༼ཉིན་དང་པོ།༽ | བརྙན་འཕྲིན་ཕབ་ལེན། | སྒྲ་ཕབ་ལེན། |
༼ཉིན་གཉིས་པ།༽ | བརྙན་འཕྲིན་ཕབ་ལེན། | སྒྲ་ཕབ་ལེན། |
༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ ནས་ ༢༦ བར་ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་གཙོར་གྱུར་ལ་སྩལ་བའི་ནང་ཆོས་ངོ་སྤྲོད་དང་། ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཉམས་སུ་ལེན་ཚུལ་གྱི་བཤད་པ། རྩ་ཤེའི་རབ་བྱེད་བཅུ་བཞི་པའི་བར་གྱི་བཤད་ལུང་། དྲིས་ལན། སངས་རྒྱས་ཆོས་ཚོགས་མའི་སྒོ་ནས་སེམས་བསྐྱེད་ཆོས་འབྲེལ་སྩལ་བ་བཅས་བཞུགས། །
ཚོགས་གནས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང༌། དྷ་རམ་ས་ལ། ཧི་མ་ཅལ། རྒྱ་གར།
ཟླ་ཚེས།
༢༠༢༢ ཟླ་བ་ ༡༡ ཚེས་ ༢༥ - ཚེས་ ༢༦
དུས་ཡུན། ཆོས་ཐུན་རེར་ཆུ་ཚོད་ཕྱེད་ཀ་ནས་གཅིག་དང་ཕྱེད་ཀའི་བར་ཡོད།
སྐད་ཡིག བོད་སྐད།