སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་། ཡང་སྒོས་གངས་ཅན་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་པ་ཁྲི་ཕྲག་ཏུ་བརྟན་པའི་སླད་དུ་བརྟན་བཞུགས་བསྟར་འབུལ་ཆེད་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་(the Foundation for the Preservation of the Mahayana Tradition)འཐུས་མི་སྐུ་ཚབ་བདུན་གྱིས་སྤོས་སྣེས་མདུན་བསུ་ཞུ་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ལ་ཆིབས་བསྒྱུར་སྐབས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་བདེ་སྲུང་བར་འཚམ་འདྲི་གནང་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་བརྟན་བཞུགས་ལ་ཆིབས་བསྒྱུར་སྐབས་དགེ་སློང་འདུལ་བ་འཛིན་པ་རྣམས་ཀྱིས་ཆོས་གོས་དང་ལྷུང་བཟེད། འཁར་གསིལ། ཁ་བཏགས་སོགས་ཕྱག་ཏུ་བསྣམས་ནས་ཕེབས་བསུ་ཞུ་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེག་ཆེན་འཛིན་སྐྱོང་ཚོགས་པས་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེག་ཆེན་འཛིན་སྐྱོང་ཚོགས་པས་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་སྐབས་བླ་མ་དགེ་བཤེས་སོགས་ཀྱིས་ཆོ་ག་གསུང་འདོན་གནང་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
ཐེག་ཆེན་འཛིན་སྐྱོང་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་སྐབས་ཀྱི་ཚོགས་རྫས་རྒྱ་ཆེན་སྒྲིག་བཤམས་བྱས་ཡོད་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་བརྟན་བཞུགས་ཀྱི་ཚོགས་གཏོར་ཕུལ་བ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
བརྟན་བཞུགས་སྐབས་དབུ་སློབ་གཙོས་བླ་སྤྲུལ་དགེ་བཤེས་སོགས་དགེ་འདུན་པ་དང་བཙན་མ་སོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་འབུལ་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
འཛམ་གླིང་ནུབ་ཕྱོགས་ཀྱི་བཙུན་མ་གཅིག་དང་བུད་མེད་ཅིག་གཙོས་བརྟན་བཞུགས་ལ་ཆེད་བཅར་བ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བརྟན་པའི་སླད་དུ་གཟབ་ནན་ངང་བརྟན་བཞུགས་བསྟར་འབུལ་གྱི་ཆོ་ག་གསུང་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
ཐེག་ཆེན་འཛིན་སྐྱོང་ཚོགས་པའི་ཚོགས་དགེ་སློང་ཀུན་བཟང་ལགས་དང་། བརྟན་བཞུགས་དབུ་སློབ་བལ་ཡུལ་ཀོ་པན་དགོན་པའི་མཁན་རིན་པོ་ཆེ་དགེ་བཤེས་ཆོས་ཉིད་ལགས། ཐེག་ཆེན་འཛིན་སྐྱོང་ཚོགས་པའི་འགན་འཛིན་ལྕམ་ཕའོ་ལཱ་དྷེ་ཝེ(Paula De Wys)ལགས་བཅས་ཀྱིས་མནྜལ་འདེགས་འབུལ་ཞུ་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེག་ཆེན་འཛིན་སྐྱོང་ཚོགས་པས་བརྟན་བཞུགས་བསྟར་འབུལ་སྐབས་བྱང་འདྲེན་ཆོས་མོས་གཏང་རག་མཎྜལ་འབུལ་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
བལ་ཡུལ་ཀོ་པན་དགོན་པའི་མཁན་རིན་པོ་ཆེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྟེན་གསུམ་འདེགས་འབུལ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
ཐེག་ཆེན་འཛིན་སྐྱོང་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བརྟན་བཞུགས་བསྟར་འབུལ་སྐབས་སུ་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་བཀའ་དྲིན་སྩོལ་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྟན་བཞུགས་བསྟར་འབུལ་སྐབས་སུ་ཨ་རིའི་པོཊ་ལེནྜ་དུ་མཻ་ཏྲི་པའི་མཐོ་སློབ་ཀྱི་སློབ་གཙོ་ཡང་སྲིད་རིན་པོ་ཆེ་མཆོག་ལ་རྩེད་མཚར་དང་སྦྲགས་འཚམ་འདྲི་ཞུ་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
བརྟན་བཞུགས་སྐབས་སུ་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་ཚོགས་མི་རྣམ་ཕྲེང་བསྟར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུབ་དབང་གི་སྐུ་བརྙན་དང་འབུལ་མཚོན་སྣ་ཚོགས་འབུལ་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་། ཡང་སྒོས་གངས་ཅན་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་པ་ཁྲི་ཕྲག་ཏུ་བརྟན་པའི་སླད་དུ་བརྟན་བཞུགས་བསྟར་འབུལ་ཆེད་ཕེབས་པའི་སེར་སྐྱ་མང་ཚོགས་ཀྱིས་དད་གུས་ཆེན་པོས་ཞལ་མཇལ་ཞུ་བཞིན་པ། ༢༠༢༣།༤།༢༤ པར་བ། བསྟན་འཛིན་ཆོས་འབྱོར།