༄༅། །ད་ལན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགུལ་ཆམ་བཞེས་པར་བརྟེན། སྐུའི་བླ་སྨན་པ་རྣམས་ནས་སྐུ་ངལ་གསོ་གལ་ཆེ་བའི་དགོངས་འཆར་དང་གསོལ་འདེབས་ནན་མོ་ཞུས་ཤིང་། འདི་ག་ཡིག་ཚང་ནས་ཀྱང་སྐུའི་བླ་སྨན་པ་རྣམས་ཀྱི་རེ་དོན་ལྟར་སྐུ་ངལ་གསོ་གལ་ཆེ་བའི་གསོལ་འདེབས་ནན་གྱིས་ཞུས་པར་བཀའ་བཞེས་བཟང་པོ་སྤྱི་ཕེབས་བྱུང་བ་ལགས་ན། ད་ལན་ཐའེ་ཝན་གསུང་ཆོས་ཉིན་དང་པོ་དང་གཉིས་པ་གཉིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་གནང་གཏན་འཁེལ་ཡོད་པ་ཀུན་གྱིས་ཐུགས་འཇགས་ཡོང་བ་ཞུ།
དགའ་ལྡན་ཕོ་བྲང་ཡིག་ཚང་ནས། ཕྱི་ལོ་༢༠༢༣ ཟླ་ ༡༠ ཚེས་ ༡ ལ།།