༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ལ་དྭགས་ཞི་བའི་ཚལ་དུ་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་བ། ༢༠༢༣ ཟླ་བ་ ༧ ཚེས་ ༢༡

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཞི་བའི་ཚལ་གསུང་ཆོས་ར་བ་རུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༧།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་ཕོ་བྲང་དགེ་འཕེལ་གླིང་ནས་གོལ་ཧྥུ་རླངས་འཁོར་(Golf cart)ལ་བཞུགས་ཏེ་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ནང་པ་ཚོགས་པའི་ཚོགས་གཞོན་ཚེ་རིང་རྡོ་རྗེ་དང་། ལ་དྭགས་ནང་པའི་གཞོན་ནུ་ཚོགས་པ། ཨ་མ་ཚོགས་པ་བཅས་ཀྱི་སྐུ་ཚབ་དང་། གཞན་ཡང་སྦྱིན་བདག་ཁག་གཅིག་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་རྗེས་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་འབྲེལ་སྐོར་ལ་བཀའ་སློབ་སྩལ་དོན།

དེ་རིང་འདིར་གསུང་ཆོས་རེད། ཆོས་ལུགས་ཚང་མས་གཞན་ལ་བརྩེ་བ་བྱེད་དགོས་པ་དང་། ཕན་ཐོགས་བྱེད་དགོས་པར་གསུང་གི་ཡོད་པ་རེད། ངོས་ལ་ཆ་བཞག་ན་ཆོས་ལུགས་ཚང་མར་རྗེས་སུ་ཡི་རངས་བྱས་ཏེ་ཡག་པོར་ངོས་འཛིན་བྱེད་ཀྱི་ཡོད། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་དང་། མཐོང་བྱེད་པའི་རྒྱུ་མཚན་ལ་བརྟེན་ནས་ངོས་རང་ལུང་པ་འདྲ་མིན་ལ་ཕྱིན་པའི་སྐབས་སུ་ཆོས་ལུགས་སྣ་ཚོགས་ཀྱི་ལྷ་ཁང་རྣམས་ལ་འགྲོ་གི་ཡོད། ཆོས་ལུགས་ཚང་མར་མོས་གུས་བྱེད་ཀྱི་ཡོད། རྒྱུ་མཚན་གཉིས་པ་ནི། འཛམ་གླིང་འདིར་ང་ཚོ་འཁྲུག་པ་རྒྱག་པར་རྒྱུ་རྐྱེན་མང་པོ་ཞིག་ཡོད་པའི་ཐོག་ལ། ཆོས་ལུགས་ཀྱང་ཕྱོགས་འཐེན་བྱེད་པ་དང་། འཁྲུག་པ་རྒྱག་པའི་རྐྱེན་ལ་འགྲོ་བ་ནི་ཧ་ཅང་སེམས་སྐྱོ་པོ་དང་། བློ་ཕམ་པོ་རེད། ཆོས་ལུགས་ཚང་མས་གཞན་ཕན་བྱེད་པ་དང་། གཞན་ལ་ཕན་ཐོག་བྱེད་དགོས་པར་གསུང་གི་ཡོད་ཀྱང་། ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་ཕན་ཚུན་ལ་འཁྲུག་པ་རྒྱག་པ་ནི་ཧ་ཅང་བློ་ཕམ་པོ་རེད། དེར་བརྟེན། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་དང་། ཆོས་ལུགས་ཚང་མ་ཕན་ཚུན་ལ་ཐུགས་མཐུན་ཁྲིམས་གཙང་ཡག་པོ་ཡོང་བ་ལ་འབད་བརྩོན་བྱེད་བཞིན་ཡོད།

ལ་དྭགས་ལ་ཆ་བཞག་ན་མང་ཤོས་ནང་པའི་ཆོས་པ་རེད། དེ་དང་ཆབས་ཅིག་ཁ་ཆེའི་ཆོས་ལུགས་བྱེད་མཁན་ཡང་གང་འཚམ་ཡོད་པ་རེད། དུས་རབས་གསར་པའི་ནང་དུ་ཡི་ཤུ་ཆོས་བྱེད་མཁན་ཡང་ཏན་ཏན་ཡོང་གི་རེད། གནའ་རབས་རྒྱ་གར་གྱི་མུ་སྟེགས་པའི་ཆོས་བྱེད་མཁན་ཡང་ཡོད་ཀྱི་རེད། ང་ཚོ་ཚང་མ་ཐུགས་མཐུན་ཁྲིམས་གཙང་བྱས་ཏེ། ཆོས་ལུགས་ཚང་མས་མི་ལ་ཕན་བདེ་སྒྲུབ་དགོས་པར་གསུང་གི་ཡོད་པས་རང་རང་སོ་སོའི་ཆོས་དད་བྱེད་སྟངས་དང་འགྲེལ་བཤད་མི་འདྲ་བ་ཡོད་ཀྱང་། ཆོས་ལུགས་ཚང་མར་གཅིག་གྱུར་གྱི་གནས་ཚུལ་གང་ཡོད་པ་རེད་ཅེ་ན། མི་ལ་ཕན་བདེ་སྒྲུབ་པ་དང་། སྤྱི་ཚོགས་ཞབས་འདེགས་ཞུ་རྒྱུ་བཅས་ཀྱི་བསླབ་བྱ་གཅིག་མཚུངས་ཡོད་པ་རེད། འཛམ་གླིང་འདིར་མཐོང་ཆོས་རེད། ཡི་ཤུ་ཆོས་པ་ཁ་ཤས་ཀྱིས་འཛམ་གླིང་འདིར་སྨན་བཅོས་བྱེད་པ་དང་། འཕྲོད་བསྟེན། སློབ་སྦྱོང་སོགས་ཀྱི་སྐོར་ལ་ཞབས་འདེགས་སྒྲུབ་ནས་ངོ་མཚར་སྐྱེས་ཡ་རེད། དེ་བཞིན་ཁ་ཆེའི་ཆོས་པ་ཚོ་ཡིན་ནའང་ཧ་ཅང་ཡག་པོ་ཡོད་པ་རེད། མུ་སྟེགས་པ་ཚོ་ཡིན་ནའང་གཞན་ཕན་སྒྲུབ་པ་ལ་ཡག་ཐག་ཆོད་ཡོད་པ་རེད། ཆོས་ལུགས་ཚང་མ་ཐུགས་མཐུན་པོ་བྱས་ཏེ། རྩ་བའི་སོ་སོའི་ཆོས་དད་དེ་རང་རང་གི་ཆོས་ལུགས་ཀྱི་ཐོག་ནས་འགྲོ་བ་དང་། ལེགས་ཆ་ཆོས་ལུགས་གཞན་དུའང་ཡོད་པ་ཡིན་པས་ཆོས་ལུགས་ཚང་མ་ནང་ཚགས་བྱས་ཏེ། ཕན་ཚུན་ལེགས་ཆ་ལེན་རེས་བྱེད་པ་ལྟ་བུ་དང་། དུས་དུས་སུ་འཚོགས་ནས་བགྲོ་གླེང་དང་གོ་བསྡུར་བྱེད་ཐུབ་ན་ཡག་པོ་འདུག །ངོས་ཀྱིས་དེ་ལྟར་བྱེད་ཀྱི་ཡོད། ཅེས་བཀའ་སློབ་བཀའ་དྲིན་སྩལ་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།

དེ་ནས་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་བྱང་ཆུབ་སེམས་ཀྱི་ཕན་ཡོན་སྐོར་ལ་བཀའ་སློབ་སྩལ་དོན། དེ་རིང་གནམ་གཤིས་ཚ་མ་དྲགས། གྲང་མ་དྲགས་ཧ་ཅང་ཡག་པོ་འདུག ང་ཚོས་མིག་གིས་མ་མཐོང་བ་མ་གཏོགས་ཡུལ་ལྷ་གཞི་བདག་རྣམས་ཀྱང་ཕལ་ཆེར་འདིར་ཡོད་པའི་ཚོར་བ་ཞིག་ཡོང་གི་འདུག དེ་རིང་སྔོན་འགྲོའི་ཆོས་བཤད་ནི་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོའི་གསུང་ལག་ལེན་སོ་བདུན་མའི་བཤད་ལུང་ཞུ་རྒྱུ་ཡིན། མཛད་པ་པོ་ནི་རྒྱལ་སྲས་ཐོགས་མེད་བཟང་པོ་ཞེས་དངུལ་ཆུ་རི་ཁྲོད་དུ་བཞུགས་ནས་ལམ་ཡོངས་རྫོགས་ཤར་སྒོམ་གནང་ནས་སྒོམ་སྐྱོན་གྱི་ཡོད་པ་རེད་ལ། གཙོ་བོ་བྱང་ཆུབ་ཀྱི་སེམས་ཉམས་ལེན་གྱི་མཐིལ་དུ་མཛད་ཀྱི་ཡོད་པ་རེད། མཚན་ལ་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོ་ཞེས་རྒྱལ་སྲས་ཀྱི་མིང་ཐོགས་དོན་ནི་བྱང་ཆུབ་སེམས་ཀྱི་ཉམས་ལེན་གཙོ་འདོན་གནང་གི་ཡོད་པས་རྒྱལ་སྲས་ཐོགས་མེད་བཟང་པོ་ཞེས་ཞུ་གི་ཡོད་པ་རེད། སང་ཉིན་ཐུགས་རྗེ་ཆེན་པོའི་དབང་ཆེན་བྱ་རྒྱུ་ཡིན། འདི་ནི་སྔོན་འགྲོ་ལྟ་བུ་རེད་ལ། གང་ལྟར་ཐུན་མོང་ལམ་སྦྱངས་ནི་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོའི་གསུང་ལག་ལེན་སོ་བདུན་མའི་ཁྲིད་ཅིག་བཏོན་ན་བསམ། ངོས་ཀྱིས་འདི་ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། དངོས་གནས་དྲང་གནས་སེམས་རྒྱུད་འདུལ་ཐབས་ཀྱི་སྐོར་དང་། བྱང་ཆུབ་ཀྱི་སེམས་ཉམས་ལེན་ནི་ཧ་ཅང་ཕན་ཐོགས་ཆེན་པོ་རེད། ངོས་རང་ལ་མཚོན་ན་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། ཞེས་གསུངས་པ་ལྟར། དངོས་གནས་རང་དོན་སྒྲུབ་ནའང་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་ལྷག་པ་མི་འདུག གཞན་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་ལྷག་པ་མི་འདུག རང་དོན་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་སྒོམ་ཡོང་སྐབས་སེམས་ལྷོད་ལྷོད་ཆགས་པ་དང་། ཡང་སེམས་ཞུམ་བསྡད་པ་ལྟ་བུ་མིན་པར། ལྷག་བསམ་དང་སྙིང་སྟོབས་གཞན་དང་མི་འདྲ་བ་ཞིག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ཀྱི་ཡིན་ཟེར་བ་ཞིག་དང་། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་གཞན་དོན་བསྒྲུབ་བསམ་པའི་སྙིང་སྟོབས་བསྐྱེད་ཡོད་པས། སྙིང་སྟོབས་དེ་ཡང་ཧ་ཅང་ཤུགས་ཆེན་པ་རེད། ཡང་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཚང་མར་ཕན་པ་སྒྲུབ་པ་ཞིག་མ་གཏོགས་གནོད་པ་རྨི་ལམ་ཚུན་ཆད་དུ་ནམ་ཡང་མི་བྱེད་ཅེས་བསམ་བློ་ཞིག་བཏང་ཡོང་དུས་འཕྲལ་དུ་སོ་སོའི་སེམས་ཞི་བདེ་ཡོང་བ་དང་། སེམས་ཞི་བདེ་ཡོང་བའི་རྐྱེན་ལ་བརྟེན་ནས་ལུས་པོའང་བདེ་ཐང་ཡོང་བ་རེད། ཐ་མ་གཉིད་ཉལ་སྐབས་གཉིད་ཀྱང་སྐྱིད་པོ་ཁུག་གི་རེད། ཅེས་དང་། 

གཞན་ཡང་། འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་སློབ་སྩལ་དོན། འཛམ་གླིང་ཤར་ནུབ་ལྷོ་བྱང་ཚང་མས་འཛམ་གླིང་ཞི་བདེ། འཛམ་གླིང་ཞི་བདེ་ཞེས་པའི་འབོད་སྒྲ་ཞིག་ཡོང་གི་ཡོད་པ་རེད། གང་ཡིན་ཟེར་ན་དམག་ཆེན་དང་པོ་དང་། དམག་ཆེན་གཉིས་པའི་སྐབས་སུ་གོ་མཚོན་བེད་སྤྱོད་བཏང་ནས་མི་མང་པོ་སྲོག་ཐོག་ལ་འགྲོ་བ་དང་། རྨས་སྐྱོན་ཤོར་ནས་འཛམ་གླིང་འདི་དམག་འཁྲུག་ལ་ཡིད་སུན་པ་ཆགས་བསྡད་ཡོད། འདི་ལྟ་བུའི་སྐབས་སུ་དམག་འཁྲུག་མི་ཡོང་བའི་ཐབས་ཤེས་སུ་དམག་འཁྲུག་ཡག་པོ་མ་རེད་ཟེར་བ་ཙམ་གྱིས་མི་ཕན། ང་ཚོའི་སེམས་ནས་རང་རྒྱལ་གཞན་ཕམ་ཟེར་བའི་བློ་ཤུགས་ཆེན་པོར་བསྡད་ན་དམག་འཁྲུག་ཡོང་བ་དང་། དེར་བརྟེན། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་བརྒྱད་ཅུ་ཡོད་པ་ཚང་མ་མི་གཅིག་མཚུངས་ཡིན། ང་ཚོ་ཚང་མ་འཛམ་གླིང་འདིའི་སྟེང་གི་མིའི་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད། དེར་བརྟེན། ཕྲན་བུའི་བློ་མི་མཐུན་པ་དང་བསམ་ཚུལ་ཁ་ཁ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་རྒྱག་རྒྱུ་གཏན་ནས་འོས་བབ་ཡོད་པ་མ་རེད། འཛམ་གླིང་འདིར་མི་ཚང་མས་མི་ཚང་མ་གཅིག་མཚུངས་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་ཕན་ཚུན་ལ་གུས་བརྩི་བྱས་ཏེ་བསྡད་ན་འཛམ་གླིང་ཞི་བདེ་ཡོང་ཐུབ་ཀྱི་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཤད་ལུང་ཆ་ཚང་སྩལ་བ་དང་།

མཐར་བཀའ་སློབ་སྩལ་དོན། སྐྱབས་སུ་མཆི། ངོས་ཀྱིས་དམིགས་བསལ་ཆོས་འབྲེལ་ཞུས་མེད་ཀྱང་། དད་པ་བྱེད་བཞིན་ཡོད། ལྷ་བཙུན་རིན་པོ་ཆེའི་གཟིགས་སྣང་ལ། ངོས་ཀྱི་པར་ཞིག་དང་སྒྲོལ་མའི་སྐུ་ཞིག་ཡོད་འདུག སྒྲོལ་མའི་སྐུ་དེ་ལ་འོད་ཟེར་དཀར་པོ་ཞིག་བྱུང་ནས་ངོས་ཀྱི་པར་ལ་ཟུག་པའི་སྣང་བ་བྱུང་འདུག་པས། རྗེས་ལ་ལྷ་བཙུན་རིན་པོ་ཆེས་ངོས་ལ། ཁྱེད་རང་ཚེ་རིང་པོར་སྡོད་ས་རེད། ཅེས་གསུང་གི་འདུག ལྷ་བཙུན་རིན་པོ་ཆེ་སྐུ་གོང་མ་དང་ཧ་ཅང་འབྲེལ་བ་ཡོད་པ་རེད། ངོས་ལའང་ལྷ་བཙུན་རིན་པོ་ཆེས་ཧ་ཅང་མཉེས་པོ་གནང་གི་རེད། ཅེས་དང་། སང་ཉིན་ཐུགས་རྗེ་ཆེན་པོ་དབང་ཆེན་བྱ་རྒྱུ་ཡིན། ཐུགས་རྗེ་ཆེན་པོ་བྱ་རྒྱུད་ལུགས་རེད། དེར་བརྟེན། ཁྱོད་ཚོས་སང་ཉིན་ཞོགས་ཇ་ལ་ཐུག་པ་ཤ་ཡོད་མ་འཐུང་བར་དཀར་སྐྱོང་བྱེད་དགོས། ཕྱི་དྲོ་རང་དབང་རེད། ཁྱད་པར་མི་འདུག ཅེས་བཀའ་སློབ་སྩལ་རྗེས་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཤད་ལུང་ལེགས་པར་གྲུབ་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།