༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། ༢༠༡༨ ཟླ་བ་ ༨ ཚེས་ ༢༠

འགྲེམ་སྤེལ།

༄༅། །ཕྱི་ལོ་༢༠༡༨ ཟླ་༨ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་བདུན་པ་ཙམ་ནས་མི་རིགས་འདྲ་མིན་གྱི་དད་ལྡན་ཁག་ཅིག་མཇལ་ཁ་སོགས་མཛད་འཕྲིན་བསྐྱངས་རྗེས་ཆུ་ཚོད་ ༡༡། ༤༥ ཙམ་ལ་ཕོ་བྲང་མཇལ་འཕྲད་ཁང་དུ་ཕེབས་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་དྲུང་ཆེ་སོགས་ཀྱིས་མཇལ་ཁ་ཞུས་རྗེས་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་རྒྱལ་ཁབ་ ༡༤ ནས་ཕེབས་ཡོད་པ་དང་། བུད་མེད་བརྒྱ་ཆ་ ༤༦ དང་། སྐྱེས་པ་བརྒྱ་ཆ་ ༥༤ ཡོད་སྐོར་༸སྙན་སེང་ཞུས་པ་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཅང་ཡག་པོ་བྱུང་འདུག་ཅེས་འཚམས་འདྲི་དང་འབྲེལ་བཀའ་སློབ་སྩལ་དོན།

ང་ཚོའི་མིའི་སྤྱི་ཚོགས་གང་དང་གང་དུ་ཡིན་ནའང་། གང་ལྟར་རྒྱ་མིའི་སྐད་ཆ་ལྟ་བུ་འདུག་ཀྱང་མདུན་ནས་མདུན་དུ་བསྐྱོད་པ་ཞིག་ལ་བསམ་བློ་གཏོང་དགོས། འཆར་ཅན་ལྟར་བསྡད་པ་མིན་པར་བྱོས། མཁྱེན་སོང་ངམ། དེར་བརྟེན། མདུན་ནས་མདུན་དུ་གོམ་པ་སྤོས་ནས་འགྲོ་བར་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་བཏང་ནས་གོ་བསྡུར་བྱེད་རྒྱ་ཧ་ཅང་གལ་ཆེན་པོ་རེད། ལྔ་དང་ལྔ་བཅུ་ཞེས་པ་འདི་ཧ་ཅང་སྙིང་རྗེ་བོ་རེད། མདོ་དོན་སྙིང་པོ་དེ་རིང་འདིར་ཁྱོད་རང་ཚོར་འདི་བཤད་འདོད་བྱུང་། ང་ཚོ་བོད་པས་བོད་དོན་བོད་དོན་ཞེས་བཤད་བཞིན་པ་ནི་ལུང་པ་ཆ་ངེ་ཆུང་ངེ་ཞིག་གིས་སོ་སོའི་ལུང་པའི་དོན་དག་བཤད་བཞིན་པ་དང་ཕལ་ཆེར་འདྲ་ཡི་མ་རེད། ཨ་ཧྥེ་རི་ཁ་(Afirka)དང་དཀྱིལ་ཤར་ཡུལ་གྲུ་ (Middle East) ལྟ་བུའི་སོ་སོས་གཅིག་བཤད་བསྡད་པ་ཞིག་ཡོད་པ་རེད། ང་ཚོས་བཤད་པ་ནི་ངོས་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ན། འདས་པའི་ལོ་བཞི་བཅུ་མ་ཟིན་ཙམ་གྱི་རིང་ལ་ཚན་རིག་པ་དང་འཛམ་གླིང་གི་མཁས་དབང་མང་པོར་ཐུག་ཡོད་པ་རེད། ཁོ་ཚོར་ཐུག་ཡོང་སྐབས་ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ནཱ་ལེནྡྲ་ནས་ཡོང་བའི་ཤེས་ཡོན་དེ་ནི་རྒྱུ་མཚན་ལྡན་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པས་ཧ་ཅང་གལ་ཆེན་པོ་ཞིག་རེད། ནཱ་ལེནྡྲ་ལ་དེང་སང་གྱང་རོ་མ་གཏོགས་གང་ཡང་ཡོད་པ་མ་རེད། ངོས་ནས་ནམ་རྒྱུན་པཎ་གྲུབ་བཅུ་བདུན་ཞེས་བཤད་བཞིན་པའི་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་སངས་རྒྱས་ཀྱི་བཀའ་རེད་ཅེས་དད་པ་གཅིག་པུ་མིན་པར་ཉམས་ཞིབ་གནང་ནས་སངས་རྒྱས་ཀྱི་བཀའ་ཡིན་ཡང་དོགས་པ་བཀོད་བྱུང་ཡོད། སངས་རྒྱས་ཀྱིས་བཀའ་འདི་ལྟ་བུ་ཞིག་གནང་འདུག་ཀྱང་དེ་ལ་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་བཏང་ན་འགལ་འདུ་འདུག་ཅེས་དེ་ལ་དགག་པ་བརྒྱབ་ཡོད། ནཱ་ལེནྡྲའི་མཁས་དབང་དེ་དག་གིས་བསམ་བློ་གཏོང་སྟངས་ནི་རྒྱུ་མཚན་གཙོ་བོར་བྱས་ནས་ཞིབ་འཇུག་བྱས་ཡོད་པས་སེམས་ཁམས་རིག་པ་དང་ཚད་མ་རིག་པ་སོགས་དེང་སང་འཛམ་གླིང་ཁྱད་དུ་འཕགས་པ་ཞིག་ཆགས་ཡོད། དེ་ཡང་ངོ་མཚར་ཆེན་པོ་རེད་ཅེས་པ་ཙམ་ལས་བཞག་པ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་འཛམ་གླིང་འདིར་དགོས་མཁོ་ཡོད་པ་ཧ་ཅང་གསལ་བོ་རེད།  ངོས་ཀྱི་ཉམས་མྱོང་གི་ཐོག་ནས་ཐག་བཅད་ནས་བཤད་ཐུབ་པ་ཞིག་ནི་ང་ཚོས་ལོ་སྟོང་ཕྲག་རིང་ལ་བདག་པོ་བརྒྱབ་ཡོད་པའི་ནཱ་ལེནྡྲའི་རིག་གཞུང་དེ་འཛམ་གླིང་སྤྱིའི་ཁྱད་ནོར་དང་སྤྱི་ནོར་རེད་ཅེས་བརྗོད་ཐུབ་པ་ཞིག་ཆགས་འདུག། མཁྱེན་སོང་ངམ།

དེ་ལྟ་བུའི་རིག་གཞུང་ཞིག་ཡོད་པ་ལ་དེ་སྔ་བོད་ཀྱི་གཞུང་ཆེན་སློབ་སྦྱོང་ཡོད་སའི་གདན་སའི་གྲས་དང་། དེའི་ནང་ནས་དགེ་བཤེས་ཚོ་རེད་མ་གཏོགས་མང་ཆེ་བར་ཆེན་པོ་ཆེན་པོ་ཡོད་པ་མ་རེད། ཕྱི་ལོ་ ༡༩༥༨ ལོར་ངོས་རང་སེ་འབྲས་སོགས་སུ་གྲྭ་སྐོར་ལ་ཕྱིན་པ་རེད། དེ་དུས་འབྲས་སྤུངས་བློ་གསལ་གླིང་ལ་དགེ་འདུན་པ་ག་ཚོད་ཡོད་ཅེས་བཀའ་འདྲི་ཞུས་པར་ལྔ་སྟོང་ཡོད་ཟེར། དཔེ་ཆར་ལྟ་མཁན་ག་ཚོད་ཡོད་ཅེས་དྲིས་པར་སྟོང་ཕྲག་གཅིག་ཡོད་ཟེར། གྲྭ་བ་བཞི་སྟོང་གིས་འགྱེད་བླངས་གྲྭ་ཆས་ཤིག་གོན་ནས་འདུག་པ་མ་གཏོགས་དཔེ་ཆར་བལྟ་གི་མི་འདུག། ཞབས་འདྲེན་མ་རེད་དམ། མི་སྟོང་ཕྲག་ལྔ་ཡོད་པའི་ནང་ནས་སྟོང་ཕྲག་གཅིག་གིས་མ་གཏོགས་དཔེ་ཆ་མི་བལྟ་མཁན་ཆགས་པ་རེད། དེར་བརྟེན། རྒྱ་གར་དུ་སླེབས་ནས་དེ་སྔ་དཔེ་ཆ་མི་བལྟ་བའི་དགོན་པ་ཚོས་ཀྱང་དཔེ་ཆ་བལྟ་དགོས་ཀྱི་འདུག་ཅེས་བཤད། དཔེར་ན། རྣམ་རྒྱལ་གྲྭ་ཚང་གིས་མཚོན་པའི་རྒྱུད་གྲྭ་སྨད་སྟོད་ཀྱི་བསྐྱེད་རིམ་པ་ཚོས་ནམ་རྒྱུན་དཔེ་ཆ་བལྟ་གི་མེད་པས་དཔེ་ཆ་བལྟ་དགོས་པ་རེད། བཙུན་མ་ཚོས་ཀྱང་དཔེ་ཆ་བལྟ་དགོས་པ་རེད་ཅེས་ངོས་ནས་འབོད་སྐུལ་བྱས་པ་རེད། དེ་བཞིན་སྐྱ་བོ་ཕོ་མོ་ཚོ་ཡིན་ནའང་དཔེ་ཆ་བལྟ་དགོས་པ་རེད། སློབ་གཉེར་བྱེད་དགོས་ང་ཚོ་ནང་པའི་ཆོས་བྱེད་མཁན་ཚོ་དུས་རབས་ ༢༡ པའི་ནང་པ་བྱེད་དགོས་པ་རེད། ང་ཚོའི་པ་ལགས་དང་ཨ་མ་ལགས་ཚོས་སྐྱབས་སུ་མཆི་ཞེས་བརྗོད་བསྡད་པ་དང་། སྔགས་བགྲངས་ནས་བསྡད་པ་ལྟ་བུ་མིན་པར་ནང་ཆོས་ཀྱི་འགྲོ་སྟངས་ཇི་ལྟར་ཡིན་པ་དང་། ནཱ་ལེནྡྲའི་མཁས་པ་ཚོས་བཅོམ་ལྡན་འདས་རང་གི་བཀའ་ལ་དགག་པ་བརྒྱབ་པ་ཡོད་པ་རེད། དེ་རྒྱུ་མཚན་ཇི་ལྟ་བུ་ཞིག་གི་ཐོག་ནས་དགག་པ་བརྒྱབ་འདུག། དེ་ནི་བཅོམ་ལྡན་འདས་ལ་མ་གུས་པ་མ་ཡིན་པར་བཅོམ་ལྡན་འདས་ཀྱིས་དེ་འདྲ་གསུངས་ཡོད་པ་རེད། གསུངས་པ་དེ་དགོས་དབང་གིས་གསུངས་པ་རེད། གསུངས་སའི་གདུལ་བྱའི་ཁམས་དང་མོས་པ་ལ་བརྟེན་ནས་གསུངས་པ་རེད། དེ་ང་ཚོས་སྒྲ་ཇི་བཞིན་པ་ཁས་བླངས་ན་རུང་གི་མ་རེད། དཔེར་ན། རྒྱ་ནག་ལ་ཆ་བཞག་ན་མདོ་སྡེ་དགོངས་འགྲེལ་ཧ་ཅང་རྩ་ཆེན་པོར་རྩི་བཞིན་ཡོད་པ་རེད། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོ་སྡེ་དགོངས་འགྲེལ་དྲང་དོན་རེད་ཅེས་དགག་པ་སྐྱོན་ཡོད་པ་རེད། མཁྱེན་སོང་ངམ།

ང་ཚོའི་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་རིགས་པའི་ལམ་ནས་འགྲོ་བ་ཞིག་དང་། རིགས་ལམ་གྱི་སྐོར་ལ་མཚོན་ན་རྒྱ་ནག་ལ་ཚད་མ་རིག་པའི་སྐོར་ཆ་ཚང་འགྱུར་མི་འདུག། བོད་སྐད་དུ་ཆ་ཚང་འགྱུར་ཡོད། སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་ཆ་ཚང་འགྱུར་ཡོད། དེ་ལ་སློབ་གཉེར་ཡང་ཧ་ཅང་ཤུགས་ཆེན་པོ་བྱེད་པ་རེད། བོད་གངས་ཅན་པ་རང་གི་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་མཆོག་ལ་མཚོན་ན་ཁོང་རང་གིས་ཚད་མའི་གཞུང་མཛད་ཡོད། རྒྱ་ནག་ལ་དེ་ལྟ་བུའི་ཚད་མའི་གཞུང་མང་པོ་མི་འདུག། དེ་བཞིན་འབར་མ་དང་ཐའེ་ལན། ཤྲི་ལིངྒ་བཅས་ནི་པཱ་ལིའི་གཞུང་ཡིན་པས་ཚད་མའི་གཞུང་ཡོད་པ་མ་རེད། ནང་པའི་གཞུང་ཚད་མ་རིག་པ་ཐེ་བའི་མང་པོ་ཞིག་ལ་སློབ་གཉེར་བྱེད་རྒྱུ་ཡོད་པ་ནི་ཕལ་ཆེར་བོད་གཅིག་པུ་རེད། གཉིས་ནས་ང་ཚོའི་གཟི་བརྗིད་ངོམས་རྒྱུ་གཅིག་ནི་ང་ཚོའི་བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དེ་དག་ནི་བོད་ཡིག་ནང་དུ་ཡོད་པས་ལེགས་སྦྱར་སྐད་སློབ་དགོས་ཀྱི་མེད། ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་གཞུང་སྦྱངས་དུས་སོ་སོའི་སྐད་ཡིག་ཐོག་སྦྱང་གི་ཡོད་པ་རེད་མ་གཏོགས་ལེགས་སྦྱར་སྐད་སྦྱང་བ་དང་པཱ་ལིའི་གཞུང་སྦྱང་གི་མེད། དེ་ནི་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་ཧ་ལས་པའི་དགོངས་པ་རྒྱ་ཆེན་པོ་རེད། ནང་ཆོས་རྒྱ་གར་ནས་ཚུར་དར་བ་རེད། རྒྱ་ནག་བརྒྱུད་ནས་ནང་ཆོས་མ་ཞུས་པར་རྒྱ་གར་རང་ནས་ཐད་གར་ཞུས་པ་དང་། བོད་ཡིག་དེའང་རྒྱ་ནག་ལ་དཔེ་མ་བལྟས་པར་རྒྱ་གར་ཡི་གེ་ལ་དཔེ་བལྟས་ཏེ་དབྱངས་དང་གསལ་བྱེད་ཡོད་པའི་ཡིག་ཆ་དེ་བོད་པ་རང་གི་རང་བཙན་ལྟ་བུ་ཞིག་རེད། རྩ་བའི་དཔེ་ལེན་ས་ནི་དབྱངས་དང་གསལ་བྱེད་རྒྱ་གར་སྐད་ཡིག་ནས་དཔེ་བླངས་པ་ཡིན་ཡང་། རྒྱ་གར་སྐད་ཡིག་དང་ཡང་མི་འདྲ་བ་དང་རྒྱ་ནག་གི་སྐད་ཡིག་ལའང་མི་འདྲ་བར་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཅིག་བཟོས་པ་དང་། སྐད་ཡིག་དེའི་ནང་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པ་དེ་དག་ཐོག་ནས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་གཞུང་ཆེན་དང་འབྲེལ་བ་ཡོད་པ་ཆ་ཚང་བ་ཞིག་ང་ཚོའི་བོད་ཡིག་ནང་ཡོད་པ་ཞིག་རེད།

མང་པོ་ཞིག་གིས་བཀའ་འགྱུར་བསྟན་འགྱུར་ཞེས་དད་པ་བྱེད་ས་ཞིག་ཏུ་བརྩིས་ནས་བཞག་ཡོད་ཀྱང་། རིས་མེད་ཀྱི་ཆོས་སྡེ་ཁག་གིས་གཞུང་ཆེན་དེ་དག་ལ་ལོ་ཉི་ཤུ་སུམ་ཅུའི་རིང་བལྟ་བཞིན་ཡོད་པ་རེད། སྔ་མོ་ས་སྐྱ་གཞུང་ཆེན་སློབ་པ་ལ་ཧ་ཅང་ཡག་པོ་ཡོད་པ་རེད། ཕྱིས་སུ་དགེ་ལུགས་གཙོ་བོ་ལྟ་བུ་རེད། དེ་ནས་མར་བོད་གངས་ཅན་གྱི་གཞུང་ལ་སངས་རྒྱས་པའི་ཆོས་རིག་པའི་ལམ་ནས་གཏན་ལ་ཕབ་རྒྱུ་ཞིག་ཡོད་པ་ནི་དེང་སང་ཚན་རིག་པ་དང་མཉམ་དུ་རྐུབ་གྲལ་སྒྲིག་ནས་གོ་བསྡུར་བྱེད་ཐུབ་པ་ཞིག་འདུག། སངས་རྒྱས་ཀྱིས་གསུངས་པ་རེད་ཅེས་དད་པ་གཅིག་པུའི་ཐོག་ནས་ཕྱིན་ཚེ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་རྒྱུ་ཡོད་པ་མ་རེད། ལོ་གཅིག་ལྡི་ལིར་ཐའེ་ལན་གྱི་བྷན་ཀོག་ནང་བསྟན་གཙུག་ལག་སློབ་གཉེར་ཁང་ (Buddhist University Bangkok) གི་མཁས་དབང་མང་པོ་ཞིག་ལ་ངོས་རང་ཐུག་པ་རེད། ཐེག་པ་ཆེ་ཆུང་ཟེར་ནའང་འདྲ། པཱ་ལི་དང་ལེགས་སྦྱར་གཉིས་གར་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་བྱང་ཕྱོགས་སོ་བདུན་སོགས་ཐུན་མོང་པ་རེད། དེར་བརྟེན་ང་ཚོ་ཐུན་མོང་བ་བྱས་ཏེ་གོ་བསྡུར་བྱས་པ་རེད། སྐབས་དེར་ངོས་ཀྱིས་ཁོ་རང་ཚོར་ཁྱེད་རང་ཚོས་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་བྱང་ཕྱོགས་སོ་བདུན་སོགས་འགྲེལ་བཤད་རྒྱག་སྐབས་བཅོམ་ལྡན་འདས་ཀྱི་ལུང་ཙམ་ལ་བརྟེན་ནས་འགྲེལ་བཤད་བསྐྱོན་གྱི་ཡོད་དམ། རིགས་པའི་ཐོག་ནས་གཏན་ལ་ཕབ་སྟེ་འགྲེལ་བཤད་བསྐྱོན་གྱི་ཡོད་ཅེས་བཀའ་འདྲི་ཞུས་པ་ཡིན། ལུང་ཙམ་ལ་བརྟེན་ནས་འགྲེལ་བཤད་བསྐྱོན་གྱི་ཡོད་གསུངས་སོང་། སྐབས་དེར་ངོས་ཀྱིས་ལམ་སེང་འདི་ལྟར་དྲན་སོང་། དཔལ་ལྡན་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ལེའུ་གཉིས་པའི་ནང་དུ་བདེན་བཞི་མི་རྟག་སོགས་བཅུ་དྲུག་རིགས་པའི་ཐོག་ནས་གཏན་ལ་ཕབ་ནས་ཡོང་གི་འདུག། དངོས་གནས་ཧ་ལས་པ་ཞིག་རེད། ལུང་ཙམ་ལ་བརྟེན་ནས་ཚན་རིག་པའི་མཉམ་དུ་འགྲེལ་བཤད་རྒྱག་དགོས་བྱུང་ཚེ་བཅོམ་ལྡན་འདས་ཀྱིས་གསུངས་ཀྱི་འདུག་ཟེར་ཚེ་ཕན་ཐོགས་ཡོད་པ་མ་རེད། རིགས་པའི་ལམ་ནས་གཏན་ལ་ཕབ་པ་ཞིག་ཡིན་དུས་ཚན་རིག་པའི་མཉམ་དུ་གོ་བསྡུར་བྱེད་ཐུབ་པ་ཞིག་འདུག།

བློ་བཟང་སེང་གེ་ལགས་ཀྱིས་ཚོད་དཔག་བྱས་ན། འཛམ་གླིང་འདིར་ཆོས་བརྒྱུད་མང་པོ་ཡོད་པ་རེད། མི་ཚང་མས་བྱམས་པ་དང་བརྩེ་བ་གསུངས་ཀྱི་ཡོད་པ་རེད། ཧ་ཅང་ཡག་པོ་རེད། ཡིན་ནའང་། ཚན་རིག་པ་མཉམ་པོར་བསྡད་ནས་བགྲོ་གླེང་བྱེད་ཐུབ་མཁན་བོད་ཀྱི་ནང་པ་གཅིག་པུ་མ་གཏོགས་ཕལ་ཆེར་མེད་པ་ལྟ་བུ་ཞིག་མ་རེད་དམ། ང་ཚོས་རྒྱུ་མཚན་གཙོ་བོར་བྱས་ནས་རྩི་བཞིན་ཡོད་པ་རེད། དེའི་འགྲེལ་བཤད་ཀྱང་བོད་སྐད་རང་གི་ཐོག་ནས་བརྒྱག་པ་ནི་ང་ཚོ་མི་རིགས་ཀྱི་རླབས་ཆེན་གྱི་བྱས་རྗེས་ཤིག་རེད། མཁྱེན་སོང་ངམ། ང་ཚོའི་ནང་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རིགས་པའི་ལམ་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་གཅིག་དང་། དེ་ལྟ་བུ་དེ་ཡང་བོད་སྐད་རང་གི་ནང་དུ་འགྲེལ་བཤད་ཆ་ཚང་རྒྱག་ཐུབ་པ་ནི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་རེད། ངོས་ཀྱིས་དེ་ལྟར་མཐོང་གི་འདུག། དེར་བརྟེན་འདི་ནི་ཆོས་རེད་ཅེས་ཕར་མ་བཞག་པར་ཆོས་ལ་དད་པ་ཡོད་ཀྱང་མེད་ཀྱང་ཁྱད་པར་མི་འདུག། གང་ལྟར་ནང་ཆོས་ལས་བཤད་པའི་ལྟ་གྲུབ་དང་ཚད་མ་རིག་པའི་སྐོར་དེ་ཐུན་མོང་གི་ཤེས་བྱ་ལ་བརྩིས་ཏེ་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།

ཉེ་སྔོན་ངོས་རང་ཝ་ར་ཎཱ་སིར་ཡོད་སྐབས་རེ་འདུན་ཞིག་བཤད་པ་ཡིན། ཁྱེད་རང་ཚོས་མི་སྐྱ་ཕོ་མོ་ཚོར་མཚན་ཉིད་བསླབ་རྒྱུ་ཞིག་བཟོ་དགོས་པ་རེད། མ་གཞི་བཙུན་མ་ཚོས་རྟགས་གསལ་བཏང་ནས་ཧ་ཅང་ཡག་པོ་ཡོད་ཀྱང་། ཁྱིམ་པ་ཕོ་མོ་ཚོར་དེ་ལྟ་བུའི་སློབ་སྦྱོང་བྱེད་སའི་བསྟི་གནས་ཡོད་པ་མ་རེད། གདན་སའི་ནང་དུ་དེ་ལྟ་བུའི་སློབ་སྦྱོང་བྱེད་ས་དུས་དང་དུས་ཐབས་ཤེས་མེད་དམ་ཞེས་སྐད་ཆ་བྱུང་དུས་བདེ་བོ་རང་མི་འདུག ཝ་ར་ཎཱ་སིར་ཡོད་པའི་མཐོ་རིམ་སློབ་གྲྭ་དེ་ཡིས་ཁྱིམ་པ་སློབ་ཕྲུག་ཕོ་མོ་ཚོས་རིགས་ལམ་བསླབ་ས་ཞིག་བཟོ་ན་ཞེས་བཤད་པ་ཡིན། སྔོན་མ་འབྲུག་ཏུ་དགོན་པ་ཆུང་ཆུང་ཞིག་དང་དེའི་ནང་དུ་གྲྭ་བ་ཁ་ཤས་གྲྭ་ས་ལ་བསྡད་མྱོང་བས་རྟགས་གསལ་གཏོང་བ་སོགས་བྱེད་ཀྱི་འདུག ཁོ་ཚོས་དེར་རིགས་ལམ་ཁྲིད་ནས་འཛིན་གྲྭ་ཞིག་ཚོགས་པ་འདྲ། མི་མང་པོ་མེད་ཀྱང་འབྲུག་པའི་བློན་ཆེན་ཞིག་གི་ཕྲུ་གུ་ཞིག་གིས་དོ་སྣང་བྱས་ཏེ་དེའི་ནང་དུ་སློབ་སྦྱོང་བྱེད་པར་ཡོང་བ་རེད་ཟེར། ཁོས་ཆེད་ལས་ཁྲིམས་དཔོན་བྱས་པ་དང་སྔར་རིགས་ལམ་སྦྱང་བས་ཁ་ཧ་ཅང་བདེ་བོ་ཡོང་གི་འདུག་ཅེས་བཤད་འདུག རིགས་ལམ་བསླབས་པས་ཀླད་པ་གྲུང་རུ་ཕྱིན་པ་རེད། ཕྱོགས་གཅིག་ནས་སྡིག་ཅག་རེད། མིའི་སྐྱོན་གང་དུ་འདུག། སྐྱོན་བཏོན་རྒྱུ་ལས་སླ་བོ་ཆགས་ཀྱི་ཡོད་པ་རེད། དེས་ཕན་གྱི་ཡོད། སོ་སོས་ཆེད་ལས་ཅི་ཞིག་བྱས་ཀྱང་རིགས་ལམ་གྱི་ཐོག་ནས་འགྲོ་རྒྱུ་བྱུང་ན་ཕལ་སྐད་དུ་བཤད་ན་མི་ཁ་བདེ་བོ་ཆགས་པ་ལ་ཏན་ཏན་ཁྱད་པར་ཡོད་པ་རེད། དེ་འཛམ་གླིང་འདིར་ནང་པའི་ལུང་པ་གཞན་སུ་ལའང་ཡོད་པ་མ་རེད། རྒྱ་གར་ལ་ཉམས་ཚར་བ་རེད། སྲོལ་རྒྱུན་ཉམས་པ་མེད་པར་ཡོད་པ་ནི་བོད་པ་གཅིག་པུ་རེད། འདི་བོད་ཀྱི་གཅེས་ནོར་ཡིན་པ་ལ་ངོས་འཛིན་བྱས་ནས་སྐྱ་སེར་ཕོ་མོ་དབྱེ་བ་མེད་པ་བྱས་ཏེ་དོ་སྣང་བྱོས། མཁྱེན་སོང་ངམ། ད་ལྟ་བཙུན་མའི་རྟགས་གསལ་གཏོང་བཞིན་ཡོད་པ་རེད། རྗེས་ལ་ཁྱོད་རང་ཚོ་ཨ་ཅག་ལགས་སྐྲ་རིང་པོ་ཅན་ཚོས་སྐྲ་ཟིང་ཟིང་ངང་འཁོར་གསུམ་བསྐོར་བ་དང་ཚ་བརྒྱག་པ་སོགས་བྱེད་ཐུབ་ན་ཡག་པོ་རེད། ཆོས་ལ་དད་པ་ཡོད་ནའང་རེད་མེད་ནའང་རེད། ཤེས་ཡོན་རང་གི་ཐོག་ནས་ཁྱོད་རང་ཚོས་སེམས་ཤུགས་བསྐྱེད་ཤོག འདི་ངོས་ཀྱིས་བཤད་འདོད་བྱུང་།  འཛམ་གླིང་ས་ཕྱོགས་གང་དུ་ཡིན་ནའང་སྤོབས་པ་བྱེད་ཆོག་པ་ཞིག་དང་ངོམས་ཆོག་པ་ཞིག་ཏན་ཏན་རེད། སོ་སོའི་གཅེས་ནོར་དང་འཛམ་བུ་གླིང་གི་སྤྱི་ནོར་བརྗོད་ཐུབ་པ་ཞིག་རེད། གཞོན་སྐྱེས་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་བདག་པོ་བརྒྱག་ཐུབ་པ་ལ་བསམ་བློ་ཐོངས། ལྔ་དང་ལྔ་བཅུ་ཟེར་ནས་དེ་དང་སྦྲེལ་བ་ཡིན་ན་ལོ་ལྔ་འགོར་གྱི་རེད། དེའི་སློབ་སྦྱོང་ཡག་པོ་བྱུང་བ་ཡིན་ན་ལོ་ལྔ་བཅུའི་རིང་ལ་རྣམ་དཔྱོན་འདོན་ཐུབ་ཀྱི་རེད། མཁྱེན་སོང་ངམ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སྩལ་ཡོད་པ་བཅས།།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།