༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱི་ཕེབས་སྐྱེལ་གསོལ་སྟོན་ལ་ཆིབས་བསྒྱུར་བསྐྱངས་པ། ༢༠༢༢ ཟླ་བ་ ༨ ཚེས་ ༢༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་དགོན་པ་ཚོགས་པའི་འདུ་ཁང་ཆོས་ཀྱི་བསྟི་གནས་ལ་རབ་གནས་དབུ་འབྱེད་དང་། དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེའི་བཞུགས་གནས་སུ་ཆིབས་བསྒྱུར། དེ་བཞིན་ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་པ་ཚོགས་པ་ཐུན་མོང་ནས་ཕེབས་སྐྱེལ་གསོལ་སྟོན་ལ་གདན་ཞུས་ལྟར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༠༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་ལྕོག་ལམ་ཚལ་དུ་རྟེན་གཞི་བྱས་པའི་དགོན་པ་ཚོགས་པའི་འདུ་ཁང་ཆོས་ཀྱི་བསྟི་གནས་ཞེས་པར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དབང་གྲགས་ལགས་དང་། ནང་པ་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས་སོགས་ཀྱིས་ཕེབས་བསུ་དང་བཅས་ཆོས་ཀྱི་བསྟི་གནས་འདུ་ཁང་དུ་༸ཞབས་སོར་འཁོད་དེ་མནྜལ་རྟེན་གསུམ་འདེགས་འབུལ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཞུགས་སྒར་རྡ་རམ་ས་ལ་སོགས་སུ་ཆར་ཤུགས་ཧ་ཅང་ཆེན་པོ་འབབ་བཞིན་པ་དང་བསྟུན་ནས་ལ་དྭགས་སུ་ཕེབས་པ་དང་། ལ་དྭགས་ཤམ་སྟོད་བར་གསུམ་གྱི་མི་མང་རྣམས་དད་པ་དམ་ཚིག་ཧ་ཅང་བརྟན་པོ་ཡིན་པ་ལ་བསྔགས་བརྗོད་དང་འབྲེལ་བཀའ་སློབ་སྩལ་དོན།

ཟངས་དཀར་མི་མང་དང་ལ་དྭགས་མི་མང་ཡོངས་དད་པ་གཡོ་བ་མེད་པ་ནི་གཟི་བརྗིད་ཅིག་རེད། མི་མང་ཚོས་རྩེ་གཅིག་ཏུ་དགའ་པོ་དང་དད་པ་བྱེད་དུས་ངོས་རང་མི་ཚེ་རིང་པོར་སྡོད་དགོས་ཀྱི་འདུག་བསམ་པ་དྲན་ཡོང་གི་འདུག དེ་ནི་བརྟན་བཞུགས་ལའང་ཕན་པ་རེད། ཁྱོད་ཚོ་དངོས་གནས་སངས་རྒྱས་པའི་ཆོས་ལ་དད་མོས་ཡོད་པའི་ཐོག་འདིར་ངོས་ལ་ཐུག་པ་དང་། ངོས་ཀྱིས་ནང་ཆོས་འགྲེལ་བཤད་ཏོག་ཙམ་རྒྱག་གི་ཡོད་པ་རེད། དེས་ཁྱོད་རང་ཚོར་དད་པ་ཙམ་མ་ཡིན་པར་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་སྐྱེས་པ་ཞིག་དང་། སངས་རྒྱས་པའི་བསྟན་པ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་བ་ལ་ངོས་ཀྱིས་ཕན་ཐོགས་གང་འཚམ་བྱེད་ཐུབ་ཀྱི་ཡོད།  ངོས་རང་སྤྲོ་བ་ཡོད་ལ་བསྟན་པའི་ཞབས་འདེགས་རེད། དེ་བཞིན་ས་གནས་ལ་ཁ་ཆེའི་ཆོས་པའང་མང་པོ་ཡོད་པ་རེད། ཚང་མས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག

ངོས་ཀྱི་ལས་འགན་གཅིག་ནི་ཆོས་ལུགས་ཚང་མ་མཐུན་འབྲེལ་བྱ་རྒྱུ་དེ་ཡིན། ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱེད་དགོས་པའི་བསླབ་བྱ་གཅིག་གྱུར་ཡིན་པས་ང་ཚོ་ཚང་མ་མཐུན་པོ་བྱེད་དགོས། ངོས་ཀྱིས་གང་ལ་གང་འཚམ་ཁ་ཆེའི་ཆོས་གྲོགས་ཚོར་ཕན་ཐོགས་ཡོང་ཆེད་མང་པོར་ཐུག་སོང་། ཧ་ཅང་དགའ་བོ་བྱུང་། ལ་དྭགས་ནས་ཟངས་དཀར་དང་། དེ་ནས་མོན་བར་དུ་བོད་དང་ས་འབྲེལ་རེད། བོད་ཀྱི་ཆོས་དང་རིག་གཞུང་ས་ཁུལ་འདིར་དར་ཁྱབ་ཡོད་པ་ཞིག་རེད། ལོ་བརྒྱ་ཕྲག་མང་པོའི་རིང་ལ་བོད་ཀྱི་སངས་རྒྱས་པའི་ཆོས་ལ་ཁྱོད་རང་ཚོས་དོ་སྣང་དང་དད་མོས་བྱེད་བཞིན་ཡོད། དེར་བརྟེན། ས་ཁུལ་འདི་དག་ལ་ངོས་ཀྱིས་བོད་ཀྱི་སངས་རྒྱས་པའི་ཆོས་ངོ་སྤྲོད་ཏོག་ཙམ་བྱེད་སྐབས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་བ་ལ་ཕན་ཐོགས་ཡོང་བ་ཆགས་ཡོད། འདི་བོད་ཀྱི་ས་མཚམས་ཡིན་པས་༸རྒྱལ་བ་རིན་པོ་ཆེ་ཟངས་དཀར་དང་ལ་དྭགས་ལ་སླེབས་ཡོད་པ་དང་། ཡུལ་བ་ཚོས་དད་པ་རྩེ་གཅིག་དང་།  ༸རྒྱལ་བ་རིན་པོ་ཆེ་འཛུམ་ཤིག་ཤིག་བསྡད་ཡོད་པ་བོད་ནང་ནས་གོ་ཡོང་དུས་བོད་ནང་གི་རྒྱ་ཆེའི་མི་མང་གིས་ངོས་རང་ལ་བློ་གཏད་བཅོལ་ནས་བསྡད་ཡོད། དེར་བརྟེན། ཁོང་ཚོ་ཕ་གིར་ཡིད་ཆེས་བརྟན་དུ་འགྲོ་བ་དང་། སེམས་ཀྱི་གཏིང་ནས་སོ་སོས་གདེང་འཁེལ་བ་ཞིག་རེད། བོད་ཀྱི་ཆོས་དང་རིག་གཞུང་རྒྱ་གུང་ཁྲན་གྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱི་ཐོག་ནས་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱས་ཀྱང་རྩ་བ་ནས་ཕམ་ཉེས་ཕྱིན་ནས་བོད་རྒྱ་ཆེའི་མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པར་ཡོད་ལ་འདི་བོད་ནང་གི་མི་ཚོས་མཐོང་དུས་སེམས་ཤུགས་བསྐྱེད་པར་ཕན་ཐོགས་ཡོད་པ་ཏན་ཏན་རེད།

བོད་ཀྱི་སངས་རྒྱས་པའི་ཆོས་དང་རིག་གཞུང་འདི་དངོས་གནས་དྲང་གནས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་བོ་ཚོས་བསྲེགས་བཅད་བརྡར་གསུམ་བྱས་ཏེ་ཧ་ཅང་སྤུས་དག་པོ་ཞིག་ཆགས་ཡོད། དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་བསྲེགས་བཅད་བརྡར་གསུམ་གྱི་ཐོག་ནས་སངས་རྒྱས་པའི་ཆོས་གཏན་ལ་ཕབ་པ་འདི་རིགས་པ་དང་ལྡན་པ། བསམ་བློ་ཅི་ཙམ་བཏང་བ་ན་ངེས་པ་ཇེ་ཆེ་ནས་ཇེ་ཆེར་འགྲོ་རྒྱུ་མ་གཏོགས་རིགས་པས་དཔྱད་སྐབས་ཐེ་ཚོམ་གྱི་གཞི་ཁྱོན་ནས་མེད་པ་ཞིག་རེད།  སྤྱིར་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད་པ་རེད། ཧ་ཅང་ཡག་པོ་རེད། ཡིན་ནའང་། ནཱ་ལེནྡྲ་ནས་བརྒྱུད་པའི་བོད་ཀྱི་ཆོས་འདི་རིགས་པའི་ལམ་ནས་དཔྱད་པ་བྱས་ཏེ་བསྲེགས་བཅད་བརྡར་གསུམ་གྱིས་གཏན་ལ་ཕབ་པ་ཞིག་ཡིན་པས་ཅི་ཙམ་རིགས་པའི་དཔྱད་པ་བྱས་པ་དེའི་ཚོད་ཀྱིས་སེམས་ལ་ངེས་པ་ཐོབ་ཐུབ་པ་ཞིག་ཆགས་ཀྱི་ཡོད། ངོས་རང་མ་ཎིའི་རྡང་རིང་པོ་དེའི་འཁྲིས་ནས་ཡོང་སྐབས། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག། ཅེས་འཆར་ཅན་བསགས་ནས་ཡོང་གི་ཡོད། གང་ལྟར་བདེ་སྐྱིད་ཀྱི་རྩ་བ་ནི་སེམས་ལ་ཞི་བདེ་ཡོད་པའི་ཐོག་རང་གི་རོགས་པ་ཚོའི་མཉམ་དུ་མཛའ་མཐུན་ཡག་པོ་ཡོད་ན་བདེ་སྐྱིད་ཡོང་གི་རེད། དེར་བརྟེན། ངོས་ཀྱིས་རྟག་པར་རླངས་འཁོར་ནང་སྐར་མ་ཤས་ཀྱི་རིང་། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག། ཅེས་སྨོན་ལམ་བརྒྱབ་ནས་འགྲོ་གི་ཡོད། ཅེས་དང་།

ཆབ་སྲིད་ཀྱི་དོན་དག་ཟེར་ན་མི་འདུག མི་ལུས་ཀྱི་དོན་དག་ཐོག་ནས་བཤད་ཡོང་སྐབས་འདི་བོད་དང་ས་འབྲེལ་ཡིན་པ་དང་། བོད་ནང་གི་མི་ཚོས་དངོས་དང་བརྒྱུད་པའི་ཐོག་ནས་གནས་ཚུལ་ཏོག་ཙམ་གོ་ཐུབ་པ་ཞིག་ཡིན་པས་ཕྱོགས་གཅིག་ནས་རྒྱ་མི་གུང་ཁྲན་གྱིས་ཏཱ་ལའི་ལོག་སྤྱོད་པ་ཞེས་བཤད་བཞིན་ཡོད་པ་རེད། ཏཱ་ལའི་ལོག་སྤྱོད་པ་ཧྲ་ཐག་ཐག་བསྡད་འདུག་བསམ་དུས་བོད་ནང་གི་མི་ཚོ་སེམས་ཤུགས་བསྐྱེད་པ་ལ་ཕན་གྱི་རེད། གང་ལྟར་རྒྱ་མི་གུང་ཁྲན་བསམ་བློ་སྦུབ་སུག་དོག་པོའི་གྲས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་དུ་ཏཱ་ལའི་བླ་མར་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་དད་མོས་བྱེད་མཁན་ཧ་ཅང་ཤུགས་ཆེན་པོ་ཡོད་པ་མཐོང་སྐབས་དེ་ལའང་གནད་འགག་ཅིག་ཡོད་པ་རེད། རྒྱ་མི་གུང་ཁྲན་དངོས་ཡོད་གནས་ཚུལ་མི་ཤེས་མཁན་ཆོས་ཟེར་དུས་ཧ་ཅང་སྡིག་ཅག་ཅིག་ལ་བརྩིས་སྡོད་མཁན་ཚོས་ངོས་རང་ཚུར་སླེབས་པའི་སྐབས་སུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྨོངས་དད་ཅན་ཚོར་ཏཱ་ལའི་བླ་མས་མགོ་སྐོར་གཏོང་གི་འདུག་དྲན་གྱི་ཡོད་པ་རེད། ཅེས་སོགས་བདེ་སྐྱིད་ཀྱི་རྩ་བ་སེམས་ལ་ཞི་བདེ་ཡོང་རྒྱུ་ཡིན་པ་སོགས་བཀའ་སློབ་སྩལ་བ་དང་།

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་དང་བཅས་པ་གླེ་ཅང་པ་རུ་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གི་བཞུགས་གནས་སུ་ཆིབས་བསྒྱུར་གྱིས་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་གནང་རྗེས་ལ་དྭགས་ནང་པའི་ཚོགས་པ་དང་། ལ་དྭགས་དགོན་པ་ཚོགས་པ་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ལྕོག་ལམ་ཚལ་དུ་རྟེན་གཞི་བྱས་པའི་དཔེ་ཐུབ་དགོན་པའི་སྤང་ཐང་དུ་མགོན་པོ་གང་ཉིད་མཆོག་ལ་ཕེབས་སྐྱེལ་གསོལ་སྟོན་གོ་སྒྲིག་ཞུས་ཡོད་པར་ཆིབས་བསྒྱུར་གྱིས་བཀའ་སློབ་དྲིན་སྩལ་བ་དང་། ཉིན་གུང་ལྗགས་སྨིན་བསྐྱངས་ཡོད།  དེ་ཡང་ཐོག་མར་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་ལ་དྭགས་གླེ་ས་ཁུལ་གྱི་སེར་སྐྱ་མི་མང་མང་པོ་ཞིག་འདིར་འདུས་ནས་ངོས་ལ་དགའ་བསུ་གནང་བཞིན་པ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  བོད་གངས་ཅན་གྱི་ལྗོངས་དང་ཉེ་འདབས་བྱས་ཏེ་ཡོད་པའི་ཟངས་དཀར་ནས་བཟུང་མོན་བར་གྱི་ཁྱོད་ཚོ་ཚང་མ་བོད་ཀྱི་ཆོས་དང་རིག་གཞུང་ལ་དམིགས་བསལ་དོ་སྣང་ཡོད་པ་དང་། ངོས་རང་ཏཱ་ལའི་བླ་མའི་མིང་འཁྱེར་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་འཁྱེར་མཁན་ཞིག་དང་། སློབ་སྦྱོང་བྱས་པའི་མི་ཞིག་ཡིན་པས་ཁྱོད་ཚོས་དམིགས་བསལ་གྱིས་དོ་སྣང་བྱས་ཏེ་སེམས་གཏིང་ནས་དད་པ་དང་སྤྲོ་བ་ཟུང་དུ་འབྲེལ་བའི་ཐོག་ནས་ངོས་ལ་དགའ་བསུ་བྱེད་བཞིན་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་ཀྱི་ཆོས་དང་རིག་གཞུང་ནི་མི་རིགས་གཅིག་གི་སོ་སོའི་ལུང་པའི་ཆོས་དང་རིག་གཞུང་ཙམ་མ་རེད། སྔོན་གྱི་ཆོས་རྒྱལ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་རྟེན་ནས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་རིགས་པའི་ལམ་ནས་གཏན་ལ་ཕབ་པའི་རྨད་དུ་བྱུང་བའི་ལེགས་བཤད་དེ་བོད་རྒྱ་ཆེའི་མི་མང་གིས་ལོ་བརྒྱ་ཕྲག་རིང་བདག་པོ་བརྒྱབ་ནས་བསྡད་པ་རེད། དེ་ལྟ་བུའི་ཆོས་དང་རིག་གཞུང་ནི་བོད་མི་རིགས་དང་དེའི་ས་ཁུལ་གྱི་མི་མང་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང་། བདེ་བ་སྒྲུབ་པའི་སེམས་ཤུགས་སྦྱོང་མཁན་ཆགས་ཡོད། དངོས་གནས་དྲང་གནས་ཆེ་ས་ནས་བཤད་ན་ནམ་མཁའི་མཐའི་གཏུགས་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གཞན་དོན་སྒྲུབ་པའི་བློ་སྦྱང་བའི་གོམས་གཤིས་དང་རིག་གཞུང་ཡིན། ཕྲུ་གུ་ཆུང་ཆུང་སྐབས་ནས་སྲོག་གཅོད་མི་རུང་ཞེས་བཤད་པའི་གོམས་གཤིས་ཤིག་ཡོད། གང་ལྟར་སྔོན་གྱི་ཆོས་རྒྱལ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ལ་སྲོག་ཆགས་ཚང་མར་འཚེ་བ་མི་བྱེད་པར་ཕན་པ་སྒྲུབ་དགོས། སེམས་པ་བཟང་པོ་བྱེད་དགོས་པའི་བག་ཆགས་ཤིག་ཡོད། ཅེས་བཀའ་བསྟན་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་རྣམས་མཆོད་བཤམས་སུ་སྒྲིག་རྒྱུ་མ་ཡིན་པར་སློབ་སྦྱོང་བྱེད་དགོས་པ་དང་། གཞན་ཕན་སྒྲུབ་རྒྱུ་གལ་ཆེན་ཡིན་པ་སོགས་བཀའ་སློབ་སྩལ་བ་དང་།

མཐར། ཟངས་དཀར་ནས་བཟུང་ངོས་ལ་དོ་སྣང་བྱུང་། བོད་ཀྱི་ཁྱིམ་མཚེས་ཆགས་ཡོད་པ་རེད་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཁྱོད་རང་ཚོས་བདག་པོ་ཧ་ཅང་ཡག་པོ་བརྒྱབ་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་འཚེ་བ་མེད་པའི་གོམས་གཤིས་དང་རིག་གཞུང་དུས་ད་ལྟ་ཡིན་ནའང་ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཙམ་དུ་མ་ཟད་པའི་འཛམ་གླིང་སྤྱི་ལ་དགོས་མཁོ་ཡོད་པ་ཆགས་ཡོད།  བོད་ནང་དུ་རྒྱ་གུང་ཁྲན་གྱི་བཙན་གནོན་འོག་ཏུ་སོ་སོའི་རིག་གཞུང་དེ་མངོན་གསལ་དོད་པོའི་ཐོག་འཛིན་སྐྱོང་བྱ་རྒྱུ་ཁག་པོ་ཆགས་ཀྱི་ཡོད། དེ་ལྟ་བུའི་དུས་ཚོད་འདིར་ཁྱོད་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གི་མིག་ལྟོས་བཟང་པོར་བདག་པོ་རྒྱབ་པ་ལ་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། སང་ཉིན་ལྡི་ལིར་འགྲོ་རྒྱུ་ཡིན། དེ་རིང་ཐེངས་འདིའི་ཟངས་དཀར་དང་ལ་དྭགས་ཀྱི་ལྟ་སྐོར་གྲུབ་འགྲོ་གི་ཡོད། འདི་ནི་མཐའ་མ་མ་རེད། ལོ་རྗེས་མ་ཡང་བསྐྱར་ངོས་རང་ལ་དྭགས་ཁུལ་དུ་ཡོང་གི་རེད། ཁྱོད་ཚོ་ཚང་མ་སེམས་སྐྱིད་པོ་དང་སེམས་བཟང་པོ་བྱས་ཏེ་ཏཱ་ལའི་བླ་མས་སེམས་བཟང་པོ་བྱེད་དགོས་པ་རེད་ཟེར་བ་སྙིང་ལ་བཅིངས་ནས་སུ་ལའང་འཚེ་བ་མི་བྱེད་རྒྱུ་སེམས་ལ་ཞོག སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་རེད། སེམས་པ་བཟང་པོ་བྱ་རྒྱུ་དེ་རེད། དེའི་ཐོག་ཆོས་རིག་པའི་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བསམ་བློ་ཏོག་ཙམ་གཏོང་ཐུབ་ན་ང་ཚོས་རྒྱུན་དུ་འདོན་པའི་ཤེས་རབ་སྙིང་པོ་རུ། གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་གཟུགས་གཞན་མ་ནོ།། ཞེས་སྟོང་ཉིད་བཞི་སྐོར་གསུངས་པ་ལ་དོ་སྣང་བྱོས། རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་དང་། ཟབ་པ་སྟོང་ཉིད་ཀྱི་ལྟ་བ་གཉིས་མཉམ་དུ་སྦྲེལ་ནས་འགྲོ་བ་ཞིག་ང་ཚོས་ནམ་རྒྱུན་ཉམས་ལེན་བྱེད་པ་དེ་རེད། ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད། དེའི་འབྲས་བུ་ཆོས་གཟུགས་སྐུ་སྒྲུབ་པ་དང་། ཆོས་གཟུགས་སྐུ་ནི་རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་ཞེས་པའི་དོན་གཉིས་མཐར་ཕྱིན་པའི་གོ་འཕང་སྒྲུབ་རྒྱུ་དེ་ལྟར་རེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་ཉིན་གུང་ལྗགས་སྨིན་གནང་། ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དབང་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་མཇུག་སྡོམ་གསུང་བཤད་གནང་རྗེས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཚེས་ ༢༦ ཉིན་གྱི་ཞོགས་པར་གླེ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་བཅས།།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།