༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

གླེ་ཇོ་ཁང་དུ་ཆིབས་བསྒྱུར་བསྐྱངས་པ། ༢༠༢༣ ཟླ་བ་ ༧ ཚེས་ ༡༤

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གླེ་ཡི་ཇོ་ཁང་དུ་ཆིབས་བསྒྱུར་གྱིས་ཐུབ་དབང་སྐུ་བརྙན་མདུན་དུ་སྨོན་ལམ་གསུང་འདོན་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོའི་ཆུ་ཚོད་༨།༠༠ ཙམ་ལ་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ཆིབས་འཁོར་ལ་བཞུགས་སྟེ། གླེ་ཡི་ཇོ་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ཆིབས་བསྒྱུར་ཕེབས་ལམ་དུ་ལ་དྭགས་པ་དང་བོད་པ་སོགས་དད་ལྡན་རྣམས་ཀྱིས་མེ་ཏོག་དང་མཇལ་དར། བདུག་སྤོས་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་བྱས་པ་དང་། ཇོ་ཁང་སྒོ་ཆེན་དུ་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས་དང་། དགོན་པ་ཚོགས་པའི་ཚོགས་གཙོ། ཨ་མ་ཚོགས་པའི་ཚོགས་གཙོ། ལ་དྭགས་ནང་པའི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་ཕེབས་བསུ་དང་འབྲེལ་ཇོ་ཁང་ནང་དུ་༸ཞབས་སོར་འཁོད་པ་དང་། གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐབས་ཁྲིག་རྩེ་རིན་པོ་ཆེ་མཆོག་དང་། སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག །ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས། རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་སོགས་ཀྱིས་ཕེབས་བསུ་དང་། ཐུབ་དབང་སྐུ་བརྙན་མདུན་དུ་མར་མེ་ཞལ་འབྱེད་མཛད་དེ་བཞུགས་ཁྲིར་འཁོད་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ། རྒྱུན་ཆགས་གསུམ་པ་དང་། ཤེས་རབ་སྙིང་པོ་སོགས་གསུང་འདོན་གནང་ཞིང་། ཚོགས་མང་ཡོངས་ལ་རྟེན་འབྲེལ་གྲོ་མ་འབྲས་སིལ་བགོ་འགྲེམས་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་ལ་དྭགས་གླེ་ལ་འབྱོར་ཞིང་རྟེན་གཙོ་ཇོ་བོར་མཇལ་བ་རེད། ང་ཚོ་ཚང་མ་དངོས་གནས། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། །ཅེས་ངོས་ཀྱིས་རྒྱུན་དུ་ནམ་མཁའ་མ་ཟད་ཀྱི་བར་དུ་གཞན་དོན་སྒྲུབ་བསམ་པ་ཞིག་གིས་སྨོན་ལམ་འདི་རྒྱག་གིན་ཡོད། བཅོམ་ལྡན་འདས་རང་ལ་ཆ་བཞག་ནའང་གྲངས་མེད་གསུམ་གྱི་ཚོགས་བསགས་པའི་རྩ་བའི་ཀུན་སློང་ནི། གཞན་དོན་གྱི་བསམ་པས་ཀུན་ནས་བསླངས་ཏེ། གྲངས་མེད་གསུམ་གྱི་ཚོགས་བསགས་ཤིང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་རེད། ང་ཚོ་ཚང་མའི་རྒྱུད་ལ་ཁམས་བདེ་གཤེགས་སྙིང་པོ་ཟེར་བ་དེ་ཡོད་པ་རེད། སེམས་རང་བཞིན་གྱིས་འོད་གསལ་བ་ཟེར་བ་ནི་ང་ཚོ་ཚང་མའི་རྒྱུད་ལ་ཡོད་ཡོད་པ་རེད། གསར་དུ་གྲུབ་པ་མ་རེད། སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་གློ་བུར་བའི་དྲི་མས་སྒྲིབ་ཡོད་པ་དེ་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་ལ་བརྟེན་ནས་བསལ་དགོས་པ་དང་། མཐར་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ལམ། སྟོན་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཆོས་སྐུ་དེ་ང་ཚོ་ཚང་མས་མངོན་དུ་བྱེད་པའི་རྒྱུ་ཆ་ཆ་ཚང་ཡོད་པ་རེད། དེར་བརྟེན། བཅོམ་ལྡན་འདས་ལ་སྐྱབས་སུ་མཆི་ཟེར་དུས་སྐྱབས་ཟུར་དུ་བཞག་སྟེ། ང་ཚོ་འདི་ལས་གྲོལ་ན་ཟེར་བའི་སྐད་ཆ་མ་རེད། རང་གི་རྒྱུད་ལ་སེམས་རང་བཞིན་གྱིས་འོད་གསལ་བའི་རང་བཞིན་རྣམ་དག་ཅིག་ཡོད་པ་དེ་ཉིད། གློ་བུར་བའི་དྲི་མས་སྒྲིབ་པ་དེ་བསླབ་པ་གསུམ་གྱི་ཉམས་ལེན་སོགས་ལ་བསམ་བློ་བཏང་ཡོང་དུས་གློ་བུར་བའི་དྲི་མ་སྲབ་ཏུ་ཕྱིན་ཏེ། མཐར་དྲི་མ་མཐའ་དག་སྤང་ཡོང་བ་ཡིན་པས། བཅོམ་ལྡན་འདས་ཀྱི་ཐུགས་ཡེ་ཤེས་ཆོས་སྐུ་ནང་བཞིན་ང་ཚོས་མངོན་དུ་བྱེད་ཐུབ་པ་ཞིག་ཡིན་པ་རེད། སྟོན་པ་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་སྟངས་ནི། རང་གིས་མངོན་དུ་བྱེད་པའི་འབྲས་སྐྱབས་ལ་སྐྱབས་སུ་འགྲོ་བ་ནི་གལ་ཆེ་ཤོས་རེད། ཅེས་དང་།

ང་ཚོ་ཚང་མས་ཤེས་གསལ་ལྟར། འཛམ་གླིང་འདིར་ཆོས་ལུགས་འདྲ་མི་འདྲ་མང་པོ་ཡོད་པ་རེད། དེ་སྔ་བོད་ནས་བཟུང་ངོས་ཀྱིས་ངོ་ཤེས་པ་གྲོགས་པོ་ཁ་ཆེ་མང་པོ་ཡོད། ལྷ་སར་ཡོད་པའི་ཁ་ཆེ་རྣམས་བོད་གཞུང་གིས་ངོས་འཛིན་ཡོད་པར་བྱས་ཏེ། བོད་གཞུང་གི་མཛད་སྒོ་གལ་ཆེ་བ་ཚང་མར་ལྷ་སའི་ཁ་ཆེ་ཚོགས་པ་ཞིག་ལ་རྒྱུན་དུ་ཐུག་གི་རེད། བོད་ལ་སྔ་མོ་ནས་ཁ་ཆེའི་གྲོགས་པོ་མང་པོ་ཡོད། དུས་རབས་གསར་པར་ཆོས་མེད་མཁན་ནང་དུའང་བོད་ཀྱི་རིག་གཞུང་ལ་དགའ་མོས་བྱེད་མཁན་མང་པོ་ཡོང་གི་འདུག དེར་བརྟེན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་པ་བཞིན། དེ་སྔ་སངས་རྒྱས་པའི་ཆོས་དར་ས་དང་། བར་སྐབས་ཏོག་ཙམ་ཉམས་ཆག་ཕྱིན་ཡོད་པའི་ལུང་པ་དང་། དེ་སྔ་སངས་རྒྱས་པའི་ཆོས་མ་དར་སའི་ལུང་པ་ཚོ་ལའང་སངས་རྒྱས་པའི་ཆོས་སྙིང་རྗེ་རྩ་བར་གྱུར་པའི་སེེམས་རྒྱུད་བཟང་པོ་བྱེད་པ་དེ་ལ་ཆོས་མེད་མཁན་ཚོས་ཀྱང་དགའ་མོས་བྱེད་ཀྱི་འདུག  ད་ལྟ་དེ་ལྟ་བུའི་གནས་སྟངས་ཤིག་ཆགས་ཡོད།

ང་ཚོས་ཁ་ཆེའི་ཆོས་པ་ཚོ་ཡིན་ནའང་འདྲ། དེ་བཞིན་མུ་སྟེགས་པའི་ཆོས་པ་ཡིན་ནའང་འདྲ། འཇེན་གྱི་ཆོས་པ་ཡིན་ནའང་འདྲ། ང་ཚོ་ཚང་མ་འཇིག་རྟེན་འདིའི་སྟེང་ཡོད་པའི་སྤུན་ཟླ་མི་རིགས་གཅིག་མཚུངས་རེད། ང་ཚོས་ཕན་ཚུན་ལ་ཕན་སེམས་ཀྱི་ཐོག་ནས་རོགས་བྱེད་པ་དང་། ཞབས་འདེགས་སྒྲུབ་པའི་ཐོག་ནས་དངོས་གནས་འཛམ་གླིང་ཞི་བདེ་ཟེར་བ་ཡོང་ཐུབ་པ་ཞིག་རེད། གཞན། དེང་སང་སེམས་སྐྱོ་བ་ཞིག་ལ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་ཏོག་ཙམ་འཐེན་འཁྱེར་བྱེད་པ་ཡོང་གི་འདུག ང་ཚོ་ཆོས་པ་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་པ་རེད། སེམས་པ་བཟང་པོ་བྱེད་དགོས་པ་དང་། གཞན་ལ་རོགས་བྱེད་དགོས་པ་ཆོས་ལུགས་ཚང་མས་གསུང་གི་ཡོད། དེར་བརྟེན། འཛམ་གླིང་འདིར་ཡོད་པའི་རིས་སུ་མ་ཆད་པའི་ཆོས་ལུགས་ཆེ་ཁག་ཚང་མར་དངོས་གནས་སྤུན་ཟླ་ལྟ་བུའི་འདུ་ཤེས་བཞག་སྟེ། མཐུན་འབྲེལ་གོང་བུ་གཅིག་གྱུར་ཞིག་ཡོང་བ་ལ་ངོས་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད། ངོས་ལ་གྲོགས་པོ་མང་པོ་ཡོད། ས་གནས་འདྲ་མིན་དུ་ཕྱིན་པའི་སྐབས་སུ་ཁ་ཆེའི་ལྷ་ཁང་དང་། ཧིན་དུའི་ལྷ་ཁང་། འཇེན་གྱི་ལྷ་ཁང་སོགས་ལ་འགྲོ་གི་ཡོད། ངོས་རང་སྒེར་ངོས་ནས་ནང་པའི་ཆོས་པ་རེད། ཡིན་ནའང་། འཛམ་གླིང་གི་ཆོས་ལུགས་ཚང་མས་བསམ་པ་བཟང་པོ་བྱེད་པ་དང་། མི་ལ་རོགས་བྱེད་དགོས་པའི་བསླབ་བྱ་གཅིག་མཚུངས་ཡིན་པ་དང་། ལྟ་གྲུབ་ཀྱི་ཐོག་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་རང་ལ་མཚོན་ནའང་མདོ་སྡེ་བ། བྱེ་བྲག་སྨྲ་བ། སེམས་ཙམ་པ། དབུ་མ་བ་ཞེས་མང་པོ་ཡོད་པ་རེད། ཡིན་ནའང་། ཐམས་ཅད་སངས་རྒྱས་པའི་ཆོས་པ་གཅིག་གྱུར་ཆགས་ཡོད། དེ་བཞིན་འཛམ་གླིང་ཆོས་ལུགས་འདྲ་མིན་ཚང་མར་རང་རང་གི་ལྟ་གྲུབ་མི་འདྲ་བ་གསུང་རྒྱུ་ཡོད་ཀྱང་། ཚང་མས་བསམ་པ་ཡག་པོ་བྱེད་པ་དང་། མི་ལ་ཕན་ཐོགས་བྱེད་པ། སུ་གཅིག་ལའང་གནོད་པ་མ་བསྐྱལ་བ་བྱེད་པའི་བསླབ་བྱ་གཅིག་མཚུངས་རེད།. དེར་བརྟེན། འཛམ་གླིང་འདིའི་སྟེང་གི་ཆོས་བརྒྱུད་ཚང་མ་དངོས་གནས་དམ་ཚིག་གཙང་མ་དང་། ཕན་ཚུན་ལ་གུས་ཞབས་བྱེད་པ། ཚང་མས་གཞན་ཕན་སྒྲུབ་པ་ལ་ཕན་ཚུན་གྱིས་རྗེས་སུ་ཡི་རང་བྱས་ཏེ་མཐུན་འབྲེལ་ཡོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཆོས་ལུགས་མཐུན་འབྲེལ་སྐོར་ལ་བཀའ་སློབ་སྩལ་བ་དང་།

གཞན་ཡང་། ཆོས་དད་མེད་མཁན་ཞིག་ཡིན་ནའང་། འཛམ་གླིང་འདིར་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་ཞེས་ཤོད་བཞིན་ཡོད་པ་རེད། མི་སྐྱེས་པའི་སྐབས་སུ་ཨ་མས་གསོ་སྐྱོང་བྱས་ཏེ། མ་ཡི་ནུ་ཞོ་འཐུང་ནས་འཚར་ལོངས་བྱུང་བ་དང་། གང་ལྟར་ང་ཚོའི་མི་ཚེ་མགོ་ཚུགས་པ་ནས་མ་ཡི་བྱམས་བརྩེའི་འོག་འཚོ་ཡོད། ང་ཚོའི་མི་ལུས་འདི་ཨ་མའི་འོ་མ་དང་ཨ་མའི་བྱམས་བརྩེས་འཚོ་ཡོད་པས་ལུས་འདིའི་སྟེང་ནས་བྱམས་པ་དང་བརྩེ་བས་གཞན་ལ་ཕན་པར་བྱེད་པ་དང་། སུ་གཅིག་ལ་གནོད་པ་མི་བྱེད་པ་ནི་རང་བཞིན་ཆོས་ཉིད་ཀྱི་འགྲོ་སྟངས་ཆགས་ཡོད།  གང་ལྟར་འཛམ་གླིང་འདིར་ཡོད་པའི་མི་དུང་ཕྱུར་བདུན་ཅུ་བརྒྱད་ཅུ་ཡོད་པ་ཚང་མ་མ་ཡི་མངལ་ལས་བཙས་ཤིང་། མ་ཡི་ནུ་ཞོས་བསྐྱངས་པ་གཅིག་མཚུངས་ཡིན་པས། ཚང་མས་བརྩེ་བའི་བསམ་པས་ཀུན་ལ་ཕན་བདེ་སྒྲུབ་རྒྱུ་ལས་གཞན་ལ་གནོད་པ་བྱ་རྒྱུ་ནི་རང་བཞིན་ལ་ལན་པོ་ཡོད་པ་མ་རེད།  ང་ཚོ་མི་ཞིག་ལ་ཐུག་པའི་སྐབས་སུ་སེམས་གཏིང་ནས་མཛའ་བོ་བྱས་ཏེ་གད་མོ་བགད་ན་སྐྱིད་པོ་ཡིན། རླུང་ལངས་ནས་བསྡད་ན་སྐྱིད་པོ་མེད། དེར་བརྟེན། འཛམ་གླིང་འདིའི་སྟེང་གི་མི་ཚང་མ་ཨ་མའི་ཁོག་ནས་བཙས་ཤིང་། ནུ་ཞོས་བརྩེ་བས་བསྐྱངས་པ་ཡིན་པས་མི་ཚེ་གང་བོར་བརྩེ་བ་ཡག་པོ་ཡོད་པ་བྱས་ཏེ་ཀུན་ལ་ཕན་བདེ་སྒྲུབ་པའི་ལྷག་བསམ་བརྟན་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

འཛམ་གླིང་གི་མི་ཚང་མ་མ་ཡི་མངལ་ནས་བཙས་ཤིང་ནུ་ཞོས་བསྐྱངས་པ་གཅིག་མཚུངས་ཡིན་པས། མི་ཚེ་གང་བོར་བརྩེ་བའི་བློའི་ཐོག་ནས་ཀུན་ལ་ཕན་སེམས་བྱེད་པ་བྱུང་ན་འཛམ་གླིང་ཞི་བདེ་ཡོང་གི་རེད། ཞི་བདེ་ངོ་མ་ནི་སེམས་ནང་བྱམས་བརྩེ་ཡག་པོ་ཡོད་ན་ཞི་བདེ་ཡོང་གི་རེད། སེམས་ནང་ཕྲག་དོག་དང་འགྲན་སེམས། ང་རྒྱལ། ཞེ་སྡང་སོགས་ཀྱིས་ཁེངས་བསྡད་ཚེ་ཞི་བདེ་ཡོང་ཐབས་མེད། འཛམ་གླིང་ཞི་བདེ་ནི་འཛམ་གླིང་ཤར་ཕྱོགས་དང་ནུབ་ཕྱོགས། བྱང་ཕྱོགས། ལྷོ་ཕྱོགས་གང་དུ་ཡིན་རུང་ཞི་བདེ་དོན་དུ་གཉེར་བ་ནི་གཅིག་པ་རེད། མི་གསོད་རེས་དང་དྲག་གནོན། དབང་ཡོད་བཤད་པ་ལ་སུ་གཅིག་དགའ་གི་མེད།  ང་ཚོ་ཚང་མ་འདྲ་མཉམ་ཐོག་ནས་འཛམ་གླིང་འདིར་བདེ་ཞིང་སྐྱིད་པར་ཕན་ཚུན་རོགས་བྱས་ཏེ་མི་ཚེ་བསྐྱལ་དགོས་པ་འོས་བབ་ཆགས་ཡོད། མ་ཡི་མངལ་ལས་བཙས་ནས་མ་ཡི་ནུ་ཞོས་བསྐྱངས་པ་རེད། སོ་སོས་མི་ལ་འཚེ་བ་དང་དབང་ཡོད་བཤད། ཐུབ་ཚོད་བཤད་པའི་ཐོག་ཕྱིན་ན་ཕན་ཐོགས་གང་ཡང་མེད། དེར་བརྟེན། ཆོས་ཡོད་ན་རེད། མེད་ནའང་རེད། གང་ལྟར་མ་ཡི་ནུ་ཞོས་བསྐྱངས་པ་གཅིག་མཚུངས་ཡིན་པས་ཚང་མས་མི་ཚེ་འདིར་སེམས་པ་བཟང་པོ་བྱས་ཏེ་མི་ཚེ་བསྐྱལ་དགོས་པ་དང་། འཆི་བའི་སྐབས་སུ་སོ་སོའི་ངོ་ཤེས་རོགས་པ་ཚོས་སེམས་པ་བཟང་པོའི་ཐོག་ནས་མཐའ་སྐོར་ནས་བསྡད་ཚེ་ཤི་མཁན་རང་ཉིད་སེམས་ལྷོད་ལྷོད་ཡོང་གི་རེད། སེམས་པ་བཟང་པོ་བྱ་རྒྱུ་ནི་ཆོས་ལུགས་ཚང་མས་གསུང་གི་ཡོད་པ་རེད་ལ། ཡོངས་གྲགས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་ཞེས་ཤོད་བཞིན་པ་འདི་ཐུགས་ལ་བཅངས་རོགས།

དེ་རིང་འདིར་ལ་དྭགས་ཀྱི་རྟེན་གཙོ། ཐུབ་པའི་དབང་པོའི་སྐུ་བརྙན་མདུན་ལ་ང་ཚོ་འཛོམས་པ་རེད། ད་ང་ཚོའི་ཉིན་རེའི་འཚོ་བའི་ནང་དུ་སེམས་པ་བཟང་པོ་བྱས་ཏེ་མི་ཚེ་བསྐྱལ་བ་དང་། འཛམ་གླིང་ཞི་བདེ་ཟེར་བའང་དེ་ལྟ་བུའི་ལམ་ཁའི་ཐོག་ནས་དགོས་པ་དང་། རྒྱ་ནག་ནང་ལ་མཚོན་ནའང་དེང་སང་འགྱུར་བ་འགྲོ་བཞིན་ཡོད། གང་ལྟར་ཚང་མས་ཞི་བདེ་འདོད་པ་མ་གཏོགས་དྲག་པོའི་མཚོན་ཆས་གསོད་རེས་བྱེད་པ་ནི་འདས་པའི་ལོ་རྒྱུས་རེད། དེང་སང་གི་དུས་ཚོད་ལ་ང་ཚོ་ཚང་མའི་འབྲེལ་བ་ཡག་ཏུ་ཕྱིན་པ་དང་། གནས་ཚུལ་མང་པོ་ཤེས་ཡོང་དུས་སེམས་བྱམས་བརྩེས་ཀུན་ནས་བསླངས་ཏེ་ཞི་བདེ་དོན་དུ་གཉེར་བཞིན་ཡོད་པ་རེད། དེ་ཡག་པོ་ཞིག་འགྲུབ་ཐུབ་པའི་ཆེད་དུ་སྟོན་པ་ཐུབ་པའི་དབང་པོས་སྐྱབས་འཇུག་གནང་རོགས། ངོས་རང་ལ་མཚོན་ན་ནང་པའི་དགེ་སློང་ཞིག་རེད། འཛམ་གླིང་གི་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མ་ཕ་མ་གཅིག་པ་ལྟར་མཐུན་འབྲེལ་ཡག་པོ་ཞིག་གི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་ཐུབ་པ་ཞིག་དང་། དྲག་པོའི་མཚོན་ཆ་དང་། དམག་དཔུང་ཟེར་བ་བཅས་ནི་དུས་ཡོལ་བ་རེད། ད་ལྟ་ང་ཚོ་ཚང་མ་བྱམས་བརྩེའི་སེམས་ཀྱི་ཐོག་ནས་ཚང་མ་གཅིག་ཕན་གཅིག་གྲོགས་བྱས་ཏེ་འཛམ་གླིང་འདིར་བདེ་ཞིང་སྐྱིད་པའི་ངང་ནས་མི་ཚེ་བསྐྱལ་རྒྱུ་ཡོང་བ་ལ་སྟོན་པ་ཐུབ་པའི་དབང་པོས་སྐྱབས་འཇུག་གནང་རོགས་གནང་། ཆོས་ལུགས་སོ་སོའི་ཨ་ལ་ཡིན་ནའང་རེད། གྷོ་ཌི་ཡིན་ནའང་རེད། གང་ལྟར་འདི་ལྟ་བུའི་སྐྱབས་འཇུག་གནང་རོགས། ཞེས་དང་།

ལ་དྭགས་ནམ་མཁའ་གཡང་དག ས་གཞི་རྡུལ་དག ཧ་ཅང་གཙང་མ་འདུག ང་ཚོའི་གནམ་དང་ས་གཉིས་ཧ་ཅང་ཐང་པོ་ཡོད་པ་དང་། འདིའི་ཐོག་ཡོད་མཁན་གྱི་མི་ཚོས་ལྷག་བསམ་རྣམ་དག་དང་། མི་སུ་དང་ཐུག་ནའང་མི་སྤུན་ཟླ་ནང་ཚགས་ཐུག་སོང་བསམ་པ་ཞིག་མ་གཏོགས་ང་དང་ཁྱོད་ཅེས་ཆགས་སྡང་ཕྱོགས་རིས་ཀྱི་བློ་མེད་པ་བྱོས། ནམ་མཁའ་གཡའ་དག་ཅིང་། ས་གཞི་རྡུལ་དག་པ་ནང་བཞིན་འདིའི་ཐོག་ཡོད་པའི་མི་ཚོས་རང་གཅེས་འཛིན་གྱིས་རང་ཉིད་གཙོ་བོར་འཛིན་པ་དང་། གཞན་ལ་དམའ་འཇོག་དང་མཐོང་ཆུང་། ཁྱད་གསོད་མེད་པར་ཀུན་ལ་ཕན་བདེ་སྒྲུབ་པ་ཡིན་ན་ཕྱིའི་ནམ་མཁའ་གཡའ་དག ས་གཞི་རྡུལ་དག་པ་ནང་བཞིན་ནང་གི་སེམས་དེའང་གཞན་ཕན་གྱི་བློ་བཟང་པོ་ཞིག་ཆགས་ཡོང་བས་ང་རྒྱལ་དང་ཕྲག་དོག འགྲན་སེམས་བཅས་བློ་ཡི་སྐྱོན་རྣམས་རིམ་བཞིན་མེད་པར་བྱེད་ཐུབ་ན། ང་ཚོ་ཚང་མ་དེ་རིང་འདིར་སྟོན་པའི་ལྷ་ཁང་ནང་དུ་འཚོགས། ངོས་རང་སྟོན་པའི་རྗེས་འབྲང་དགེ་སློང་ཞིག་རེད། ངོས་ཀྱིས་ཉམས་ལེན་དེ་ལྟར་བྱེད་ཀྱི་ཡོད་ལ། དེ་ཁྱོད་ཚོ་ཆོས་ལུགས་རིས་སུ་མ་ཆད་པ་ཚང་མར་སེམས་པ་བཟང་པོ་བྱེད་པ་དེ་གལ་ཆེན་པོ་འདུག་ཅེས་ཞུ་འདོད་བྱུང་། ངོས་ཀྱིས་སྐྱེ་བ་མུ་མཐུད་ནས་གཞན་ལ་ཕན་བདེའི་ཞབས་འདེགས་སྒྲུབ་པ་ལ་རྒྱུན་དུ་སྨོན་ལམ་རྒྱག་གི་ཡོད། སྨོན་ལམ་འདི་ཇོ་བོ་ཁྱེད་རང་ངའི་དཔང་པོ་ཡིན། ངོས་ཀྱིས་སྨོན་ལམ་འདི་རྒྱག་གི་ཡོད། སྨོན་ལམ་འདི་འགྲུབ་ཆེད་ཇོ་བོས་བྱིན་རླབས་ཉིན་མཚན་དུས་དྲུག་དུ་གཡེལ་བ་མེད་པར་གནང་རོགས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་རྗེས་ལྷ་ས་ཁ་ཆེ་ཚོ་ཁག་གཅིག་ལ་མཇལ་ཁ་སྩལ་རྗེས་གླེ་ཇོ་ཁང་གི་མཛད་རིམ་ལེགས་པར་གྲུབ་སྟེ་ཞི་བ་ཚལ་དུ་ཆིབས་བསྒྱུར་བསྐྱངས་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།