༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཟངས་དཀར་དུ་ཁ་ཆེའི་མཆོད་ཁང་དུ་ཆིབས་བསྒྱུར་དང་ཟངས་དཀར་གྱི་སློབ་ཕྲུག་ཚོར་བཀའ་སློབ་སྩལ་བ། ༢༠༢༢ ཟླ་བ་ ༨ ཚེས་ ༡༣

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༨ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟངས་དཀར་ཁུལ་གྱི་ཁ་ཆེའི་ཆོས་ཀྱི་རྗེས་འབྲངས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཟངས་དཀར་གྱི་ཁ་ཆེའི་མཆོད་ཁང་ཨི་དི་གྷ་(Itgar)ཞེས་པར་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་བ་དང་། དེ་རྗེས་ཟངས་དཀར་ཕོ་བྲང་རྙིང་པའི་ཆོས་རར་ཟངས་དཀར་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་ཕྲུག་གཙོས་དད་ལྡན་སེར་སྐྱང་སྟོང་ཕྲག་མང་པོར་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་༧།༤༥ ཙམ་ལ་ཟངས་དཀར་ཕོ་བྲང་གསར་པ་རུ་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་ཁ་སྩལ་རྗེས་ཁ་ཆེའི་མཆོད་ཁང་ཨི་དི་གྷ་(Itgar)ཞེས་པར་ཕེབས་བསུ་དང་བཅས་ཆིབས་བསྒྱུར་བསྐྱངས་པ་དང་།  སྐབས་དེར་ཟངས་དཀར་གྱི་ Anjuman Moen-ul-Islam མཆོད་ཁང་གི་ཚོགས་གཙོ་ Ghulam-Mehmud-Din ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་འདིར་ཟངས་དཀར་གྱི་མི་སི་ལམ་གྱི་གྲོགས་པོ་རྒན་གཞོན་ཕོ་མོ་ཚང་མར་གུས་འདུད་དང་འཚམ་འདྲི་ཞུ། ངོས་རང་ནང་པའི་དགེ་སློང་ཞིག་རེད། ཡིན་ནའང་། ངོས་ཀྱི་མི་ཚེ་འདིར་དམ་བཅའ་བཞག་པ་གཅིག་ནི་ཆོས་ལུགས་ཚང་མར་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཚང་མས་ཡ་རབས་དང་མི་ལ་ཕན་སེམས་བྱེད་པ། སྤྱི་ཚོགས་ལ་ཞབས་འདེགས་བྱེད་པ་གཅིག་མཚུངས་རེད། དེར་བརྟེན། རིས་སུ་མ་ཆད་པའི་ཆོས་ལུགས་ཚང་མར་གུས་ཞབས་བྱེད་བཞིན་ཡོད། དེང་སང་གི་དུས་ཚོད་ལ་སྤྱི་ཚོགས་ནང་ཟ་ངེ་ཟིང་ངེ་བྱེད་པའི་གནས་ཚུལ་མང་པོ་ཞིག་ཡོད་པའི་ཐོག་ལ་ཆོས་ལུགས་མི་མཐུན་པ་ཡི་ཕྱོགས་བཟུང་ནས། དཔེར་ན། ཨབ་གྷ་ན་སི་ཐན་ནང་དུ་ཁ་ཆེ་གཅིག་པ་ཡིན་ནའང་སོ་ནི་དང་ཤེ་ཡ་གཉིས་དབར་ཏོག་ཙམ་མ་མཐུན་པ་ཡོང་གི་འདུག གང་ལྟར་ཆོས་ལུགས་འདྲ་མིན་རྣམས་བསམ་བློ་ཆུང་བ་རྣམས་ཀྱིས་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཐེན་འཁྱེར་བྱེད་པ་ང་ཚོས་མཐོང་སྡོད་པ་དེ་རེད། ཧ་ཅང་སེམས་སྐྱོ་བོ་རེད།  ཆོས་ལུགས་ཚང་མར་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡོད་པ་མ་གཏོགས་ཚང་མས་སེམས་པ་བཟང་པོ་བྱེད་པ་དང་མི་ལ་ཕན་འདོགས་པ། བྱམས་པ་དང་བརྩེ་བ་ཟེར་བ་ནི་བསླབ་བྱ་གཙོ་བོ་ཆགས་ཡོད། དེར་བརྟེན། ངོས་རང་གི་ངོས་ནས་ཆ་བཞག་ན་འཛམ་གླིང་ས་ཆ་གང་སར་ཆོས་ལུགས་སྣ་ཚོགས་ཀྱི་ལྷ་ཁང་དུ་ཕྱིན་ནས་སྨོན་ལམ་རྒྱག་གི་ཡོད། ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་གསུངས་ཀྱི་ཡོད་པ་ནི་མིའི་སྤྱི་ཚོགས་ལ་ཧ་ཅང་དགོས་མཁོ་ཆེན་པོ་རེད། དེ་རིང་འདིར་ཟངས་དཀར་གྱི་ཁ་ཆེའི་ཆོས་དད་མཁན་ཚོར་ཐུག་པར་ངོས་རང་ཆེད་མངགས་ཡོང་བ་ཡིན། ཁྱོད་རང་ཚོ་ཚང་མར་འཚམ་འདྲི་ཡོད་ལ་གུས་ཞབས་ཡོད།

སྤྱིར་རྒྱ་གར་རྒྱལ་ཡོངས་དང་ཡང་སྒོས་ཟངས་དཀར་ཁུལ་དངོས་པོ་ཡར་རྒྱས་ཡག་ཐག་གཅོད་འགྲོ་བཞིན་འདུག ཟངས་དཀར་ཁུལ་དུ་ངོས་རང་སྔོན་མ་ཚར་གཅིག་གཉིས་ཤིག་སླེབས་པ་རེད། ཏན་ཏན་ཡར་རྒྱས་འགྲོ་བཞིན་པ་མཐོང་སོང་། དངོས་གནས་ཡར་རྒྱས་འགྲོ་བར་འཛམ་གླིང་ཡོངས་ཀྱིས་ཕྱི་དངོས་པོ་ཡར་རྒྱས་ལ་བསམ་བློ་གཏོང་གི་ཡོད། ང་ཚོས་ཤུགས་རྒྱག་དགོས་པ་ནི་ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་དང་མཉམ་དུ་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ། སྙིང་རྗེ་བཅས་ལ་དམིགས་བསལ་དོ་སྣང་བྱེད་དགོས། ང་ཚོ་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་དུ་ཡིན་ནའང་ཚང་མས་ཞི་བདེ་ཞི་བདེ་ཞེས་རྗོད་བཞིན་ཡོད། ཞི་བདེ་ནི་གནམ་ནས་འབབ་རྒྱུ་ཡོད་པ་མ་རེད། གང་ཡིན་ཟེར་ན་འཁྲུག་པ་ནི་ང་ཚོ་མིའི་བཟོས་པ་རེད། དེར་བརྟེན། ཞི་བདེ་ནི་མི་རང་ཉིད་ཀྱིས་ཕན་ཚུན་ལ་མཛའ་མཐུན་དང་གྲོགས་པོའི་འདུ་ཤེས། གཅིག་གིས་གཅིག་ལ་ཕན་ཐོགས་བྱས་ནས་བསྐྲུན་དགོས། ཞེས་སོགས་བཀའ་སློབ་སྩལ་རྗེས་ཟངས་དཀར་ཁུལ་གྱི་ཁ་ཆེའི་རྗེས་འཇུག་པ་རྣམས་ལ་བཀའ་སློབ་ཀྱི་མཛད་རིམ་ལེགས་པར་གྲུབ་པ་དང་།

དེ་རྗེས་ཟངས་དཀར་ཕོ་བྲང་རྙིང་པའི་ཆོས་རར་ཟངས་དཀར་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་ཕྲུག་གིས་གཙོས་དད་ལྡན་སེར་སྐྱང་སྟོང་ཕྲག་མང་པོས་ཕེབས་ལམ་གཡས་གཡོན་དུ་ལག་ཏུ་མཇལ་དར་དཀར་གཙང་དང་བདུག་སྤོས་བཟུང་ནས་ཕེབས་བསུ་དང་བཅས་ཕོ་བྲང་རྙིང་བའི་གསུང་ཆོས་ར་བའི་༸ཞབས་སྟེགས་སུ་བདེ་པོར་འཁོད་མཚམས་ཟངས་དཀར་གྱི་གཞུང་གི་མཐོ་སློབ་(Government Model Degree Collge,Zanskar) མཐོ་སློབ་ཀྱི་སློབ་སྤྱིའི་ནཱ་སིར་ཤཱ་བྷ་ནི་(Nasir Shabani)ཕེབས་བསུའི་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་འདིར་ཁྱོད་རང་ཚོ་སློབ་ཕྲུག་ཕོ་མོ་ཚོར་ཐུག་ནས་ཁྱོད་ཚོར་བཤད་རྒྱུ་ནི། དུས་ཚོད་འགྲོ་བཞིན་ཡོད་པ་རེད། མི་རབས་རྙིང་པ་རྫོགས་རིམ་བཞིན་མི་རབས་གསར་པ་ཡོང་གི་ཡོད། དེ་ནི་ཆོས་ཉིད་ཡིན། དཔེར་ན། མི་ཏོག་དང་ལྗོན་ཤིང་། རྩྭ་སོགས་དབྱར་དུས་འཚར་ལོངས་བྱེད་པ་དང་སྟོན་མཚམས་ཡལ་འགྲོ་བ་རེད། ལོ་རྗེས་མར་ཡང་གསར་པ་འཆར་ཡོང་བ་ཞིག་ཕྱི་སྣོད་ཀྱི་འཇིག་རྟེན་དེ་ལྟར་འགྲོ་བཞིན་ཡོད་ལ། ནང་བཅུད་ཀྱི་སེམས་ཅན་ཡང་ང་ཚོའི་མི་རབས་འདི་ལྟར་འགྲོ་བཞིན་ཡོད། མཁྱེན་སོང་ངམ། དེར་བརྟེན། དུས་ཚོད་འགྲོ་བཞིན་ཡོད་པས་མ་འོངས་པ་ནི་ཧ་ཅང་གལ་ཆེན་པོ་རེད།  འདས་པ་དྲན་པའི་ཡུལ་ཙམ་དང་ལོ་རྒྱུས་ལེན་རྒྱུ་ཙམ་ལས་བཟོ་བཅོས་རྒྱག་རྒྱུ་གང་ཡང་མེད། མ་འོངས་པ་ནི་ཡོང་རྒྱུ་ཡིན་པས་ཅི་འདྲ་ཞིག་ཡོང་དང་མི་ཡོང་ང་ཚོའི་ལག་པར་ཡོད། འཛམ་གླིང་གི་མ་འོངས་པ་ཅི་འདྲ་ཞིག་ཡོང་དང་མི་ཡོང་འཛམ་གླིང་མི་མང་སྤྱི་དང་། ལྷག་པར་དུ་གཞོན་ནུ་ཚོ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་མི་ལ་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློ་གཏོང་བའི་ནུས་པ་ཡོད་པ་ལ་སློབ་གསོ་སྤྲད་ནས་ལྷན་སྐྱེས་ཀྱི་ཡོན་ཏན་ཡོད་པའི་ཐོག་ལ་ཕྱི་ནང་གི་དངོས་ཡོད་གནས་ཚུལ་ལ་སློབ་སྦྱོང་བྱས་ཏེ་གོ་རྟོགས་ཡག་པོ་བྱུང་བ་ཡིན་ན་མ་འོངས་པའི་འཛམ་གླིང་མིའི་བྱེད་སྤྱོད་ཐོག་ནས་འགྱུར་བ་འགྲོ་བ་ཞིག་རེད།

འཛམ་གླིང་མི་ཚང་མ་ཆོས་པ་བྱེད་དགོས་པ་རེད་ཅེས་ནམ་ཡང་བརྗོད་ཐུབ་ཀྱི་མ་རེད། ཆོས་ཁས་ལེན་མིན་དང་ཁས་བླངས་ཚེ་གང་ལེན་མིན་ནི་སོ་སོ་སྒེར་གྱི་རང་དབང་རེད། ང་ཚོའི་འཛམ་བུ་གླིང་འདིར་ཁོར་ཡུག་བཟང་པོ་ཡོང་ཐུབ་པ་ཞིག་དང་། འཛམ་གླིང་འདིར་མིས་བཟོས་པའི་དམག་འཁྲུག་མེད་པར་ཞི་བདེའི་བསྟི་གནས་ཤིག་ཡོང་ཐུབ་མིན་ང་ཚོའི་ལག་པར་ཡོད། ང་ཚོའི་དུས་རབས་འདིའི་མགོ་སྟོད་ནས་དམག་འཁྲུག་ཧ་ཅང་མང་པོ་བརྒྱབ་པ་རེད། འཛམ་གླིང་འདིར་དམག་འཁྲུག་མང་པོ་བརྒྱབ་པ་དེར་མི་ཚང་མ་ཡིད་ཐང་ཆད་ཡོད། ངོས་ཀྱི་མི་ཚེ་འདིར་དམག་ཆེན་དང་པོ་དང་གཉིས་པ་ནི་ཡིད་ཐང་ཆད་རྒྱུ་རང་ཆགས་ཡོད། འབྱུང་འགྱུར་ནི་དངོས་གནས་དམག་འཁྲུག་མེད་པར་ཞི་བདེའི་འཛམ་གླིང་ཞིག་ཡོང་ཐུབ་རྒྱུ་ནི་ང་ཚོའི་ལས་འགན་རེད།

མི་སྐྱེས་པའི་ཉིན་མོ་ནས་བཟུང་བྱམས་བརྩེས་འཚོ་བསྡད་པ་ཞིག་རེད།  དུད་འགྲོ་ལ་མཚོན་ནའང་མངལ་སྐྱེས་དང་སྒོང་སྐྱེས་ནི་བརྩེ་བ་ལ་བརྟེན་ནས་འཚོ་བ་ཞིག་རེད། དེར་བརྟེན། མིའི་ལྷན་སྐྱེས་ནི་གཅིག་གིས་གཅིག་ལ་བརྩེ་བ་དང་། མ་ཡིས་བུ་ལ་བརྩེ་བ་ནི་རང་བཞིན་ལྷན་སྐྱེས་ཀྱིས་ཡོད་པ་ཞིག་རེད། ང་ཚོ་ལ་གང་གལ་ཆེན་པོ་རེད་ཅེ་ན། རང་བཞིན་ལྷན་སྐྱེས་ཀྱི་བརྩེ་བ་ཞིག་ཡོད་ཀྱང་། དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་སྐབས་སུ་བརྩེ་བའི་སྐོར་ལ་གང་ཡང་བཤད་ཀྱི་ཡོད་པ་མ་རེད། གང་ལྟར་ང་ཚོའི་སློབ་སྦྱོང་གི་འགྲོ་སྟངས་དེ་འཛིན་གྲྭ་བཞི་ྃཔ་ལྔ་པ་ཡར་སླེབས་ཡོང་དུས་རྒྱལ་ཁབ་ཕན་ཚུན་དང་ཆོས་ལུགས་ཕན་ཚུན། མི་རིགས་ཕན་ཚུན་སེམས་ལ་ཤུགས་ཆེན་པོ་སླེབས། དེ་ནས་ང་དང་ཁྱོད་ཅེས་པ་ཤུགས་ཆེ་རུ་སོང་ནས་ང་ཚོ་ཚང་མ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་ཤུགས་ཆུང་དུ་འགྲོ་བཞིན་པ་ཞིག་འདུག དངོས་གནས་བསམ་བློ་བཏང་ན་གྲི་དང་མེ་མདའ་འཁྱེར་ནས་གསོད་རེས་བྱེད་པ་ཟེར་བ་ནི་བློ་ཡུལ་དུ་མ་ཤོངས་པ་ཞིག་རེད། ང་ཚོ་སྐྱེས་པའི་སྐབས་སུ་ཨ་མས་གསོ་སྐྱོང་གནང་བ་ཚང་མ་གཅིག་མཚུངས་རེད། འདོད་ན་མ་འདོད་ན་འཛམ་གླིང་འདིར་ང་ཚོ་ཚང་མ་མཉམ་དུ་སྡོད་དགོས་པ་རེད། འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་དང་མི་རིགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་བྱས་ན་དེ་ག་འདྲ་ཞིག་རེད། བསམ་བློ་ཧ་ཅང་མིག་རྒྱང་ཐུང་ཐུང་རེད། བསམ་བློ་སྦུ་སུབ་དོག་པོ་རེད། མགོ་ཁྲིད་མཁན་ཚོས་ཀྱང་བློ་ཆུང་གིས་བསམ་བློ་བཏང་ནས་ང་ཚོ་དང་ཁྱོད་ཚོ་ཞེས་མང་པོ་ལབ་པའི་དུས་ཚོད་ད་ལྟ་ཡོལ་བ་རེད། འཛམ་གླིང་འདིའི་སྟེང་གི་མི་ཚང་མ་གཅིག་མཚུངས་རེད། ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། ང་ཚོ་ཚང་མས་འཛམ་གླིང་འདིར་ཞི་བདེ་མཉམ་གནས་ཡོང་ཐུབ་པ་ཞིག་རེད། དེང་སང་འཛམ་གླིང་འདིར་ཞི་བདེ་དོན་གཉེར་བྱེད་མཁན་ཧ་ཅང་མང་དུ་འགྲོ་བཞིན་འདུག དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཤུགས་ཆེྃ་རུ་འགྲོ་བཞིན་འདུག  

ཁྱོད་ཚོ་གཞོན་སྐྱེས་མི་རབས་རྗེས་མ་ཆགས་ཡོད། ཁྱོད་ཚོས་སེམས་ལ་དམ་བཅའ་གཙོ་བོ་ནི་མི་ཚེ་འདིར་ཞི་བདེའི་རང་བཞིན་ཞིག་དང་། ཆོས་ལུགས་དབྱེ་བ་མེད་པར་ཆོས་ལུགས་སྒེར་གྱི་དོན་དག་དང་། མི་ཡིན་པའི་ཆ་ནས་ང་ཚོ་མཉམ་དུ་སྡོད་དགོས་ཀྱི་ཡོད། དེར་བརྟེན། ང་ཚོ་ཚང་མ་འཆམ་མཐུན་ཡ་རབས་ཀྱི་ཐོག་ནས་ལུང་པ་འདི་ཡར་རྒྱས་ཡག་པོ་ཞིག་གཏོང་བ་དང་། དངོས་པོ་ཡར་རྒྱས་ཡོང་བ་དེ་འཁྲུག་པ་ཡོང་བའི་རྒྱུ་རྐྱེན་དུ་མི་འགྲོ་བར་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ལས་འགན་རེད། ལྷག་པར་དུ་གཞོན་སྐྱེས་སློབ་ཕྲུག་ཕོ་མོ་ཚོ་ཧ་ཅང་གལ་ཆེན་པོ་རེད། ཆོས་ནི་སྒེར་གྱི་གནས་ཚུལ་དང་སྤྱི་ཚོགས་ལ་བཟང་པོ་ཞིག་དང་འཁྲུག་པ་མེད་པ་ཞིག་ལ་བསམ་བློ་གཏོང་དགོས། ཞེས་སོགས་བཀའ་སློབས་སྩལ་རྗེས་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་ཏེ་ཟངས་དཀར་ཁུལ་གྱི་སློབ་ཕྲུག་ལ་བཀའ་སློབ་ཀྱི་མཛད་རིམ་ལེགས་པར་གྲུབ་རྗེས་དད་ལྡན་སེར་སྐྱ་མི་མང་ཡོངས་ཀྱི་ཆེད་དུ་བཅོམ་ལྡན་འདས་ཀྱི་མཚན་སྔགས་དང་འཇམ་པའི་དབྱངས་ཀྱི་མཚན་སྔགས། མི་བརྗེད་པའི་གཟུངས། སྒྲོལ་མའི་གཟུངས་སྔགས། རྣམ་འཛོམས་མའི་གཟུངས་སྔགས་བཅས་ཀྱི་བཟླས་ལུང་བཀའ་དྲིན་སྩལ་ཡོད་པ་དང་། སང་ཉིན་ཚེས་ ༡༤ ཉིན་ཟངས་དཀར་ཁུལ་གྱི་མཛད་རིམ་ཁག་རེ་ཞིག་ལེགས་པར་གྲུབ་སྟེ་ལ་དྭགས་གླེ་ཁུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་བཅས།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།