང་སྐྱིད་པོ་གང་ཡང་མེད། དངོས་པོ་ཡར་རྒྱུས་གཅིག་པུས་སེམས་ལ་ཆགས་སྡང་འཕེལ་བ་མ་གཏོགས་མི་འདུག མ་སྐྱིད་པ་བཟོ་མཁན་ཆགས་སྡང་གཉིས་ཀྱིས་བྱེད་ཀྱི་ཡོད། ཆགས་སྡང་གཉིས་ལ་རྒྱུ་དངོས་པོའི་འགྲོ་སོང་བཏང་ནས་ཉུང་དུ་གཏོང་རྒྱུ་ཡོད་པ་མ་རེད། ཁབ་རྒྱག་པ་དང་སྨན་ཟ་བ་ལྟ་བུས་སྐབས་ཐོག་སེམས་འཁྲུག་ཡོད་པ་ལྟ་བུ་ལ་ཕྲན་བུ་འཇགས་རྒྱུ་ཡོང་གི་རེད་མ་གཏོགས། རྩ་བའི་སེམས་ལ་འགུལ་སྐྱོད་གཏོད་ཐུབ་རྒྱུ་ཁྱོན་ནས་མེད། རྒྱ་གར་འཕགས་པའི་ཡུལ་ལ་ལོ་སུམ་སྟོང་གོང་ནས་འཚེ་བ་མེད་པ་དང་། སྙིང་རྗེ་ཞེས་བྱུང་བ་དང་། འཚེ་བ་མེད་པ་ཞེས་པ་ནི་འཚེ་བ་མ་ཡོང་བ་ཤོག་ཟེར་གྱི་ཡོད་པ་མ་རེད། འཚེ་བ་ཡོང་བའི་རྐྱེན་དེ་ཞེ་སྡང་གིས་བྱེད་ཀྱི་ཡོད་པས་སེམས་བཟང་པོ་བྱེད་པར་སྙིང་རྗེ་ཞེས་པ་ཐོན་ཡོང་གི་ཡོད། ཕལ་ཆེར་ལོ་སུམ་སྟོང་གི་མཚམས་སམ་ནང་ཆོས་མ་དར་གོང་ནས་རྒྱ་གར་གྱི་མུ་སྟེགས་པའི་གཞུང་གི་ནང་དུ་སེམས་ལ་བཟོ་བཅོས་རྒྱག་པའི་ཏིང་ངེ་འཛིན་སྒོམ་པ་དང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་དཔྱད་སྒོམ་བྱེད་པ་ཡོད་པ་ལྟ་བུ་འདུག ཅེས་དང་།

བླ་མ་མཆོད་པ་ལས། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།། ཞེས་པ་ལྟར་རེད། ང་ཚོའི་མཐོང་ཆོས་ལའང་འཛམ་གླིང་འདིར་སྲོག་ཆགས་དུད་འགྲོ་ཞིག་ཡིན་ནའང་། ཞི་བདེ་བྱས་ཏེ་བསྡད་པ་ཡིན་ན་ཉེ་འཁོར་གྱི་དུད་འགྲོ་ཚང་མ་ལྷོད་ལྷོད་ཡོང་གི་འདུག དུད་འགྲོ་གཅིག་གི་སེམས་འཁྲུག་ནས་བསྡད་ཚེ་ཉེ་འཁོར་གྱི་དུད་འགྲོ་རྣམས་ཀྱང་འདྲོག་ནས་སྡོད་དགོས་ཀྱི་འདུག ང་རང་ཚོའི་མིའི་སྤྱི་ཚོགས་ནང་ལའང་ག་ཚོད་ཀྱིས་གཞན་གཅེས་འཛིན་གྱི་བློ་ཡོད་པ་ཡིན་ན། དེའི་ཉེ་འཁོར་ལ་ཡོད་པའི་སེམས་ཅན་དུད་འགྲོ་ཚུན་ཆད་བག་ཕེབས་ནས་སྡོད་ཐུབ་པ་ཞིག་རེད། ད་ལྟའི་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་སྟེང་སྡུག་བསྔལ་མང་པོ་ཞིག་ཡོད་པ་དང་། མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ཀྱང་། སྡུག་བསྔལ་མང་པོ་ཞིག་མིས་བཟོ་བཞིན་འདུག སྡུག་བསྔལ་འདོད་ནས་སྡུག་བསྔལ་བཟོས་པ་མིན་ཀྱང་། རྨོངས་ནས་ཆགས་སྡང་དང་དུ་བླངས་ཤིང་། ཆགས་སྡང་ལ་རྐྱེན་ཡོད་པ་དང་གཉེན་པོ་བསྟེན་སྟངས་མ་ཤེས་པ། དེ་བཞིན་དཀོན་མཆོག་ལ་ཡིད་ཆེས་བྱེད་མཁན་ཚོས་ཀྱང་གང་འཚམ་ནས་འུ་ཐུག་ཚེ་དཀོན་མཆོག་གིས་བཟོས་པ་རེད་ཅེས་འགན་དཀོན་མཆོག་ལ་འགེལ་བའི་ཉེན་ཁ་འདུག གང་ལྟར། སེམས་བཏུལ་ན་བདེ་སྐྱིད་དང་། སེམས་མ་བཏུལ་ན་སྡུག་བསྔལ་རེད། སེམས་འདུལ་བྱེད་ཐབས་ཤེས་གཉིས་རེད། བྱང་ཆུབ་ཀྱི་སེམས་ཀྱིས་རང་གཅེས་འཛིན་ཤུགས་ཆུང་དུ་གཏོང་བ་དང་། གཞན་གཅེས་པར་འཛིན་པའི་ཤུགས་ཡར་སྤེལ་ནས། སྤྱོད་འཇུག་ལས། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི།། སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི།། བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས།། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས།། ཞེས་གསུངས་པ་ལྟར་རེད། ཅེས་དང་།

རང་གཅེས་འཛིན་ཤུགས་ཆུང་དུ་གཏོང་བ་དང་གཞན་གཅེས་འཛིན་ཤུགས་ཆེ་རུ་གཏོང་བ་ཞིག་མ་བྱུང་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་མེད་པ་ཨ་ཅང་ཅང་། འཕྲལ་དུ་ཚེ་འདི་ལ་ཡིན་ནའང་དོགས་པ་རྣམ་རྟོག་ཁོ་ནའི་ངང་ནས་འདུག་དགོས་པ་ཞིག་ཆགས་ཀྱི་རེད། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། ཅེས་གསུངས་པ་ལྟར། མཐོང་ཆོས་ཀྱི་འཛམ་གླིང་འདིར་རྙོག་དྲ་ཧ་ཅང་མང་པོ་ཡོད་པ་དེར་བསམ་བློ་ཐོངས་དང་། ཡར་མགོ་ཁྲིད་ཚོ་ཡིན་ནའང་རེད། བར་གྱི་ཆབ་སྲིད་པ་ཚོ་ཡིན་ནའང་རེད། མི་མང་ཡིན་ནའང་རེད། གང་ལྟར་རང་གཅེས་འཛིན་གྱི་གོང་བུ་བྱས་ནས་སྡོད་ཀྱི་འདུག གཞན་གཅེས་འཛིན་གྱིས་ལྡེང་གི་མི་འདུག

དོན་དངོས་སུ་མང་གཙོ་ཞེས་པ་དེ་ཧ་ཅང་ཡག་པོ་རེད། མང་གཙོ་དཔྱིས་ཕྱིན་པ་ཞིག་ཡོང་བ་ལ་གཞན་གཅེས་འཛིན་དགོས། མང་གཙོ་ཁ་ལ་འཁྱེར་ནས་རང་བདེ་སྒྲུབ་ཚེ་དོན་དག་རང་གཅེས་འཛིན་གྱི་གཞན་དབང་དུ་སོང་ཡོད་པ་ཡིན་པས་བདེ་སྐྱིད་ཡོང་ཐབས་མེད། འཛམ་གླིང་གང་སར་ལྟོས་དང་། ཅུང་ཟད་ལྐོག་གྱུར་མ་ཡིན་པར་མཐོང་བ་མངོན་གྱུར་རེད། མི་རང་གིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཀའ་ངལ་དང་སྡུག་བསྔལ་ཉུང་དུ་གཏོང་བ་དང་། བདེ་སྐྱིད་མང་དུ་གཏོང་རྒྱུའི་ཚབ་ལ་དྲན་རྒྱུ་རྒོད་པོ་དང་། བྱེད་རྒྱུ་འབེལ་བོ། དཔལ་འབྱོར་གྱི་ཐོག་ནས་བཤུ་གཞོག་གཏོང་བ་དང་། མགོ་སྐོར་གཏོང་བ། དབང་ཡོད་བཤད་པ་སོགས་ཡོང་བཞིན་འདུག དེར་བརྟེན། བདེ་སྐྱིད་ལྡན་པའི་འཛམ་བུ་གླིང་ཞིག་བྱེད་དགོས་ཚེ་དངོས་པོ་ཡར་རྒྱས་གཅིག་པུའི་ལྡེང་གི་མེད་པར་སྔོན་ལ་སེམས་ལ་བྱམས་བརྩེ་དགོས་པ་གལ་ཆེན་པོ་རེད། ཅེས་སོགས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་བ་དང་།

ཆུ་ཚོད་ ༡༠།༡༡ ཙམ་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དབུ་འཛུགས་ཀྱིས་བཤད་ལུང་བཀའ་དྲིན་སྩལ་ཏེ་ཆུ་ཚོད་ ༡༡།༠༠ མ་ཟིན་ཙམ་ལ་ལེགས་པར་གྲུབ་ཡོད་པ་དང་། ཐེངས་འདིའི་གསུང་ཆོས་སྐབས་རྒྱལ་ཁབ་ ༦༧ ནས་ཆོས་ཞུ་བ་གྲངས་ ༣༥༠༠༠ བརྒལ་ཕེབས་ཡོད་པ་དང་། གསུང་ཆོས་རིང་ཨིན་སྐད། རྒྱ་སྐད་དང་། ཧིན་རྡུའི་སྐད། ཝི་ཏི་ནམ་གྱི་སྐད། ར་ཤཱི་ཡའི་སྐད། ཀོ་རི་ཡའི་སྐད། ཉི་ཧོང་སྐད། སོག་སྐད། སི་པིན་ནེ་ཤིའི་སྐད། ཨི་ཊ་ལིའི་སྐད། ཕོར་ཇི་གྷལ་གྱི་སྐད་བཅས་སུ་གསུང་བསྒྱུར་ཞུས་ཡོད་པ་རེད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།