༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

འཕགས་བོད་མཉམ་འབྲེལ་ཚོགས་པ་དབུ་བརྙེས་ནས་ལོ་འཁོར་ཧྲིལ་པོ་ ༢༥ འཁོར་བའི་དུས་ཆེན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ། ༢༠༢༣ ཟླ་བ་ ༥ ཚེས་ ༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་བོད་མཉམ་འབྲེལ་ཚོགས་པ་(Bharat Tibbat Sahyog Manch)དབུ་བརྙེས་ནས་ལོ་འཁོར་ཧྲིལ་པོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཧིན་དྷིའི་ RSS ཚོགས་པའི་དབུ་ཁྲིད་རྒན་པ་ཨིན་ཌཱར་ཤཱི་ཁུ་མཱར་(Indresh Kumar)ལགས་སོགས་ཀྱིས་ཕེབས་བསུ་དང་བཅས་འཕགས་བོད་མཉམ་འབྲེལ་ཚོགས་པ་(Bharat Tibbat Sahyog Manch)དབུ་བརྙེས་ནས་ལོ་འཁོར་ཧྲིལ་པོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་ཆིབས་བསྒྱུར་གནང་བཞིན་པ། པར་བ། བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༥

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐབས་ཧིན་དྷིའི་ RSS ཚོགས་པའི་དབུ་ཁྲིད་རྒན་པ་ཨིན་ཌཱར་ཤཱི་ཁུ་མཱར་(Indresh Kumar)ལགས་དང་།  འཕགས་བོད་མཉམ་འབྲེལ་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་པཱན་ཁཱ་ཇེ་གྷོ་ཡཱལ་ (Pankaj Goyal)ལགས་གཉིས་ཀྱིས་ཕེབས་བསུ་དང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་རྒྱ་གར་གྱི་སྲོལ་རྒྱུན་ཕེབས་བསུ་ལྟར་མེ་ཏོག་གི་མཆོད་པ་ཕུལ་ཞིང་། རང་ལུགས་གྲོ་སོ་ཕྱེ་མར་བཅས་ཕེབས་བསུའི་ངང་སྡིངས་ཆའི་གཤམ་དུ་སྣང་གསལ་མར་མེ་ཞལ་འབྱེད་དང་། ༸ཞབས་སྟེགས་སུ་འཁོད་མཚམས་འཕགས་བོད་མཉམ་འབྲེལ་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་པཱན་ཁཱ་ཇེ་གྷོ་ཡཱལ་ (Pankaj Goyal)ལགས་དང་། ཧིན་དྷིའི་ RSS ཚོགས་པའི་དབུ་ཁྲིད་རྒན་པ་ཨིན་ཌཱར་ཤཱི་ཁུ་མཱར་(Indresh Kumar)ལགས་གཉིས་ཀྱིས་རིམ་པར་ཕེབས་བསུའི་གསུང་བཤད་གནང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་བོད་མཉམ་འབྲེལ་ཚོགས་པ་(Bharat Tibbat Sahyog Manch)དབུ་བརྙེས་ནས་ལོ་འཁོར་ཧྲིལ་པོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོ་ལ་སྣང་གསལ་མར་མེ་ཞལ་ཕྱེ་གནང་བཞིན་པ། པར་བ། བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༥

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་བོད་ཐུན་མོང་མ་ཡིན་པའི་འབྲེལ་བའི་སྐོར་ལ་བཀའ་སློབ་སྩལ་དོན། རྡ་རམ་ས་ལ་ངོས་རང་བཙན་བྱོལ་བ་བྱས་ཏེ་སྡོད་སའི་བསྟི་གནས་ཆགས་ཡོད། ས་ཆ་འདི་ནི་༸རྒྱལ་བ་རིན་པོ་ཆེའི་བཞུགས་ས་བྱེད་ཀྱི་ཡིན་ཞེས་ཇཱ་ཝ་ཧར་ལ་ནེ་རུ་(Jawaharlal Nehru)ཡིས་གཏན་འཁེལ་བ་རེད། ཀཱང་ར་རྫོང་ཁུངས་ལ་གྲ་སྒྲིག་བྱེད་ཀྱི་ཡིན་ཞེས་ནེ་རུ་རང་གིས་ཐག་བཅད་པ་རེད། ལོ་འདིའི་རིང་ལ་ས་ཆ་འདིར་ང་ཚོ་རྒྱ་གར་མི་མང་སྤྱི་འགྲོས་སྤྱི་མཚུངས་ཐོག རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པ་ཞིག་དང་། ཆོས་ལུགས་རིས་མེད་ཐོག་དུས་ད་ལྟའི་བར་དུ་བསྡད་པ་རེད། བོད་མིར་ཆ་བཞག་ན་བོད་ཀྱི་རིག་གཞུང་གི་ཁུངས་བཅོལ་ས་ནི་ནང་པ་སངས་རྒྱས་པའི་གཞུང་ཡིན་པ་དང་། བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཙམ་གྱི་མགོ་རུ་རྒྱ་གར་སྐད་དུ་ཞེས་ཡོད། དེར་བརྟེན། ང་ཚོ་འཕགས་བོད་གཉིས་ནི་ཐུན་མོང་མ་ཡིན་པའི་འབྲེལ་བ་འདུག བོད་ལ་རིག་གཞུང་གཏིང་ཟབ་མོ་ཡོད་པ་འདི་རྒྱ་གར་ནས་ཚུར་ཡོང་བ་ཞིག་ཆགས་ཡོད།

འཕགས་བོད་མཉམ་འབྲེལ་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་པཱན་ཁཱ་ཇེ་གྷོ་ཡཱལ་ (Pankaj Goyal)ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་རྟགས་འབུལ་བཞེས། པར་བ། བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༥

ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་ནག་དང་ཧ་ཅང་འབྲེལ་བ་ཡོད་པ་རེད། རྒྱ་བཟའ་དང་ཁྲུང་ས་སྐྱོན་ནས་རྒྱ་བོད་གཉིས་ཀྱི་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་ཆགས་ཡོད་ཀྱང་། བོད་ལ་རྒྱ་ཡིག་བཙུགས་ཡོད་པ་མ་རེད། བོད་ལ་བོད་རང་ཉིད་ཀྱི་དབྱངས་དང་གསལ་བྱེད་ཡོད་པ་དེ་བ་ནག་རིས་(devanagari)ཞེས་དབྱངས་དང་གསལ་བྱེད་ཐོག་འགྲོ་བའི་རྒྱ་གར་གྱི་ཡི་གེ་དེ་ལ་དཔེ་བལྟས་ནས་བོད་ཡིག་བཟོས་པ་རེད། རྒྱ་བཟའ་དང་ཆོས་རྒྱལ་སྲོང་བཙན་སྒམ་པོ་འབྲེལ་བ་ཆེན་པོ་ཡོད་པས། བོད་ལ་རྒྱ་ནག་གི་སྒོམ་ཆེན་པ་མང་པོ་ཕེབས་ཡོད་པ་རེད། སྐབས་ཤིག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལའི་རྗེས་འབྲང་བོད་རིགས་ལེགས་སྦྱར་སོགས་ལ་སློབ་སྦྱོང་གནང་མཁན་ཕྱོགས་གཅིག་དང་། རྒྱ་ནག་གི་སྒོམ་ཆེན་པ་ཚོ་ཕྱོགས་གཅིག་ལ་བཞུགས་ཤིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དཀྱིལ་ལ་བཞུགས་སྟེ་བགྲོ་གླེང་གནང་བའི་ཐུགས་རེ་གནང་བ་རེད། བོད་ཀྱི་ཆོས་པ་ཚོ་དང་རྒྱ་ནག་གི་སྒོམ་ཆེན་པ་ཚོ་བགྲོ་གླེང་གནང་བའི་གྲ་སྒྲིག་གནང་འདུག སློབ་དཔོན་ཀ་མ་ལ་ཤཱི་ལའི་རྗེས་འབྲང་གི་བོད་པ་ཚོར་གཞི་དང་ལམ་དང་། འབྲས་བུའི་རྣམ་གཞག དེ་ནས་བསླབ་པ་གསུམ་གྱི་ཉམས་ལེན་སྐོར་མང་པོ་ཞིག་གསུང་རྒྱུ་ཡོད་པ་རེད། གཡོན་ཕྱོགས་ཀྱི་སྒོམ་ཆེན་པ་ཚོར་དེ་ལྟ་བུའི་སློབ་སྦྱོང་མེད་པར་སྒོམ་རང་བརྒྱབ་ནས་འདུག་གི་ཡོད་པས་སྒོམ་ཆེན་པ་ཚོར་བཀའ་འདྲི་གནང་དུས་ང་ཚོས་སྒོམ་རྒྱག་རྒྱུ་གཙོ་བོར་བྱེད་པ་མ་གཏོགས་དེ་དག་གི་སློབ་སྦྱོང་མེད་གསུངས་པ་རེད། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་ནག་གི་སྒོམ་ཆེན་པ་ཚོར། ང་ཚོ་བོད་པ་ཚོས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་པ་རེད། སྒོམ་བརྒྱབ་པ་གཅིག་པུས་འགྲིག་གི་མི་འདུག རྒྱ་ཡི་མཁན་པོ་ཚོ་རྒྱ་ནག་ལ་ལོག་ཕེབས་རོགས་ཞུས་པ་རེད།

འཕགས་བོད་མཉམ་འབྲེལ་ཚོགས་པ་(BTSM)དབུ་བརྙེས་ནས་ལོ་འཁོར་ཧྲིལ་པོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་འཕགས་བོད་མཉམ་འབྲེལ་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་པཱན་ཁཱ་ཇེ་གྷོ་ཡཱལ་ (Pankaj Goyal)ལགས་ཀྱིས་གསུང་བཤད་གནང་བཞིན་པ། པར་བ། བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༥

མཁན་ཆེན་ཞི་བ་འཚོ་དེ་དུས་ནཱ་ལེནྡྲའི་མཁས་པའི་གྲས་ཆགས་ཡོད། རྒྱ་གར་མཁས་པའི་བཞེད་གཞུང་དྲི་མ་མེད་པ་བོད་ལ་འཛུགས་དགོས་ཀྱི་འདུག་ཅེས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་བ་རེད། མཁན་ཆེན་ཞི་བ་འཚོས་ཁྱོད་ཚོར་སྲོང་བཙན་སྒམ་པོའི་སྐབས་ནས་བོད་ཡིག་ཟུར་དུ་འདུག་པས་རྒྱ་ཡིག་སློབ་དགོས་ཀྱི་མི་འདུག སོ་སོའི་བོད་ཡིག་ཡོད་པས་རྒྱ་གར་གྱི་བཅོམ་ལྡན་འདས་ཀྱི་བཀའ་འགྱུར་གྱི་གཞུང་རྣམས་དང་། བསྟན་འགྱུར་གྱི་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་ཅེས་ནཱ་ལེནྡྲའི་ལྟ་གྲུབ་རྣམས་ལ་སློབ་སྦྱོང་བྱས་ཏེ། སངས་རྒྱས་པའི་གཞུང་རྒྱ་ཆེ་མུ་མེད་ཅིག་ཡོད་པ་རྣམས་ཚུར་བསྒྱུར་བའི་མགོ་བཙུགས་ཏེ། དེང་སང་བཀའ་འགྱུར་པོ་ཏི་བརྒྱ་ལྷག་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཡོད་པ་དང་། ལེགས་སྦྱར་སྐད་ནས་བསྒྱུར་བ་དང་། པཱ་ལིའི་གཞུང་ནས་བསྒྱུར་བའང་ཡོད་པ་རེད། གང་ལྟར་དེ་དག་བོད་སྐད་དང་བོད་ཡིག་གི་ཐོག་ནས་ཆ་ཚང་བཤད་ཐུབ་ཀྱི་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཕགས་བོད་མཉམ་འབྲེལ་ཚོགས་པ་(BTSM)དབུ་བརྙེས་ནས་ལོ་འཁོར་ཧྲིལ་པོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་ཧིན་དྷིའི་ RSS ཚོགས་པའི་དབུ་ཁྲིད་རྒན་པ་ཨིན་ཌཱར་ཤཱི་ཁུ་མཱར་(Indresh Kumar)ལགས་གསུང་བཤད་གནང་བཞིན་པ། པར་བ། བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༥

ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པས་ནང་པའི་ཡུལ་གྲུ་ཁག་ནས་གནས་སྐོར་དང་འབྲེལ་ང་ཚོ་མཇལ་བའི་གོ་སྐབས་མང་པོ་ཡོང་གི་འདུག བཀའ་མོལ་ཞུས་པའི་སྐབས་སུ་ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་བོད་ཡིག་ནང་བཀའ་བསྟན་པོ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པ་རེད་ལ། ང་ཚོས་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ཉམས་ལེན་དང་། སྒོམ་རྒྱག་གི་ཡོད། སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཡོད་པས་འཇོག་སྒོམ་རྐྱང་རྐྱང་མ་ཡིན་པར་དཔྱད་སྒོམ་གྱི་ཐོག་ནས་དཔྱད་པ་གཏོང་གི་ཡོད་པས་ཚད་མའི་གཞུང་རྣམས་གལ་ཆེན་པོར་བརྩིས་ཏེ་སློབ་སྦྱོང་བྱེད་བཞིན་ཡོད། ཡིན་དང་མིན་ནི་རིགས་པས་དཔྱད་པ་བྱས་ཏེ་སློབ་སྦྱོང་བྱེད་བཞིན་ཡོད། སངས་རྒྱས་ཀྱི་གསུངས་པ་རེད་ཡིན་དང་ཡིན་ཟེར་བ་མིན་པར། སངས་རྒྱས་ཀྱི་གསུངས་པ་རེད་དེ་རྒྱུ་མཚན་ག་རེ་རེད་ཅེས་དཔྱད་པ་བྱེད་ཀྱི་ཡོད། ཅེས་སོགས་བོད་ཀྱི་དགོན་སྡེ་ཁག་ནས་ནང་ཆོས་སློབ་གཉེར་སྐབས་རིགས་པས་དཔྱད་ནས་སློབ་སྦྱོང་གནང་བཞིན་པའི་སྐོར་ངོ་སྤྲོད་དང་། མགོན་པོ་གང་ཉིད་མཆོག་གིས་ཆུང་དུས་སློབ་གཉེར་གནང་བའི་བརྒྱུད་རིམ། དེ་བཞིན་དེང་སང་ནུབ་ཕྱོགས་ཀྱི་ཚན་རིག་པའི་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་བཞིན་པ་དང་། ཁོང་ཚོའི་མཉམ་དུ་བགྲོ་གླེང་གནང་སྐབས་ཀྱི་གནས་ཚུལ་སོགས་ངོ་སྤྲོད་གནང་བ་དང་།

འཕགས་བོད་མཉམ་འབྲེལ་ཚོགས་པ་(Bharat Tibbat Sahyog Manch)དབུ་བརྙེས་ནས་ལོ་འཁོར་ཧྲིལ་པོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་བོད་ཀྱི་ཟློས་གར་ཚོགས་པས་ཞབས་བྲོ་གཟིགས་འབུལ། པར་བ། བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༥

གཞན་ཡང་། མགོན་པོ་གང་ཉིད་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་གསར་གཏོད་བྱས་པའི་སྐོར་ལ་བཀའ་སློབ་སྩལ་དོན། ངོས་རང་རྒྱ་གར་ལ་སླེབས་ནས་གསར་པ་བྱས་པ་གཅིག་ནི། བཙུན་མ་ཚོས་ཀྱང་མཚན་ཉིད་ལ་བལྟ་དགོས་པ་རེད་ཅེས་འབོད་སྐུལ་བྱས་ཏེ། དེང་སང་བཙུན་མ་ཚོའི་ནང་དུ་རྟགས་གསལ་གཏོང་མཁན་ཡག་ཐག་ཆོད་ཡོང་གི་འདུག ཧ་ཅང་ཡག་པོ་རེད། དེ་བཞིན་ང་ཚོའི་སློབ་གྲྭ་ཁག་ཏུ་དེ་སྔ་ཆོས་དགེ་ཞེས་ཆོས་ཀྱི་དགེ་རྒན་ཟེར་བ་ལྟ་བུ་མིང་ཞིག་བཏགས་ནས་ཡོང་གི་ཡོད། དེ་ལ་ངོས་ཀྱིས་ལྟ་གྲུབ་དགེ་རྒན་ཟེར་ནས་འགྱུར་བ་བཏང་བ་ཡིན། ཆོས་དགེ་ཟེར་དུས་ཆོས་གཅིག་པུ་དང་། ལྟ་གྲུབ་དགེ་རྒན་ཟེར་དུས་ཕྱི་ནང་གི་ལྟ་གྲུབ་ཀྱིས་མཚོན་པའི་ལྟ་གྲུབ་འདྲ་མི་འདྲ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་རེད། དེར་བརྟེན། ཆོས་དགེ་ཞེས་མ་ལབ་པར་ལྟ་གྲུབ་དགེ་རྒན་ཟེར་བའི་མིང་འཁྱེར་ན་ཡག་པོ་འདུག་ཅེས་ངོས་ཀྱིས་བསམ་འཆར་བཤད། དེང་སང་མི་ཚོས་དེ་ལག་ལེན་དུ་འཁྱེར་བཞིན་ཡོད་པ་རེད།

འཕགས་བོད་མཉམ་འབྲེལ་ཚོགས་པ་(Bharat Tibbat Sahyog Manch)དབུ་བརྙེས་ནས་ལོ་འཁོར་ཧྲིལ་པོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་སེར་སྐྱ་མི་མང་གིས་མཉམ་ཞུགས། པར་བ། བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༥

ང་ཚོ་བཙན་བྱོལ་བ་ཚོས་སོ་སོའི་ལྟོ་གོས་འགྲིག་ཙམ་མ་ཡིན་པར་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་པ་དང་། དེ་དང་ཆབས་ཅིག་བོད་རང་གི་ལོ་ངོ་སྟོང་ཕྲག་རིང་ཡོད་པའི་བཀའ་བསྟན་ནང་ཡོད་པ་རྣམས་མུ་མཐུད་ནས་སློབ་སྦྱོང་བྱེད་བཞིན་ཡོད། དེ་ལྟ་བུའི་གོ་སྐབས་ལ་གཙོ་བོ་རྒྱ་གར་གཞུང་གིས་རོགས་རམ་རྒྱ་ཆེན་པོ་གནང་བ་རེད། དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོའི་བོད་ཕྲུག་གཞོན་སྐྱེས་ཚོས་དེང་དུས་ཀྱིས་ཤེས་ཡོན་བསླབ་པ་དང་ཆབས་ཅིག་ལྟ་གྲུབ་དགེ་རྒན་གྱིས་ནང་ཆོས་ཀྱི་ལྟ་གྲུབ་སྐོར་ལའང་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། དེར་བརྟེན། ཕྱོགས་གཅིག་ནས་བསམ་བློ་བཏང་ན་དེ་སྔ་ང་ཚོ་བོད་ལ་ཡོད་པའི་སྐབས་སུ་སློབ་ཕྲུག་ཚོར་དེ་ལྟ་བུའི་གོ་སྐབས་ཡོད་པ་མ་རེད། དེང་སང་ལྟ་གྲུབ་དགེ་རྒན་བཙུགས་ནས་སློབ་སྦྱོང་བྱེད་རྒྱུ་ཡོད་པ་དེ་ལྟར་རེད། ང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་རིང་འདིར་ཕྱི་ནང་གི་མཐུན་རྐྱེན་མང་པོ་ཞིག་གཙོ་ཆེར་རྒྱ་གར་གཞུང་གིས་གནང་བ་རེད། གོ་སྐབས་འདི་བཟུང་ནས་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྲེལ་ཡོད་རྒྱ་གར་གྱི་ནང་སྲིད་ལས་ཁུངས་སོགས་ཀྱི་ལས་བྱེད་པ་རྣམས་ལའང་བཀའ་དྲིན་རྗེས་སུ་དྲན་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཚོགས་པ་འདི་བཙུགས་ནས་ལོ་ ༢༥ འཁོར་འདུག དངོས་གནས་ཁ་ཡོད་ལག་ཡོད་ཀྱི་བྱས་རྗེས་བཞག་ཡོད་པ་རེད། ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་ཐོག་ལ་ཕྱོགས་མང་པོ་ནས་རྒྱབ་སྐྱོར་དང་རོགས་རམ་གནང་གི་ཡོད་པ་ལ་ཞེ་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད།

འཕགས་བོད་མཉམ་འབྲེལ་ཚོགས་པ་(Bharat Tibbat Sahyog Manch)དབུ་བརྙེས་ནས་ལོ་འཁོར་ཧྲིལ་པོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་སྐུའི་ཧིན་སྐད་གསུང་བསྒྱུར་གྱིས་གསུང་བསྒྱུར་ཞུ་བཞིན་པ། པར་བ། བསྟན་འཛིན་ཆོས་འབྱོར། ༢༠༢༣།༥།༥

ཚོགས་པ་འདི་བཞིན་ཕྱི་ལོ་ ༡༩༩༩ ལོར་ཧིན་དྷི་ RSS ཚོགས་པས་གསར་འཛུགས་གནང་བ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་འབྱེད་མཛད་སྒོར་༸ཞབས་སོར་འཁོད་མྱོང་ཡོད་པ་དང་། ད་རེས་ཚོགས་པ་འདི་དབུ་བརྙེས་ནས་ལོ་འཁོར་ ༢༥ ཧྲིལ་བོ་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོ་རུ་རྒྱ་གར་རྒྱལ་ཡོངས་ནས་འཕགས་བོད་མཉམ་འབྲེལ་ཚོགས་མི་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ཁག་ཅིག འཕགས་བོད་འབྲེལ་མཐུད་ཚོགས་པའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཧར་ཇི་ཏེ་ སིངྒ་ གྷི་རེ་ཝལ་ (Shri Harjeet Singh Grewal) ལགས། གཞན་སྐུ་མགྲོན་གནད་ཡོད་མི་སྣ་དང་། ས་གནས་མང་ཚོགས་ཆེད་ཕེབས་གནང་ཡོད་པ་མ་ཟད། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་ཚབ་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག ཧི་མ་ཅཱལ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ (Shri. Kishan Kapoor) མཆོག ཇ་མུ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇུ་གྷལ་ཀི་ཤོར་ཤར་མ་ (Shri Jugal Kishore Sharma) མཆོག པཎྜི་ཏ་ལག་མི་ཅན་ཌ་སྣང་རིས་སྒྱུ་རྩལ་གཙུག་ལག་སློོབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་གྷ་ཇེན་དྷ་ར་ཅའོ་ཧན་ (Gajendra Chauhan, Vice-Chancellor of Pandit Lakhmi Chand State University of Performing and Visual Arts)  མཆོག་བཅས་ཆེ་བསྟོད་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད་པ་རེད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།