༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

བསོད་ནམས་གླིང་གླེ་བྱང་མི་མང་ལ་བླང་དོར་བཀའ་སློབ་སྩལ་བ། ༢༠༢༢ ཟླ་བ་ ༨ ཚེས་ ༧

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསོད་ནམས་གླིང་གླེ་བྱང་གཞིས་ཆགས་སྤྱི་མགྲིན་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གླེ་མངའ་ཁུལ་ལྕོག་ལམ་ཚལ་དུ་རྟེན་གཞི་བྱས་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་རུ་རང་རིགས་སེར་སྐྱ་མི་མང་ལ་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་ཕོ་བྲང་ནས་ཆིབས་འཁོར་བརྒྱུད་གླེ་མངའ་ཁུལ་ལྕོག་ལམ་ཚལ་དུ་རྟེན་གཞི་བྱས་པའི་བོད་ཕྲུག་ཁྱིམ་སྡེར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་ལ་དྭགས་དབུས་འཛིན་མངའ་གཞུང་གི་བདེ་སྲུང་མི་སྣས་ཕེབས་ལམ་སྲུང་སྐྱོབ་ཚགས་ཚུད་ཐོག་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་ཕེབས་བསུ་གཟབ་རྒྱས་དང་བཅས་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་གི་སྡིངས་ཆའི་བཞུགས་ཁྲིར་འཁོད་མཚམས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་རིམ་པར་བཏང་། དེ་ནས་བསོད་ནམས་གླིང་གླེ་བྱང་བཙན་བྱོལ་བོད་མིའི་གཞིས་ཆགས་ཀྱི་སྤྱི་ཁྱབ་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་ལས་བསྡོམས་སྙིང་བསྡུས་༸སྙན་སྒྲོན་ཞུས་གྲུབ་མཚམས་ལ་དྭགས་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཁོངས་ནས་བྲོ་པ་བརྒྱ་དང་བཅུ་གསུམ་དང་། བསོད་ནམས་གླིང་བྱང་ཐང་བོད་རིགས་མི་མང་ཁོངས་ནས་བྲོ་པ་བརྒྱ་དང་བཅུ་གསུམ་གྱིས་མགོན་པོ་གང་ཉིད་མཆོག་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་པའི་རྟེན་འབྲེལ་དུ་སྔ་ཕྱིར་ཉམས་འགྱུར་ཕུན་སུམ་ཚོགས་ཤིང་། ཡིད་དུ་འོང་བའི་རང་ལུགས་ཆས་གོས་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་ཏེ་གར་གྱི་མཆོད་པ་ཕུལ་བ་དང་། བསོད་ནམས་གླིང་གླེ་མི་མང་ཁོངས་ནས་མགོན་པོ་གང་ཉིད་མཆོག་གི་དགུང་གྲངས་མཚོན་པའི་བྲོ་པ་བརྒྱད་ཅུ་གྱ་བདུན་གྱིས་ལྷག་བསམ་ཟོལ་མེད་དང་དགའ་སྤྲོའི་ཉམས་སྣང་ལུས་ཀྱི་འགྱུ་བར་མངོན་ཏེ་སྔ་མ་གཉིས་བཞིན་གར་གྱི་མཆོད་པ་ཕུལ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་བརྩེ་ཆེན་པོས་བཀའ་སློབ་སྩལ་དོན།

དེ་རིང་འདི་ག་ས་གནས་ཀྱི་སློབ་ཕྲུག་དང་རྒན་གཞོན་ཕོ་མོ་མང་པོ་ཞིག་ཆེད་མངགས་སླེབས་ཡོད་པ་རེད། ལྷག་པར་དུ་བྱང་ཐང་བོད་མི་མང་པོ་ཞིག་དེ་རིང་འདིར་ཆེད་མངགས་སླེབས་པ་རེད། ཕྱི་ལོ་ ༡༩༥༩ ལོར་ལྷ་སར་བཅིངས་གྲོལ་དམག་སྒར་དུ་ཟློས་གར་ཚོགས་པ་གསར་པ་ཞིག་སླེབས་ཡོད། དེ་ལ་ངོས་རང་ལྟ་གི་ཡོང་རོགས་ཞེས་བཤད་དེ་ཐོག་མའི་རྐྱེན་བྱུང་བ་རེད། ངོས་ནས་འགྲིག་གི་རེད་ཅེས་འགྲོ་རྒྱུ་གཏན་འཁེལ་བ་ཡིན། སྐབས་དེར་རྒྱ་མིའི་ལས་ཁུངས་ནས་ཏཱ་ལའི་བླ་མ་གཅིག་པུ་མ་གཏོགས་སྐུ་སྲུང་དམག་མི་ཡོང་ན་མི་འགྲིག་པ་དང་། བོད་དམག་གི་གོ་ལག་འཁྱེར་ཡོང་ན་འགྲིག་གི་མ་རེད་ཅེས་བཤད་པ་རེད། དེ་ལ་ཧོབ་ཏེ་ཡ་མཚན་སྐྱེས་པ་དང་། ༸རྒྱལ་བ་རིན་པོ་ཆེ་བཅིངས་གྲོལ་དམག་སྒར་ལ་ཕེབས་རྒྱུ་རེད་ཟེར་བའི་སྐད་ཆ་དེ་གོ་དུས་ལྷ་ས་མི་མང་ནོར་གླིང་དུ་ཡོང་ནས་ངོས་རང་བཅིངས་གྲོལ་དམག་སྒར་ལ་ཕེབས་ན་འགྲིག་གི་མི་འདུག་ཅེས་ཧ་ཅང་འུར་བརྒྱབ་སོང་། བོད་པ་ཚོས་རྒྱ་མི་ལ་ཡིད་ཆེས་དང་རེ་འདུན་གཏན་ནས་བྱེད་ཀྱི་མི་འདུག ཕལ་ཆེར་མི་གྲངས་ཁྲི་གཅིག་གཉིས་ཤིག་གིས་འུར་ཆེན་པོ་བརྒྱབ་ནས་ཡོང་བ་རེད། བོད་པ་ཚོའི་རེ་འདུན་དུ་ད་ལམ་ཙམ་མ་ཡིན་པར་མ་འོངས་པར་ངོས་རང་རྒྱ་མིའི་དམག་སྒར་ལ་མ་ཕེབས་རོགས་ཞེས་འབོད་སྐུལ་མང་པོ་བྱས་སོང་། དེ་དང་ཆབས་ཅིག་ལྷ་སའི་བཅིངས་གྲོལ་དམག་སྒར་ནས་ངོས་ལ་ལན་ཞིག་བསྐུར་ཏེ་བོད་པ་ཚོས་ཟ་ངེ་ཟིང་ངེ་བྱེད་དུས་ང་ཚོས་དྲག་གནོན་བྱེད་ཀྱི་ཡིན། ༸རྒྱལ་བ་རིན་པོ་ཆེ་བཞུགས་སའི་ནོར་བུ་གླིང་གའི་ཕོ་བྲང་ལ་རྟགས་སྐྱོན་རོགས། དེ་ལ་ང་ཚོས་དོ་ཕོག་མ་འགྲོ་བ་བྱེད་ཀྱི་ཡིན་ཞེས་བཤད་སོང་། དེ་ལ་གོ་བ་གང་འདྲ་ཞིག་བླང་ནའང་ལེན་རྒྱུ་འདུག གང་ལྟར་ངོས་རང་སྡོད་ས་གསལ་བོ་ཤེས་པ་ཡིན་ན་དེ་ག་རང་ལ་འགད་རྫས་དང་མེ་ཤུགས་འཕུར་མདེལ་གཞུ་བའི་འཆར་གཞི་ཡོད་པ་རེད། དེའི་རྟགས་མཚན་གཅིག་ནི་ནོར་གླིང་ནས་རྗེས་ལ་བྲོས་ཡོང་བའི་སྐུ་སྲུང་དམག་མི་ཁ་ཤས་ཤིག་གིས་ནོར་གླིང་ཕོ་བྲང་གསར་པ་ངོས་རང་སྡོད་སའི་ཐོག་ཁར་རྒྱ་མིའི་མེ་ཤུགས་འཕུར་མདེལ་མ་གད་པ་ཁ་ཤས་འདུག་ཟེར། དེར་བརྟེན། ངོས་རང་སྡོད་སར་རྟགས་རྒྱག་རོགས་ཟེར་བ་ལ་གོ་བ་གཉིས་འདུག ཆེད་མངགས་འགད་རྫས་གཞུ་རྒྱུ་དང་གཡོལ་བ་གང་ཡིན་ཚོད་མ་ཐིག་པ་ཞིག་འདུག ཕྱོགས་མང་པོར་ལྟ་སྐབས་གནས་ཚུལ་ཡག་པོ་ཁྱོན་ནས་མི་འདུག་པ་དང་། ལྷ་དང་བླ་མར་མོ་འདེབས་པ་འཆར་ཅན་བྱེད་ཀྱི་ཡོད་པས་ནོར་གླིང་ནས་ཐོན་ཤོག་ཅེས་གཟན་རྟགས་བབ་པ་ལྟར་ནོར་གླིང་ནས་དགོང་མོ་ཆུ་ཚོད་བཅུ་པ་ལ་ཐོན་ཡོང་བ་ཡིན། ནོར་གླིང་ལ་རྟེན་གཙོ་མགོན་པོ་ཞིག་ཡོད། སྐབས་དེར་ངོས་རང་མགོན་ཁང་ལ་བཅར་ནས་ཐོན་ཕྱག་ཕུལ་ནས་ཡོང་བ་ཡིན།

དེ་དུས་ང་ཚོའི་བསམ་བློའི་ནང་དུ་མ་འོངས་པར་ག་འདྲ་བྱེད་ཡོང་བསམ་པ་མ་གཏོགས་ཚོད་ཐིག་པ་མེད། སེམས་ཐག་བཅད་ནས་ཐོག་མར་འབྲུག་ལ་འགྲོའམ་རྒྱ་གར་ལ་འགྲོ་རྒྱུར་ཐེ་ཚོམ་བྱས་ནས་སྡོད་སྐབས་རྒྱ་གར་གྱིས་དགའ་བསུ་ཡོད་ཅེས་ལན་འབྱོར་སོང་། ངོས་རང་ས་མཚམས་ལ་འབྱོར་སྐབས་ངོ་ཤེས་གྲོགས་པོ་རྙིང་པ་ཚོ་འཛུམ་ཤིག་ཤིག་བསྡད་འདུག ཧ་ཅང་དགའ་བོ་བྱུང་། དེ་ལྟར་རྒྱ་གར་ལ་འབྱོར་བ་དང་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ཏེ་དུས་ད་ལྟའི་བར་དུ་བསྡད་ཡོད། སྐབས་དེར་ཐན་ཀོན་སན་སོགས་མང་པོ་ཞིག་བསམ་བློ་མཁྲེགས་པོ་དང་བསམ་པ་ནག་པོ་ཡོད། ཁོ་ཚོའི་བསམ་ཚུལ་ལས་ཡོངས་སུ་འདས་ནས་ངོས་རང་རྒྱ་གར་གྱི་ས་མཚམས་ལ་འབྱོར་བ་དང་། རྒྱ་གར་གཞུང་གི་སྐུ་མགྲོན་བྱས་པ་རེད། མིང་བཙན་བྱོལ་བ་དང་། དོན་དུ་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ཏེ་བསྡད་པ་རེད།

ནོར་གླིང་ནས་མ་ཐོན་སྔོལ་ལ་ང་ཚོས་བསྐང་གསོལ་བཏང་བ་ཡིན། མཚན་གཅིག་རྨི་ལམ་དུ། གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས།། ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ།། མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང་།། བཀྲ་ཤིས་རྒྱལ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག། ཅེས་པའི་ཚིགས་བཅད་འདི་ངོས་ཀྱི་མདུན་དུ་མཁན་པོ་མང་པོ་ཞིག་གིས་སྐྱོར་སོང་། དེ་ནས་ཉིན་གཅིག་གཉིས་རྗེས་སུ་ངོས་རང་ནོར་བུ་གླིང་ག་ནས་ཐོན་ཡོང་བ་རེད། ཕྱི་ལོ་ ༡༩༥༦ ནས་ངོས་རང་རྒྱ་གར་གཞུང་གི་དཔོན་རིགས་ཚོར་ངོ་ཤེས་ཆགས་ཡོད། ཕྱི་ལོ་ ༡༩༥༩ ལོར་གནས་ཚུལ་བྱུང་སྟེ་རྒྱ་གར་རང་དབང་ལུང་པར་སླེབས་སྐབས་རྒྱ་གར་གཞུང་གིས་དགའ་བསུ་གཟབ་རྒྱས་གནང་རྒྱུ་བྱུང་། དེ་ལྟར་ང་ཚོར་མི་ཚེ་གསར་པ་ཞིག་མགོ་ཚུགས་པ་རེད། རྒྱ་གར་ལ་སླེབས་ནས། བཀྲ་ཤིས་རྒྱལ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག། ཅེས་པ་ལྟར། ངོས་རང་རྒྱ་གར་དུ་བསྡད་ནས་འཛམ་གླིང་ཐོག་བོད་དོན་ལ་དོ་སྣང་བྱེད་མཁན་དང་། བོད་ཀྱི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ལྟ་སྒོམ་སྤྱོད་གསུམ་གང་གི་ཆ་ནས་ཡིན་ནའང་ཧ་ཅང་གསལ་བོ་ཆགས་ནས་མི་མང་པོས་ཤིན་ཏུ་དགའ་པོ་བྱེད་པ་བྱུང་བ་རེད། དེར་བརྟེན། ཕྱི་ལོ་ ༡༩༥༩ ལོར་དྲག་གནོན་བྱེད་མཁན་ཐན་ཀོན་སན་སོགས་ཀྱི་བློ་ཡུལ་ལས་འདས་པ་ཞིག་ལ་ང་ཚོ་འདིར་བཙན་བྱོལ་བ་གཞིས་ཆགས་ནས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དང་། འཛམ་གླིང་འདིར་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་སླེབས་པ་དེ་ལྟར་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་རྐྱེན་ངན་གྲོགས་ལ་ཤར་བ་རེད། ང་ཚོ་ལྷ་སར་བསྡད་ཡོད་ན་རྦད་དེ་ནག་བསུབ་གཏོང་རྒྱུ་མ་གཏོགས་གང་ཡང་ཡོད་པ་མ་རེད། ང་ཚོས་ཐག་བཅད་ནས་ནོར་བུ་གླིང་ག་ནས་སྤོས་ཏེ་རྒྱ་གར་ལ་སླེབས་ཤིང་། འཛམ་གླིང་འདིར། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་པའི་དོན་དག་ངོས་ཀྱིས་ལག་ལེན་སྐྱེལ་བཞིན་ཡོད། ལ་དྭགས་ས་ཁུལ་གྱིས་མཚོན་པའི་ཧི་མ་ལ་ཡའི་རི་རྒྱུད་རྣམས་སུ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་སྔ་ནས་ཡོད་ལ་ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེ་ཆགས་ཡོད། ནུབ་ཕྱོགས་ཡུལ་གྲུ་ཁག་མང་པོ་ཞིག་ནི་བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའི་གནས་རེད། གང་ལྟར། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཞེས་སོགས་ཐུགས་སྨོན་གནང་བ་ལྟར་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ཤིག་འདི་ལྟར་ཕྱིན་པ་རེད།

བོད་གངས་ཅན་ལྗོངས་ཀྱི་རྒྱ་ཆེའི་མི་མང་གི་དད་པ་དང་ལྷག་བསམ་གཡོ་བ་མེད་པར་ཧ་ཅང་བརྟན་པོར་བསྡད་འདུག དད་པ་དང་འདུན་པ་གཅིག་སྒྲིལ་ཡོད་པ་འདི་ཡིས་ནུས་པ་ཞིག་ཐོན་ཡོང་གི་ཡོད། རྒྱ་མི་གུང་ཁྲན་གྱི་ནང་དུ་རྩུབ་པོ་བྱེད་མཁན་རིགས་གཅིག་ཡོད་པ་རེད། དེ་དག་གིས་རྩུབ་སྤྱོད་མཐར་ཐུག་པ་བྱས་ཡོད་ཀྱང་བོད་རྒྱ་ཆེའི་མི་མང་གིས་ལྷག་བསམ་དང་དད་པ་འགུལ་བསྐྱོད་མ་ཐེབས་པར་ཧ་ཅང་བརྟན་པོར་བསྡད་པ་རེད། བྱང་ཐང་ནས་ཡོང་བ་ཚོས་གང་ལ་གང་འཚམ་ཤེས་ཀྱི་རེད། བོད་རྒྱ་ཆེའི་མི་མང་གིས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་དད་པ་ཆེན་པོ་དང་འདུན་པ་རྩེ་གཅིག་ཏུ་ཡོད། ང་ཚོ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་ཀྱང་བོད་པའི་ཆོས་དང་རིག་གཞུང་གི་ཚོར་བ་ཧི་མ་ལ་ཡའི་རི་རྒྱུད་དུ་སྔར་ནས་གཅིག་པ་རེད་ལ། དེང་དོ་སྣང་གསར་པ་སླེབ་བཞིན་ཡོད།  བོད་ཆོལ་ཁ་གསུམ་ཡོངས་རྗོགས་ཀྱི་རྒྱ་ཆེའི་མི་མང་གིས་སེམས་ཤུགས་གཡོ་བ་མེད་པར་བསྡད་པས་རྒྱ་ནག་གི་དཔོན་རིགས་ཚོར་བསམ་བློ་ཏོག་ཙམ་གསར་པ་ཞིག་སླེབ་ཀྱི་འདུག  

རྒྱ་མིས་དམག་གི་ཐོག་ནས་བོད་དབང་བསྒྱུར་བྱས་པ་རེད། ཡིན་ནའང་། རིམ་བཞིན་དུས་ཀྱི་འགྱུར་བ་དང་། བདེན་པའི་མཐའ་གསལ་ཡོང་སྐབས་བོད་ཀྱི་ཆོས་དང་རིག་གཞུང་གིས་རྒྱ་ནག་ལ་དབང་བསྒྱུར་བ་ཞིག་ཡོང་གི་རེད་ཅེས་བོད་ཀྱི་ཤེས་ཡོན་ཅན་ཁ་ཤས་ཀྱིས་ངོས་ལ་བཤད་རྒྱུ་བྱུང་། དེ་བདེན་པ་ལྟ་བུ་འདུག དེང་སང་རྒྱ་ནག་ཏུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་པ་དང་། རིམ་བཞིན་ལོ་ཤས་ནང་དུ་འགྱུར་བ་ཆེན་པོ་ཞིག་ཡོང་བ་ལྟ་བུ་འདུག ངོས་རང་བཙན་བྱོལ་བ་བྱས་ཏེ་རྒྱ་གར་དུ་བསྡད་པའི་རིང་དེ་སྔ་བོད་ཀྱི་སངས་རྒྱས་པའི་ཆོས་ལ་འབྲེལ་བ་མེད་མཁན་ནང་དོ་སྣང་གསར་བ་བྱེད་མཁན་དང་། ལྷག་པར་དུ་ཚན་རིག་པའི་ནང་ནས་ཚད་རྡུལ་དངོས་ཁམས་རིག་པ་བཤད་མཁན་ཚོར་དོ་སྣང་གསར་བ་སླེབ་ཀྱི་འདུག དེ་བཞིན་ཀླད་རྩ་དང་རྣམ་རྟོག་འགྱུ་བ་འདྲ་མིན་ཤར་བའི་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་བྱེད་མཁན་ཚོས་དོ་སྣང་བྱེད་ཀྱི་འདུག སེམས་ཁམས་རིག་པའི་སྐོར་ལ་ནུབ་ཕྱོགས་པའི་ཚན་རིག་པའི་ནང་དུ་གསར་པ་རེད། ང་ཚོར་གཅིག་ནས་རྒྱ་གར་གྱི་ནཱ་ལེནྡྲའི་ཆོས་བརྒྱུད་རེད། བར་སྐབས་རྒྱ་གར་ལ་ཉམས་ཡོད་ཀྱང་བོད་གངས་ཅན་ལྗོངས་སུ་གནའ་རབས་རྒྱ་གར་གྱི་རིག་གཞུང་འདི་དག་བརྟན་པོར་བཟུང་ཡོད་པར་བརྟེན། ནུབ་ཕྱོགས་ཀྱི་ཚན་རིག་པ་དང་སེམས་ཁམས་རིག་པ་བ་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་འདུག  བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གཙོ་བོ་སེམས་ཅན་ལ་ཕན་སེམས་རང་གི་ཐོག་ནས་བསམ་བློ་བཏང་བ་དང་། དེ་དང་ཆབས་ཅིག་བོོད་དོན་བདེན་མཐའ་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་འདུག

ང་ཚོ་བཙན་བྱོལ་དུ་སླེབས་པ་ཚོས་དགོས་དོན་གང་ལ་གང་འཚམ་གྲུབ་ཡོད། གཙོ་ཆེར་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པ་དང་། ངོས་ལ་ཡིད་ཆེས་རྩེ་གཅིག་གིས་གོང་བུ་གཅིག་གྱུར་གྱི་ནུས་པ་ཡག་ཐག་ཆོད་ཡོད། ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་ལྟའི་བར་དུ་ཚང་མས་ལྷག་བསམ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་བསྡད་པ་རེད། ད་དུང་འབྱུང་འགྱུར་ལོ་ཉི་ཤུ་རྩ་གྲངས་ལ་ངོས་རང་ཏན་ཏན་སྡོད་ཀྱི་རེད། དེའི་རིང་ཚང་མས་སྔར་བཞིན་སེམས་ཤུགས་བསྐྱེད་ནས་དད་པ་དང་དམ་ཚིག་གཡོ་བ་མེད་པར་ད་ལྟ་ནང་བཞིན་བཞུགས་ཨང་། འཛམ་གླིང་ལ་འགྱུར་བ་ཏན་ཏན་འགྲོ་གི་རེད། ང་ཚོ་བོད་ཀྱི་བདེན་མཐའ་གསལ་ནས་གཞིས་བྱེས་མི་མང་མཉམ་འཛོམས་ཀྱིས་བཀྲ་ཤིས་ལོ་ལེགས་ཀྱི་དགའ་སྟོན་བྱེད་པའི་དུས་ཚོད་ཅིག་ཕལ་ཆེར་ཏན་ཏན་ཡོང་གི་རེད། ཚང་མ་བློ་བདེ་པོར་བཞུགས། ཅེས་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་གིས་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་སྩལ་གྲུབ་མཚམས་ལ་དྭགས་བསོད་ནམས་གླིང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་ཞལ་བསྒྱུར་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།