༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

སྒྲོལ་དཀར་ཚེ་དབང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ། ༢༠༢༥ ཟླ་བ་ ༢ ཚེས་ ༡༣

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༣ ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པར་སྒྲོལ་དཀར་ཚེ་དབང་གི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་དུས་ཚོད་དཀའ་ལས་ཁག་པོ་ཞིག་ལ་མཇུག་ཏུ་དགེ་བ་ལྟ་བུ་རེད། འདི་གནས་སྐབས་ཤིག་རེད་མ་གཏོགས། ངོས་ཀྱི་མི་ཚེའི་ཆ་ནས་མཇུག་ཏུ་སླེབས་ཀྱི་མ་རེད། ངོས་ཀྱིས་ནམ་རྒྱུན་བཤད་བཞིན་པ་ལྟར་ལོ་བརྒྱ་དང་བཅུ་གྲངས་ཤིག་འཚོ་ངེས་རེད། རྨི་ལམ་དེ་ལྟ་བུའང་གཏོང་གི་འདུག དེར་བརྟེན། ད་ལྟ་གནས་སྐབས་ཤིག་གི་རིང་ས་གནས་འདིར་དེ་རིང་མཇུག་སྡུད་ལྟ་བུ་རེད། མཇུག་གི་བྱ་བར་སྒྲོལ་དཀར་གྱི་ཚེ་དབང་བྱ་རྒྱུ་བྱས་པ་ཡིན། ལྷག་པའི་ལྷ་མཆོག་འཕགས་པ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ང་ཚོའི་ཚེ་བསྲིང་བར་དམིགས་བསལ་གྱིས་ལས་འབྲེལ་ཡོད་པ་ཞིག་ཆགས་ཡོད། དེ་རིང་འདིར་རྒྱ་ཆེའི་མང་ཚོགས་འདུས་ནས་ཚང་མས་ཆོས་དོན་གཉེར་རེད་མ་གཏོགས་གཏམ་དོན་གཉེར་ཕལ་ཆེར་མ་རེད། དེར་བརྟེན། དེ་རིང་འདིར་མཇུག་ཏུ་དགེ་བ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བྱིན་རླབས་བྱེད་རྒྱུ་ཡིན། ཞེས་དང་།

མ་གཞི་ངས་ཁ་སང་ཡང་ཞུས་ཟིན་པ་བཞིན། ངོས་ཀྱི་རྨི་ལམ་ལ་གཙུག་ལག་ཁང་ཆེན་པོ་ཞིག་གི་ཏུ་དབུས་སུ་བཅོམ་ལྡན་འདས་བཞུགས་འདུག་པ་དང་། ངོས་རང་གཤམ་དུ་བསྡད་འདུག་པར་བཅོམ་ལྡན་འདས་ཀྱི་ཡར་ཤོག་གསུངས་པ་ལྟར་བཅོམ་ལྡན་འདས་ཀྱི་དྲུང་ལ་ཕྱིན་པར། བཅོམ་ལྡན་འདས་ཀྱིས་ཧ་ཅང་འཆམ་པོ་གནང་སོང་། དེར་བརྟེན། སེམས་ཀྱི་ནང་ལ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་གཟིགས་པ་བླ་ན་མེད་པ་ཞིག་འདུག་བསམ་ནས་དམིགས་བསལ་གྱི་དགའ་སྤྲོ་ཞིག་བྱུང་། གང་ལྟར་བསྟན་པ་རྒུད་པའི་སྐབས་ཐོག་འདིར་ངོས་ནས་བསྟན་པའི་བྱ་བ་བྱེད་བཞིན་ཡོད། འཛམ་བུ་གླིང་གི་ཤར་ནུབ་གང་ས་གང་ལ་ནང་པའི་ཆོས་འགྲེལ་བཤད་བརྒྱབས་ནས། སངས་རྒྱས་པའི་ཆོས་ལ་དད་པ་གསར་པ་སྐྱེ་བ་དང་། དད་པ་སྔར་ཡོད་བརྟན་པོ་ཡོང་བར་ངོས་ཀྱིས་ཞབས་འདེགས་དགའ་རབ་བསྒྲུབས་ཡོད།

མདོ་སྨད་ནས་ཡོང་བའི་ཨ་མདོའི་ཕྲུ་གུ་ངོས་རང་ལ་ཕ་མ་ཚོ་ཧ་ཅང་དྲིན་ཆེན་པོ་དང་། ཨ་མ་ལགས་ཧ་ཅང་དྲིན་ཆེན་པོ་ཡིན། རྨོ་ལགས་ཀྱང་ཧ་ཅང་དྲིན་ཆེན་པོ་ཡིན། ཁོ་ཚོས་ངོས་ལ་ནང་པའི་ཆོས་ཀྱི་སྐོར་བག་ཆགས་སྤྲད་ནས་དོ་སྣང་ཞིག་བསླེབས་ཏེ། རྒྱུན་དུ་ཨ་ར་པ་ཙ་བགྲང་སྡོད་ཀྱི་ཡོད། སྐུ་འབུམ་ལ་ཇོ་བོའི་ལྷ་ཁང་ཞིག་ཡོད་པ་དེར། ཕྲུ་གུ་གཞན་པ་ཚོས་ཕྱག་འཚལ་ནས་ཨ་ར་པ་ཙ་བགྲང་ནས་སྡོད་ཀྱི་འདུག་པར། ངོས་ཀྱང་དེ་ཚོའི་མཉམ་དུ་ཕྱག་འཚལ་བཞིན་ཨ་ར་པ་ཙ་བགྲང་ནས་སྡོད་ཀྱི་ཡོད། དེ་དུས་ཕལ་ཆེར་ང་ལོ་གསུམ་བཞི་ཞིག་མིན་ནམ། གང་ལྟར་ཆུང་ཆུང་སྐབས་ནས་བཅོམ་ལྡན་འདས་ཀྱི་ཆོས་ལ་བག་ཆགས་བཞག་ཡོད། དེ་ནས་ལྷ་མོའི་བླ་མཚོ་ནས་ཨ་ཀ་མ་སོགས་ཤར་བའི་ཐོག་ནས། མཐའ་མར་ངོས་ཀྱི་མིང་དེ་རྒྱལ་དབང་གི་ཁྲི་ལ་འཁོད་པ་རེད། ངོས་རང་འཇོན་པོ་རྒོད་པོ་ཅང་མེད་ཀྱང་། སོ་སོའི་ལས་དང་སྨོན་ལམ་གྱི་མཐུ་བཙན་པོས་ཡར་རྒྱལ་དབང་གི་ཁྲི་ལ་བསླེབས་པ་དང་། རྒྱལ་དབང་གི་ཁྲི་ལ་བསླེབས་ནས་དབུས་གཙང་གི་མི་ཨ་ཅང་ཅང་སྟེ། མདོ་སྟོད་སྨད་ཀྱི་ས་ཆ་གང་ས་གང་ནས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག

ངོས་ཀྱི་མི་ཚེ་བསྐྱལ་བའི་ནང་ཡག་ཤོས་ཡོངས་འཛིན་རྣམ་པ་གཉིས་མཇལ་ནས་དཔེ་ཆར་བལྟས་པ་དེ་ཡིན། ཐོག་མར་བསྡུས་གྲྭ་ནས་བཟུང་སྟེ་རྟགས་གསལ་གྱི་འགྲོ་སྟངས་རྣམས་བསླབས། དེ་ནས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་སྟེ་རྒྱན་འཇུག་གཉིས་བློ་ལ་བཟུང་། ཡོངས་འཛིན་རྣམ་པ་གཉིས་ཀྱིས་གཞུང་དེ་དག་གི་འགྲེལ་བཤད་སྙིང་བསྡུས་རེ་གསུངས་པར། ད་ལྟ་བསམ་བློ་གཏོང་དུས་ངོས་རང་མི་གོ་ཆོད་པ་ཞིག་བྱས་འདུག་བསམས་ནས་སོ་སོས་སོ་སོར་ཡི་རང་དང་། དགའ་སྤྲོ་སྐྱེ་བཞིན་འདུག

ལྷ་སར་ཟིང་འཁྲུགས་ལངས་པའི་སྐབས་སུ་ནོར་བུ་གླིང་གར་རྟེན་མགོན་པོ་ཕྱག་དྲུག་པ་ཞིག་ཡོད་པའི་སྐུ་མདུན་དུ་ཕྱིན་ནས་སྨོན་ལམ་བརྒྱབ་པ་དང་། དེ་དང་ཆབས་ཅིག་ངོས་དང་འབྲེལ་མེད་ཀྱིས་འཁྱེར་བཞིན་པའི་ལྷ་མོའི་སྐུ་ཐང་མདུན་དུ་ཟན་རྟགས་སྒྲིལ་ནས་ཐ་མ་ནོར་བུ་གླིང་ག་ནས་ཐོན་པ་རེད། ནོར་བུ་གླིང་ག་ནས་ཐོན་པ་དེ་ཡག་པོ་བྱུང་འདུག རང་དབང་ལུང་པར་སླེབས་པ་དང་། མི་མང་པོར་ནང་ཆོས་ལ་དོ་སྣང་ཡོད་པའི་ཐོག་ངོས་ལ་ཏཱ་ལའི་བླ་མའི་མིང་ཡོད་པས་ཚང་མས་དགའ་བོ་བྱེད་པ་ཞིག་དང་། དེ་སྔ་ཆོས་མེད་སའི་ལུང་པའི་ནང་དུའང་ཏཱ་ལའི་བླ་མ་ཟེར་དུས་དགའ་བོ་བྱེད་ཀྱི་འདུག དེ་ལྟར་བསམ་བློ་གཏོང་དུས་ངོས་ཀྱི་མི་ཚེ་འདི་དོན་དང་ལྡན་པ་ཞིག་བྱུང་འདུག ད་དུང་ཡིན་ནའང་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་གིས་དངོས་གནས་འདུལ་བའི་ལག་ལེན་བཅོས་མིན་གནང་བའི་ཐོག་གསང་སྔགས་ཀྱི་གཞུང་བསྐྱེད་རྫོགས་སྐོར་ལ་སློབ་སྦྱོང་བྱེད་པ་དང་། དེ་བཞིན་གཙོ་ཆེ་ཤོས་སྒོམ་རྒྱག་པ་བཅས་ཞོགས་པ་རེ་བཞིན་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམ་བཞིན་ཡོད། དེ་ལྟར་ངོས་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་བཞིན་ཡོད། ངོས་ཀྱིས་ཆོས་ཀྱི་ཉམས་ལེན་འདི་ལྟར་བྱས་ཏེ་མི་ཚེ་བསྐྱལ་བཞིན་པ་གྲོགས་པོ་ཚོར་ཡང་འདི་ལྟ་བུའི་མིག་ལྟོས་སླེབས་ཡོད། མདོར་ན་ངོས་ཀྱི་གྲོགས་པོ་ནང་པ་མིན་མཁན་དེ་འདྲ་ལའང་དོ་སྣང་སླེབས་ནས་ནང་པའི་ཆོས་ལ་དགའ་མོས་བྱེད་མཁན་ཇེ་མང་ལ་འགྲོ་མཁན་བྱུང་། ངོས་ཀྱིས་མི་ཚེ་འདི་ལྟར་བསྐྱལ་བཞིན་ཡོད།

ངོས་ཀྱི་རྨི་ལམ་ལ་བལྟས་པ་ཡིན་ན། ད་དུང་ཡང་ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཀྱི་འདུག ངོས་ཀྱིས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན་ལ། ད་དུང་ཡིན་ན་ཡང་ཧུར་ཐག་བྱ་རྒྱུ་ཡིན།  ཨ་མདོ་ཟི་ལིང་པ་ཏོག་ཙམ་གྲུང་སེ་ཞིག་ཡོད་པ་དང་། ངོས་རང་གྲུང་པོ་བྱ་ས་དེ་ནོར་མེད། སངས་རྒྱས་པའི་ཆོས་ལ་གྲུང་པོ་བྱས་ནས་བསྡད་པས་ངོས་ལ་ཁེ་བཟང་རག་པར་མ་ཟད། སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེགས་ཀྱང་སྒྲུབ་ཀྱི་ཡོད། མ་གཞི་དེ་རིང་སྐབས་སུ་བབ་པའི་ཆོས་འཁོར་དེ་དག་ཚར་ནས་སྒྲོལ་དཀར་གྱི་ཚེ་དབང་ཞིག་བྱ་རྒྱུ་ཡིན། ངོས་ཀྱིས་སྒྲོལ་དཀར་གྱི་ཚེ་དབང་བསྐུར་བར་སྒྲུབ་ཞག་སྒྲུབ་པའི་རིང་ཁྱོད་ཚོས་སྒྲོལ་མའི་སྔགས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་པ་འདི་གསོགས་ཤིག ཅེས་སོགས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་སྒྲུབ་ཞག་མཛད།

སྒྲུབ་ཞག་མཛད་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་སྒྲོལ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོར་ཞལ་གཅིག་ཕྱག་གཉིས་པ་ཞིག་ལ་གསལ་ཡོད་པ་དང་། དེ་ལྟར་བསམ་པའི་སྒོ་ནས་བླ་མ་ལ་མནྜལ་མདོར་བསྡུས་ཤིག་འབུལ་བར་ཞུ། ཞེས་སོགས་ཚེ་དབང་དབུ་འཛུགས་ཀྱིས་མཛད་ཅིང་། སྒྲོལ་མ་ནི་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་རང་གཟུགས་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ་དང་། བོད་གངས་ཅན་གྱི་ལྗོངས་ཀྱི་སྔོན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་འཕགས་པ་སྒྲོལ་མ་ལ་བརྟེན་ནས་སྐུ་ཚེ་བསྲིངས་ཏེ། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་མཛད་ཡོད། ལྷག་པར་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་ལ། ཁྱོད་ཀྱི་རྗེས་འབྲང་ཁོ་མོས་སྐྱོང་། ཞེས་གསུངས་འདུག

མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རང་གི་དྲིན་ཆེན་གྱི་མ་ཤ་སྟག་ཡིན་ཡང་། མ་དེ་རྣམས་སྡུག་བསྔལ་དུ་མས་ཉམ་ཐག་ནས་བསྡད་ཡོད་པ་དང་། འཛམ་བུའི་གླིང་གི་མི་མང་ཆེ་བའི་མི་ཚེ་དེ་སེམས་མི་སྐྱིད་པ་ཞིག་གི་ངང་ནས་འགྲོ་ཡི་འདུག་པ་དེ་ཧ་ཅང་ཡ་ང་བ་ཞིག་དང་སེམས་སྐྱོ་བ་ཞིག་རེད། བསམ་བློ་གཏོང་མི་ཤེས་པ་ཞིག་གི་མི་ཚེ་སྐྱེལ་སྟངས་དེ། སེམས་ཁྲལ་ཁོ་ནའི་ངང་ནས་མི་ཚེ་སྐྱེལ་བཞིན་ཡོད་པས། ལུས་འདི་དགེ་བའི་གྲོགས་སུ་བསྒྱུར་བའི་ཐོག་ནས་ཆོས་ཀྱི་བསམ་བློ་དང་མ་བྲལ་བ་ཞིག་བྱ་ཐུབ་ན། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཐུབ་ཀྱི་ཡོད་པ་དང་། མི་ཚེ་དོན་དང་ལྡན་ཞིང་ཚེ་རིང་པོ་ཡོང་བ་ལ་སྒྲོལ་དཀར་གྱི་བྱིན་རླབས་ཞུགས་པའི་ཐོག་ནས་ཚེ་རིང་པོར་སྡོད་ཐུབ་ན། མི་

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།