༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས། ༢༠༢༢ ཟླ་བ་ ༨ ཚེས་ ༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༥ ཉིན་ལ་དྭགས་དབུས་འཛིན་མངའ་ཁུལ་ཉིན་མོའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་དང་འབྲེལ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ལ་དྭགས་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད།

ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ལ་དྭགས་ཤེལ་གྱི་སེང་གེ་གཙང་པོའི་འགྲམ་རྒྱུད་སིན་དྷུ་གྷཊ་ཞེས་པར་ལ་དྭགས་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་འདུ་འཛོམས། ༢༠༢༢།༨།༥ པར་བ། བསྟན་འཛིན་ཆོས་འབྱོར།

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྕོག་ལམ་ས་ཞི་བའི་ཚལ་ཕོ་བྲང་ནས་ཆིབས་འཁོར་བརྒྱུད་ཤེལ་གྱི་སེང་གེ་གཙང་པོའི་འགྲམ་རྒྱུད་སིན་དྷུ་གྷཊ་ཞེས་པར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཁྲི་རྩེ་རིན་པོ་ཆེ་མཆོག འབྲུག་པ་ཐུགས་སྲས་རིན་པ་ཆེ།  ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་སློབ་སྟོན་པ་དབུ་མང་ནཱ་རུ་ལ་(Umang Narula)ལགས། རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་(LAHDC)ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་སོགས་ལ་དྭགས་ཀྱི་མཐོ་རིམ་མི་སྣ་ཁག་གིས་ཕེབས་བསུ་དང་བཅས་སྡིངས་ཆའི་༸ཞབས་སྟེགས་སུ་འཁོད་མཚམས་ལ་དྭགས་དབུས་འཛིན་མངའ་ཁུལ་ཉིན་མོའི་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་རྒྱལ་གླུ་བཏང་བ་དང་། དེ་ནས་ལྷ་གསོལ་སོགས་ལ་དྭགས་ཀྱི་ཡུལ་སྲོལ་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་རྗེས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་དབང་ཕྱུག་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། དཔལ་རྔམ་གཟེངས་རྟགས་ཀྱི་བྱུང་རིམ་ངོ་སྤྲོད་མཛད་རྗེས་ལ་དྭགས་ཀྱི་གནའ་སྲོལ་མཛད་སྒོའི་ཞབས་གཞས་དང་། སློབ་གྲྭ་ཁག་གཉིས་ཀྱི་སློབ་ཕྲུག་བུ་མོ་ཚོས་ཞབས་བྲོ་གཟིགས་འབུལ། ལ་དྭགས་ཡུལ་གྱི་རྒྱལ་པོ་སེང་གེ་རྣམ་རྒྱལ་མཆོག་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱི་རྣམ་ཐར་མི་སྣ་འཁྲབ་སྟོན་སོགས་རང་སྐྱོང་ཉིན་མོའི་མཛད་སྒོ་སྲུང་བརྩི་གནང་།

ལ་དྭགས་ཤེལ་གྱི་སེང་གེ་གཙང་པོའི་འགྲམ་རྒྱུད་སིན་དྷུ་གྷཊ་ཞེས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་སྒོར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་(LAHDC)ཀྱི་སྡེ་དཔོན་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༢།༨།༥ པར་བ། བསྟན་འཛིན་ཆོས་འབྱོར།

དེ་རྗེས་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་སློབ་སྟོན་པ་དབུ་མང་ནཱ་རུ་ལ་ལགས་དང་། རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་(LAHDC)ཀྱི་སྡེ་དཔོན་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས་བཅས་ཀྱིས་རིམ་པར་གསུང་བཤད་གནང་བ་དང་། གསུང་བཤད་དུ་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཞི་བདེའི་ཐད་མཛད་རྗེས་རླབས་ཆེན་བསྐྱངས་དང་སྐྱོང་མུས་ཡིན་པ་མ་ཟད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འགྲོ་བ་ཡོངས་དང་། ལྷག་པར་དུ་གངས་ཅན་ལྗོངས་ཀྱི་བོད་དང་ལ་དྭགས་ལ་བཀའ་དྲིན་བླ་ན་མེད་པ་མ་ཟད་ད་བར་ལ་དྭགས་སུ་དུས་འཁོར་དབང་ཆེན་ཐེངས་གསུམ་དང་། ཆིབས་བསྒྱུར་ཐེངས་ཉེར་ལྔ་ལ་བསྐྱངས་ཏེ་ལ་དྭགས་ཀྱི་སེར་སྐྱ་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྐོར་དང་། མ་འོངས་པར་ཡང་ནས་ཡང་དུ་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་བར་གསོལ་འདེབས་ཞུས་པ་དང་། སྐབས་དེར་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་། སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་གཉིས་ཀྱིས་གསུང་བཤད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་བྷ་ར་ཌི་རཏྣ་གཟེངས་རྟགས་(Bharat Ratna Award)འབུལ་དགོས་པའི་རེ་སྐུལ་གྱི་གསུང་བཤད་གནང་རྗེས་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་དབུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་། སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་སོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་དང་སྐུ་པར་ལྷན་སྒྲོན་མཛད་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།

ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ལ་དྭགས་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས། ༢༠༢༢།༨།༥ པར་བ། བསྟན་འཛིན་ཆོས་འབྱོར།

སྔོན་ལ་ངོས་རང་ཉིད་ངོ་སྤྲོད་ཅིག་བྱས་ན། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ།། རྒྱལ་བའི་གསུང་ལ་སྦྱང་པ་མི་དམན་ཞིང་།། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ཞེས་རྗེ་རིན་པོ་ཆེས་གསུངས་པ་ལྟར་ངོས་རང་ཡང་དེ་ལྟར་ཡིན། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་ནས་ལོ་བཅུ་ཕྲག་ཁ་ཤས་རིང་བོད་ནས་དཔེ་ཆར་བལྟས་པ་དང་། ང་ཚོ་བཙན་བྱོལ་བ་ཆགས་ནས་ཀྱང་དཔེ་ཆར་མུ་མཐུད་དུ་ལྟ་བཞིན་ཡོད། བཅོམ་ལྡན་འདས་ཀྱི་སྡེ་སྣོད་གསུམ་བཀའ་སྩལ་བ་དང་། བོད་གངས་ཅན་གྱི་ལྗོངས་སུ་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་མང་པོས་འགྲེལ་བ་དང་ཡང་འགྲེལ་མང་པོ་བརྩམས་ནས་ཕུལ་དུ་བྱུང་བའི་ལེགས་བཤད་ཡོད་པ་འདི་དག་ལ་ད་ལྟའང་སློབ་སྦྱོང་བྱེད་བཞིན་ཡོད། དཔེ་ཆར་བལྟས་པའི་དགོས་དོན་ནི་སེམས་རྒྱུད་འདུལ་དགོས་ཀྱི་ཡོད། རྒྱུད་མ་དུལ་ན་དཔེ་ཆར་བལྟས་པའི་དགོས་པ་མ་བྱུང་བ་རེད། དེར་བརྟེན། ཉིན་རེ་བཞིན་དུ་གཙོ་བོ་བྱང་ཆུབ་ཀྱི་སེམས་སྒོམ་བཞིན་ཡོད། བྱང་ཆུབ་ཀྱི་སེམས་བསྒོམས་ན་སྙིང་སྟོབས་སྐྱེ་བཞིན་འདུག སེམས་ཤུགས་དེ་སྐྱེས་དུས། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྨོན་ལམ་རྒྱག་གི་ཡོད། ནམ་མཁའ་མ་ཟད་ཀྱི་བར་དུའམ་ཇི་སྲིད་སེམས་ཅན་གྱི་སྡུག་བསྔལ་མ་ཟད་གྱི་བར་དུ་ངོས་རང་གིས་མུ་མཐུད་དུ་འགྲོ་བའི་དོན་བྱེད་ཀྱི་ཡིན་ཞེས་དམ་བཅའ་འཇོག་གི་ཡོད། དེས་ཧ་ཅང་སེམས་ཤུགས་བསྐྱེད་ཀྱི་འདུག ཇི་ཙམ་གྱིས་སྙིང་སྟོབས་ཡོད་པའི་ཚོད་ཀྱིས་སེམས་ལ་དངངས་སྐྲག་དང་། རེ་དོགས་མང་པོ་མེད་པར་སེམས་ལ་ཞི་བདེ་ཡོང་གི་འདུག དེ་དག་ངོས་ཀྱིས་ཉམས་ལེན་བྱེད་བཞིན་ཡོད།  

ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་དབུས་རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་(LAHDC)གླེའི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་སོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞིན་པ། ༢༠༢༢།༨།༥ པར་བ། བསྟན་འཛིན་ཆོས་འབྱོར།

བྱང་ཆུབ་ཀྱི་སེམས་དེ་སྟོང་ཉིད་ཀྱི་ལྟ་བ་དང་སྦྲེལ་ནས་བསམ་བློ་གཏོང་བཞིན་ཡོད། རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ལ་བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་དང་། དབུ་མ་བ་ལ་ཡང་ནང་གསེས་ཀྱིས་དབུ་མ་རང་རྒྱུད་པ་དང་། དབུ་མ་ཐལ་འགྱུར་བ་ཡོད་པས་ངོས་ཀྱིས་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང་། འཇུག་པ་རང་འགྲེལ་དང་བཅས་པ་ཉིན་རེ་བཞིན་དུ་ཀློག་བཞིན་ཡོད། དེར་བརྟེན། ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ལ་སེམས་གཏིང་ནས་ངེས་པ་རྙེད་པའི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་སྦྲེལ་ནས་ཉིན་རེ་བཞིན་དུ་སྒོམ་གྱི་ཡོད། ཚེ་འདི་ལ་ཡིན་ནའང་། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་པ་དེ་ངོས་ཀྱིས་ལག་ལེན་དུ་བསྟར་གྱི་ཡོད། ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་ཤུགས་ཆེན་པོ་ཡོད་པ་དང་། སེང་གེ་ཁ་འབབ་ཀྱི་རྒྱུད་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་རེད། ཅེས་དང་། ལ་དྭགས་སུ་ཆོས་ལུགས་ཀྱི་མཐུན་འབྲེལ་ཧ་ཅང་ཡག་པོ་རེད། ལ་དྭགས་སུ་མོ་ཧ་མོ་དུ་ཁ་ཆེའི་ཆོས་ལུགས་བྱེད་མཁན་ཆོས་གྲོགས་མང་པོ་ཡོད་པ་ཚང་མ་མཐུན་པོ་བྱས་ཏེ་སྡོད་པ་ནི་ཧ་ཅང་ཡག་པོ་རེད། འཛམ་གླིང་འདིར་ཆོས་ལུགས་འདྲ་མིན་ལ་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་ཚང་མས་སེམས་བཟང་པོ་དང་མི་ལ་ཕན་སེམས་བྱེད་དགོས་པ་རེད་ཅེས་གསུང་གི་ཡོད་པ་རེད། དེར་བརྟེན། ལ་དྭགས་སུ་ཁྱོད་ཚོ་མོ་ཧ་མོ་དུའི་རྗེས་འབྲངས་གང་འཚམ་འདུག ཚང་མ་ཐུགས་མཐུན་ཁྲིམས་གཙང་ཧ་ཅང་ཡག་པོ་རེད་འདུག

ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ལ་དྭགས་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་སྐབས་སློབ་ཕྲུག་ཚོས་གཞས་སྣ་འཁྲབ་སྟོན་ཞུ་བཞིན་པ། ༢༠༢༢།༨།༥ པར་བ། བསྟན་འཛིན་ཆོས་འབྱོར།

ངོས་རང་འཛམ་གླིང་འདིའི་སྟེང་གི་མི་ཞིག་རེད། འཛམ་གླིང་གི་མི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་འདོད་པའི་ཐོབ་ཐང་མི་ཚང་མར་གཅིག་མཚུངས་རེད། དེར་བརྟེན། ངོས་རང་མི་ཞིག་ཡིན་པའི་ངོས་ནས་འཛམ་གླིང་འདིར་བདེ་སྐྱིད་ཡོད་པ་དང་། དམག་འཁྲུག་མེད་པ། ཕན་ཚུན་ལ་འཆམ་མཐུན་ཅན་གྱི་འཛམ་གླིང་ཞིག་ཡོང་ཐུབ་ན་བསམས་ནས་འབད་བརྩོན་བྱེད་བཞིན་ཡོད། ངོས་རང་ལ་ཞི་བདེའི་གཟེངས་རྟགས་རག་པ་དེའང་འཛམ་གླིང་ཞི་བདེ་ཡོང་བར་འབད་བརྩོན་བྱས་པས་ཐོབ་པ་རེད། ངོས་ཀྱིས་ངོ་ཤེས་པ་མང་པོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་དང་ཆབས་ཅིག་འཛམ་གླིང་འདིར་ག་ལེར་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་ང་ཚོའི་དཔེ་ཆའི་ནང་དུ་ཡོད་པ་རེད་ལ། ཚན་རིག་པས་ཀྱང་བཤད་ཀྱི་འདུག ངོས་རང་གི་ཉམས་མྱོང་གི་ཐོག་ནས་ཡིན་ནའང་ངོས་རང་ཆུང་ཆུང་སྐབས་སུ་ལྷ་སའི་ཉེ་འཁོར་གྱི་རི་རྒྱུད་དུ་དགུན་ཁ་གངས་མང་ཙམ་འདུག་གི་ཡོད་ཀྱང་། ངོས་ཀྱི་མི་ཚེ་འདི་རང་གི་ནང་དུ་གངས་ཉུང་དུ་ཉུང་དུ་ཕྱིན་སོང་། འཛམ་གླིང་གི་ཚ་དྲོད་རང་བཞིན་གྱིས་ཤུགས་ཆེ་རུ་འགྲོ་བཞིན་པ་ཞིག་རེད། དེར་བརྟེན། ཁོར་ཡུག་ལ་ཤིང་སྣ་འདེབས་འཛུགས་བྱེད་པ་དང་། ནགས་ཚལ་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔོན་མ་ལས་དེང་སང་ལ་དྭགས་སུ་སྔོ་ལྗང་ཧ་ཅང་མང་དུ་ཕྱིན་འདུག ཧ་ཅང་ཡག་པོ་རེད། ད་དུང་ཁོར་ཡུག་ཡག་པོ་ཡོང་བ་ལ་ཚང་མས་དོ་སྣང་ཤུགས་ཆེ་ཙམ་བྱས་ཏེ་ཧུར་ཐག་བྱེད་རོགས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་སྐབས་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་སློབ་སྟོན་པ་དབུ་མང་ནཱ་རུ་ལ་(Umang Narula)ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༢།༨།༥ པར་བ། བསྟན་འཛིན་ཆོས་འབྱོར།

དེ་ནས་འདིར་གཙང་པོ་སེང་གེ་ཁ་འབབ་ཡོད་པ་རེད། འདི་ལ་ག་ཚོད་ཐུབ་ཐུབ་ཀྱིས་སྲུང་སྐྱོབ་དང་ཁོར་ཡུག་སྔོ་ལྗང་ཡོང་བ་ལ་ཁྱེད་རང་ཚོས་འབད་བརྩོན་བྱེད་དགོས་པ་རེད། ངོས་ཀྱི་མི་རབས་འདིར་འཛམ་གླིང་གི་ཚ་དྲོད་མཐོ་བོ་སླེབས་པ་ཕལ་ཆེར་མཐོང་གི་མ་རེད། ང་ཚོའི་མི་རབས་རྗེས་མ་ཚོའི་སྐབས་སུ་འཛམ་གླིང་གི་ཚ་དྲོད་ཆེ་རུ་ཕྱིན་ནས་ཆུ་དཀོན་པོ་དང་། སྔོ་ལྗང་གི་རིགས་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད་པ་རེད། མི་རབས་རྗེས་མའི་དོན་དུ་ད་ལྟའི་མི་རབས་འདིས་དོ་སྣང་བྱེད་དགོས་པ་ཞིག་རེད། མཐའ་དོན་དེ་རིང་འདིར་ངོས་ལ་གཟེངས་རྟགས་གསོལ་རས་གནང་བ་རེད། དངོས་གནས་དྲང་གནས་ཁྱོད་རང་ཚོའི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གཟེངས་རྟགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་རྡ་རམ་ས་ལར་ཆར་དུས་སུ་བཞའ་ཚན་ཧ་ཅང་ཆེན་པོ་ཡིན་པ་དང་། ལ་དྭགས་སུ་ས་སྐམ་པོ་ཡིན་པས་མགོན་པོ་གང་ཉིད་མཆོག་གུང་སེང་ལྟ་བུར་ཕེབས་ཀྱི་ཡོད་པ་དང་། ལོ་རེར་རྒྱ་གར་གྱི་དམའ་ས་ཁུལ་དུ་ཆར་ཤུགས་ཆེ་དུས་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པའི་བཀའ་སློབ་སྩལ་རྗེས་ལ་དྭགས་དབུས་འཛིན་མངའ་ཁུལ་ཉིན་མོའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ལེགས་པར་གྲོལ་ཡོད་པ་དང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་སྐབས་རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༢།༨།༥ པར་བ། བསྟན་འཛིན་ཆོས་འབྱོར།

ལ་དྭགས་མི་རིགས་ཡོངས་ཀྱི་ཕུལ་བྱུང་དང་། ཁྱད་དུ་འཕགས་པའི་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་ཐོག་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གླེའི་སྡེ་དཔོན་མཆོག་གིས་ལ་དྭགས་མི་རིགས་ཡོངས་ཀྱི་བསམ་དོན་མཚོན་པའི་སྙན་རྩོམ་ཞིག་ཕུལ་ཡོད་པ་འདི་ལྟར།

བྱམས་བརྩེའི་འོད་སྟོང་འཕྲོ་བའི་བསིལ་ཟེར་ཅན།། རབ་ཡངས་ལྷ་ལམ་ཡངས་པར་ལེགས་ཤར་ནས།།
ས་སྟེང་འགྲོ་བའི་བློ་གྲོས་པདྨོའི་ཚལ།། རྒྱས་མཛད་བསྟན་འཛིན་རྒྱ་མཚོའི་ཞབས་ལ་འདུད།།

ལ་དྭགས་མི་རིགས་ཡོངས་ཀྱི་ཕུལ་བྱུང་དང་།། ཁྱད་དུ་འཕགས་པའི་དཔལ་རྔམ་གཟེངས་རྟགས་འདི།།
ཞི་བདེའི་དེད་དཔོན་མཆོག་ལ་ལེགས་འབུལ་བ།། འགྲོ་འདིའི་ཚོགས་རབ་རྫོགས་ཕྱིར་བཞེས་སུ་གསོལ།།


ཁྱེད་ཐུགས་སྟོང་ཉིད་སྙིང་རྗེའི་གཞན་དབང་གྱུར།། བདག་ཅག་ཤུགས་དྲག་དད་པས་ཁྱེད་འབངས་གྱུར།།
རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག། བདག་སོགས་ཙིཏྟའི་དཀྱིལ་དུ་རྟག་ཏུ་བཞུགས།།


ལ་དྭགས་ལྗོངས་འདིར་བསྟན་པའི་ཉིན་བྱེད་ཁྱེད།། ལན་གྲངས་ཉེར་ལྔ་ཞབས་སོར་འཁོད་བྱས་ནས།།
དམ་པའི་ཆོས་ཀྱི་འཁོར་ལོ་ཡང་དང་ཡང་།། སྐོར་མཛད་ཤཱཀ་ཐུབ་རྒྱལ་ཚབ་ཁྱེད་ཉིད་རྒྱལ།།


ཁ་བའི་རྡུལ་བརྩེགས་ཀྱིས་བསྐོར་མང་ཡུལ་དུ།། ནཱ་ལནྡྲ་ཡི་ཟབ་རྒྱས་ཆོས་ཀྱི་ཚུལ།།
བཟང་པོ་སྤེལ་མཛད་ཕྱག་ན་པདྨོ་ལ།། བདག་ཅག་སྙིང་ཁོང་རུས་པའི་གཏིང་ནས་དད།།


དཔལ་རྔམ་གཟེངས་རྟགས་རིན་ཐང་བྲལ་མིན་ཀྱང་།། ལ་དྭགས་མི་རིགས་ཡོངས་ཀྱི་བསམ་དོན་མཚོན།།
གང་དེ་ཞི་བདེའི་དེད་དཔོན་ཆེན་པོ་ལ།། བཅོས་མིན་དད་པས་འབུལ་ལོ་དགྱེས་པར་མཛོད།།

ཅེས་ལ་དྭགས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གླེའི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ནས་༢༠༢༢ ཕྱི་ཟླ་ ༨ ཚེས་ ༥ ཉིན་བཟང་པོར་གུས་འདུད་བཅས་ཕུལ་ཞེས་འཁོད་ཡོད་པ་རེད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།