༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད་པ། ༢༠༢༣ ཟླ་བ་ ༡ ཚེས་ ༣

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་གསར་བཞེང་གནང་རྒྱུའི་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་སྐྲུན་གྱི་རྩིག་རྨང་འཇོག་པའི་མཛད་སྒོར་ཆིབས་བསྒྱུར་གྱིས་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་ཆིབས་འཁོར་བརྒྱུད་བོདྷ་ག་ཡཱ་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་སྐྲུན་ས་ཁུལ་དུ་༸ཞབས་སོར་འཁོད་མཚམས་ལས་གཞིའི་འགན་འཛིན་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་ཀི་རན་རི་ཇི་ཇུ་མཆོག བྷི་ཧར་མངའ་སྡེའི་སོ་ནམ་ཞིང་ལས་བློན་ཆེན་སྐུ་ཞབས་ཀུ་མཱར་སཱར་ཝ་ཇིཊ་མཆོག སྐུ་ཞབས་ཀརྨ་ཆུང་བདག་ལགས་སོགས་ཀྱིས་ཕེབས་བསུ་དང་བཅས་སྡིངས་ཆའི་༸ཞབས་སྟེགས་སུ་འཁོད་མཚམས་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་བ་དང་། དེ་རྗེས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་ཡོད།

དེ་ཡང་མཁས་ཟམ་གདོང་རིན་པོ་ཆེ་མཆོག་གིས་ངོ་སྤྲོད་གསུང་བཤད་དུ། ༧གོང་ས་མཆོག་གིས་རྒྱ་གར་གྱི་བཀའ་དྲིན་བསབ་ཆེད་བོད་མིས་སྒྲུབ་ཐུབ་པའི་བྱ་བ་གཅིག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན་པར་གཟིགས་ནས། གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་སྔོན་ཡོད་གསུམ་གྱི་ཐོག་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁྱབ་སྤེལ་གནང་རྒྱུ་དེ་བསྣན་ཡོད། སྤྱིར་བཏང་ལས་དོན་འདིའི་ཆེད་སཱ་ར་ནཱ་ཐའི་གཙུག་ལག་སློབ་ཁང་དང་། དྷ་སའི་དཔེ་མཛོད། དྷ་སའི་རིགས་ལམ་སློབ་གྲྭ ས་རྭའི་མཐོ་སློབ། བོད་ཀྱི་སྨན་རྩིས་ཁང༌། ཏཱ་ལའི་བླ་མ་མཐོ་སློབ། དིལླཱི་བོད་ཁང་། དིལླཱི་ཀུན་ཁྱབ་འགན་ཁུར་ཐེབས་རྩ་སོགས་ལྟེ་གནས་མང་པོས་ལས་དོན་བྱེད་བཞིན་ཡང༌། ད་དུང་དེ་དག་གི་ལས་དོན་ལ་ཤུགས་ནུས་ཐེབས་ཐབས་དང་། རྒྱ་བསྐྱེད་གཏོང་རྒྱུ། དེ་བཞིན་༧གོང་ས་ཏཱ་ལའི་བླ་མའི་གདན་ས་ཞིག་རྒྱ་གར་དབུས་འགྱུར་མ་ག་དྷ་ལ་གཏན་ཚུགས་ཡོང་ཆེད་ད་ལྟའི་ལྟེ་གནས་འདི་འཛུགས་སྐྲུན་ཞུ་གི་ཡོད། ལྟེ་གནས་འདིར་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཡོད་དོ་ཅོག་ལ་སློབ་གཉེར་དང༌། ཉམས་ཞིབ། མཚུངས་བསྡུར། འབྲི་རྩོམ། དཔར་སྐྲུན། སྒོམ་སྒྲུབ་ཉམས་ལེན། ཚོད་བལྟ་སོགས་དོན་གཉེར་བ་སོ་སོའི་གང་ལ་ཅི་འདོད་ཀྱི་ལས་དོན་སྒྲུབ་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན།

འོན་ཀྱང་ལྟེ་གནས་འདི་མཐོ་སློབ་བམ་གཙུག་ལག་སློབ་ཁང་ཞིག་གི་ངོ་བོ་མ་ཡིན་པར། རང་དབང་གིས་སློབ་སྦྱོང་དང༌། ཉམས་ཞིབ། སྒོམ་སྒྲུབ་སོགས་གཙུག་ལག་སློབ་ཁང་གི་སྒྲིག་གཞིས་འཆིང་བ་མེད་པར། སློབ་གཞི་དང་། དུས་ཡུན། རྒྱུགས་སྤྲོད་སོགས་ངེས་མེད་རང་འདོད་ལྟར་བྱེད་ཆོག་པ་དང་། ཡིག་རྨོངས་ཤིག་ཡིན་རུང་ངག་ཐོག་སྦྱོང་བརྡར་བྱ་བའི་མཐུན་རྐྱེན་སོགས་བསྐྲུན་རྒྱུ་དང༌། ཡང་གཙུག་ལག་སློབ་ཁང་གི་སྒྲིག་མཐུན་སློབ་སྦྱོང་དང་ཉམས་ཞིབ་བྱེད་མཁན་རྣམས་ལའང༌། དཔེ་མཛོད་དང༌། ཁྱད་མཁས་པའི་ལམ་སྟོན། ཕྱོགས་བསྐྱོད། གནས་ཚུལ་འཚོལ་སྒྲུབ་སོགས་ལ་མཐུན་འགྱུར་བྱ་རྒྱུ། གཙུག་ལག་སློབ་ཁང་སོ་སོར་དགོས་མཁོ་དང་འཚམས་པའི་སློབ་འཆར་སྣ་ཚོགས་བསྐྲུན་རྒྱུ་སོགས་དང༌། དཔེ་མཛོད་དང་འགྲེམས་སྟོན་ཁང་དུ་༧གོང་ས་སྐུ་ཕྲེང་ཡོངས་ཀྱི་གསུང་འབུམ་གཙོ་བོར་གྱུར་པའི་འཕགས་བོད་གནའ་བོའི་རིག་གཞུང་གི་གསུང་རབ་ཇི་བཞུགས་དང་། དངོས་རྫས་རྙིང་པའི་རིགས་སོགས་བསྡུ་རུབ་ཀྱིས་སྦྱོང་བདར་དང་ཉམས་ཞིབ་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་བཟོ་རྒྱུ། དེ་བཞིན་དུས་ཡུན་རིང་ཐུང་སྣ་ཚོགས་ཀྱི་སློབ་གཞི་སྣ་ཚོགས་བསྐྲུན་ནས་ལྟེ་གནས་ནས་ཐད་ཀར་རམ་སློབ་ཁང་གཞན་དག་བརྒྱུད་སློབ་ཁྲིད་བྱ་རྒྱུ་སོགས་དང༌། དེའི་ཆེད་དགེ་རྒན་དང་ཁྱད་ལས་པ་རྣམས་ལ་འོས་སྦྱོང་དུས་ཡུན་རིང་ཐུང་སྣ་ཚོགས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དེ་དགེ་ལས་སློབ་ཕྲུག་རྣམས་དུས་ཡུན་རིང་ཐུང་ཅི་རིགས་ལྟེ་གནས་སུ་བཞུགས་ཡུལ་ཁང་པ་དང༌། འཛིན་ཁང༌། སྒོམ་སྒྲུབ་སྤྱིལ་བུ་བསྐྲུན་རྒྱུ་སོགས་ཞིབ་པ་འདིའི་ལས་འཆར་ཡིག་ཆ་ཁག་ནས་མཁྱེན་རྟོགས་ཡོང་རྒྱུ། ཞེས་དང་། ལྟེ་གནས་འདི་ཐོག་མ་དཔལ་ནཱལནྡཱའི་ལྟེ་གནས་ཞེས་བཏགས་ཀྱང༌། རྗེས་སོར་༧གོང་ས་མཆོག་ནས་ནང་པ་ཙམ་མ་ཡིན་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཆ་ཚང་མཚོན་ཆེད་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་ཞེས་འབྲེལ་ཡོད་ཡོངས་དང་གོ་བསྡུར་གྱིས་བསྒྱུར་གནང་མཛད་པ་ལྟར། ཡིག་ཆ་རྙིང་པ་ཚོའི་ནང་མཚན་བསྒྱུར་ཞུ་རྒྱུའི་ལས་རིམ་རིམ་པས་ཞུ་རྒྱུ་ཡིན། ཞེས་སོགས་ངོ་སྤྲོད་གནང་བ་དང་།

དེ་རྗེས་རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་དཔལ་ལྡན་ཀི་རན་རི་ཇི་ཇུ་(shri kiren rijiju)མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་ལྷག་པར་དུ་ལས་འཆར་འདི་ལ་རྒྱ་གར་དབུས་གཞུང་དང་། སྲིད་བློའི་ནཱ་རན་ཌ་མོ་རྡི་གཞུང་གིས་རྒྱབ་སྐྱོར་གང་ཡོང་ཞུ་རྒྱུ་ཡིན་པའི་སྐོར་སོགས་གསུང་བཤད་གནང་བ་དང་། བྷི་ཧཱར་མངའ་སྡེའི་སོ་ནམ་ཞིང་ལས་བློན་ཆེན་སྐུ་ཞབས་ཀུ་མཱར་སཱར་ཝ་ཇིཊ་མཆོག་(Shri Kumar Sarvjeet)བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏི་ཤི་ཀུ་མཱར་ (Nitish Kumar) མཆོག་གི་སྐུ་ཚབ་ཏུ་ཕེབས་ཏེ་རྒྱ་གར་གཞུང་དང་བྷི་ཧཱར་མངའ་སྡེ། དེ་བཞིན་བོདྷ་ག་ཡཱ་ས་གནས་བཅས་ནས་མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལ་རྒྱབ་སྐྱོར་ཡོད་པ་མ་ཟད། ད་ལན་གྱི་ལས་གཞི་འདི་ལ་མཐུན་འགྱུར་ཆ་ཚང་ཞུ་རྒྱུ་ཡིན་སྐོར་སོགས་གསུང་བཤད་གནང་རྗེས་སྤྱི་ནོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་སྩལ་དོན།

དེ་རིང་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་ཆོས་དད་ཡོད་མེད་ལ་མ་བལྟས་པར་སངས་རྒྱས་ལ་དགའ་མོས་བྱེད་མཁན་དང་། བོདྷ་ག་ཡཱ་ཟེར་བའི་གནས་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཛམ་གླིང་ལ་ཕན་ཐོགས་ཅན་གྱི་བྱམས་བརྩེ་རྩ་བར་གྱུར་པའི་སངས་རྒྱས་པའི་ཆོས་ཚུལ་གསར་དུ་ཚུགས་ཤིང་། ཡར་རྒྱས་ཕྱིན་པ་ཡིན་པས་ཚང་མས་འདི་ལ་ཐུགས་སྣང་དམིགས་བསལ་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སངས་རྒྱས་པའི་ཆོས་ནི་རང་རང་སོ་སོའི་ལྟ་གྲུབ་འཁྱེར་ནས་འགྲོ་སྡོད་པ་གཅིག་པུ་མ་རེད། སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་ཡིན་པས་ཐམས་ཅད་ལ་བདེ་བ་ཐོབ་པ་ཞིག་དང་། སྡུག་བསྔལ་མ་ཡོང་བ་ཞིག་བྱུང་ན་བསམ་པ་རེད། དེ་ཡང་བདེ་བ་ཐོབ་པ་དང་། སྡུག་བསྔལ་མ་ཡོང་བ་ལ་ཡིད་སྨོན་བྱས་པ་ཙམ་མ་ཡིན་པར་སྡུག་བསྔལ་གྱི་རྩ་བ་སེམས་ཀྱི་ཞེ་སྡང་དང་། རང་གཅེས་འཛིན་གྱིས་བྱེད་ཀྱི་ཡོད་པ། བདེ་སྐྱིད་ནི་གཞན་གཅེས་འཛིན་གྱི་ཐོག་ནས་ཡོང་གི་ཡོད་པ་དངོས་ཡོད་གནས་ཚུལ་དང་། འདི་ཆོས་ཀྱི་སྐད་ཆ་མ་རེད། དེང་སང་འཛམ་གླིང་གི་ཚན་རིག་མཁས་པ་མང་པོ་ཞིག་གིས་འདི་ལྟར་བཤད་བཞིན་འདུག སེམས་ལ་ཞི་བདེ་ཡོད་ན་ལུས་ངག་གི་བྱ་བ་ཚང་མར་འཚེ་བ་མེད་པར་ཞི་བདེ་ཡོང་ཐུབ་ལ། སེམས་ལ་ཞི་བདེ་མེད་ན་ཕྱི་ལྟར་དུ་འདྲ་ཆགས་པོ་དང་། ཡིད་དུ་འོང་བ་ཅི་ཙམ་ཡོད་ཀྱང་། དོན་དངོས་སུ་ཞེ་སྡང་གིས་ཀུན་ནས་བླངས་ནས་ཡོད་པ་ཡིན་ན་ག་རེ་བྱས་ནའང་སྡུག་བསྔལ་ཡོང་བ་ཞིག་རེད།

དེར་བརྟེན། ཞི་བ་ལྷས། འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང༌།། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང༌།། མང་དུ་བཤད་ལྟ་ཅི་ཞིག་དགོས།། བྱིས་པ་རང་གི་དོན་བྱེད་དང༌།། ཐུབ་པ་གཞན་གྱི་དོན་མཛད་པ།། འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།།  དེ་བས་སྐྱོ་ངལ་ཀུན་སེལ་བའི།། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས།། བདེ་ནས་བདེ་བར་འགྲོ་བ་ལ།། སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར།། ཞེས་གསུངས་པ་ལྟར་རེད། ཆོས་ཁས་བླངས་ཀྱང་མ་བླངས་ཀྱང་སེམས་པ་བཟང་པོ་བྱེད་རྒྱུ་བྱུང་ན་དེ་ནི་ཆོས་ཀྱི་རྩ་བ་དང་། ཞི་བདེའི་རྩ་བ་ཆགས་ཡོད། དེར་བརྟེན། སེམས་པ་བཟང་པོ་བྱ་རྒྱུ་ང་ཚོ་ཚང་མའི་ལས་འགན་ནམ་འབད་བརྩོན་བྱེད་འོས་པ་ཞིག་རེད། གཞན་དོན་དོན་གཉེར་གྱི་བློ་ཡག་པོ་ཡོད་ན་ཞི་བདེའི་ལྡོག་ཕྱོགས་ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་བཅས་རང་བཞིན་གྱིས་འཇོམས་འགྲོ་བ་ཞིག་རེད། གཞན་དོན་དོན་གཉེར་གྱི་བློ་དགའ་རབ་ཅིག་ཡོད་ན་རང་ལ་བསྐུར་བ་འདེབས་མཁན་དང་། ཕྲག་དོག་བྱེད་མཁན་ཚོར་ཡིན་ནའང་། སོ་སོའི་ཁམས་དང་མོས་པ་ཡིན་པས་དེ་དག་ལ་སེམས་བཟང་པོ་ཞིག་འཁྱེར་དགོས། ཡག་པོ་རེད་བསམ་པ་ཞིག་ཡོང་རྒྱུ་འདུག

རྒྱ་གར་ལུང་པ་འདིར་ཆོས་དད་དམིགས་བསལ་ཡོད་མེད་ཅི་ལྟར་རུང་། འཚེ་བ་མི་བྱེད་པའི་མིག་ལྟོས་ཧ་ཅང་ཡག་པོ་ཞིག་ཡོད་པ་རེད། ད་དུང་ང་ཚོའི་འཛམ་གླིང་འདིར་ཞི་བདེ་དགོས་ན་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་བ་དང་སྤྱོད་པ་རྒྱ་བསྐྱེད་གཏོང་དགོས། ཆོས་ལ་དད་པ་བྱེད་མིན་སོ་སོ་སྒེར་གྱི་དོན་དག་རེད། འཚེ་བ་མི་བྱེད་པའི་རྒྱུ་མཚན་ཆོས་ལ་བརྟེན་ནས་བསམ་བློ་བཏང་བ་ཡིན་ནའང་ཧ་ཅང་ཡག་པོ་རེད། གལ་སྲིད་ཆོས་མེད་ནའང་འཚེ་བ་མི་བྱེད་པ་གཙོ་བོར་བྱས་ཏེ་ཕྱིན་ན་ཧ་ཅང་ཡག་པོ་རེད། རྒྱ་གར་ནི་འཚེ་བ་མི་བྱེད་པའི་རྒྱལ་ཁབ་དང་ཆོས་ལུགས་རིས་མེད་རེད། འཛམ་གླིང་གི་ཆོས་ལུགས་ཚང་མ་རྒྱ་གར་ནང་དུ་ཡོད་པས་ང་ཚོ་རྒྱ་གར་དུ་བཙན་བྱོལ་དུ་སྡོད་པ་སྐལ་པ་བཟང་པོ་རེད། ཆོས་ལུགས་རིས་མེད་དང་འཚེ་བ་མེད་པ་ལ་བརྟེན་མཁན་གྲས་སུ་ང་ཚོ་ཡོད་པ་ནི་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡག་པོ་བྱུང་བ་རེད་ལ། འཚེ་བ་མེད་པའི་ལུང་པར་བསྡད་པ་ནང་བཞིན་སོ་སོ་རང་གི་ཉིན་རེ་བཞིན་དུ་བསམ་བློ་གཏོང་སྟངས་དེའང་གཞན་ལ་འཚེ་བ་མི་བྱེད་པ་དང་། མཐའ་གཅིག་ཏུ་བརྩེ་བ་བྱེད་པའི་བསམ་བློ་གཏོང་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་ཡོང་གི་རེད།

གཞན་རྒྱ་ཆེ་བ་ཞུ་རྒྱུ་མི་འདུག དེ་རིང་མངའ་སྡེ་གཞུང་གིས་གྲ་སྒྲིག་གནང་བ་དང་། རྒྱ་གར་གཞུང་གིས་ཀྱང་འབྲེལ་བ་ཡོད་པ་ལྟར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྱམས་བརྩེ་ལག་ལེན་བསྐྱལ་མཁན་ལ་ཐུགས་རྗེ་ཆེ་ཞུས་པ་གཞིར་བཟུང་གིས་སོ་སོ་རང་ཉིད་ཀྱིས་ཉིན་ཞག་དུས་ཀུན་ཏུ་བྱམས་བརྩེ་ཉམས་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་དང་། ཆོས་བརྒྱུད་རིས་མེད་ཀྱིས་བླ་སྤྲུལ་མཁན་པོ་རྣམས་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་གནང་ཡོད་པ་དང་། མཐར་ལས་གཞིའི་ཚོགས་ཆུང་གི་སྐུ་ཞབས་ཀརྨ་ཆུང་བདག་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་ཡོད་ལ། ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་སྐྲུན་གྱི་རྩིག་རྨང་འཇོག་པའི་མཛད་སྒོར། དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་། ཁྲི་འཛིན་ཞེ་གཉིས་པ་དང་ཞེ་གསུམ་པ། དགའ་ལྡན་ཁྲི་རིན་པོ་ཆེ། ཤར་བྱང་ཆོས་རྗེ་སོགས་ལྷོ་ཤར་ཨེ་ཤི་ཡའི་ནང་པའི་ཡུལ་གྲུ་ཁག་གི་བླ་སྤྲུལ་མཁན་པོ་དང་། དགེ་འདུན་པ་དང་བཙུན་མ། དད་ལྡན་མི་མང་སོགས་དང་། གཞན་ཡང་། རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་བཀུར་འོས་ཀིརཎ་རིཇིཇུ་མཆོག་དང༌། མངའ་སྡེའི་གཞུང་གི་སོ་ནམ་བློན་ཆེན་བཀུར་འོས་ཀུམཱར་སརྦཇིཏ་མཆོག ཕྱི་སྲིད་ལྷན་ཁང་གི་ངེས་སྟོན་པ་སྐུ་ཞབས་ཨནིཀེཏ་མཆོག ICCR གྱི་ཚོགས་གཙོ་བིནཡ་སཧསྲ་བུདྡྷེ་མཆོག སྤྱི་ཁྱབ་ངེས་སྟོན་པ་ཀུམཱར་ཏུ་ཧིན་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ཆེད་ཕེབས་གནང་ཡོད་པ་བཅས།།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།