༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཤེས་རབ་སྐྱེད་ཚལ་གླིང་དུ་སློབ་ཕྲུག་ཉིས་སྟོང་བརྒལ་བར་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སྐོར་ལ་བཀའ་སློབ་སྩལ་བ། ༢༠༢༢ ཟླ་བ་ ༧ ཚེས་ ༢༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དུ་ཆིབས་སྒྱུར་གྱིས་རབ་གནས་དང་། ཁྲིག་རྩེ་དགོན་པའི་གསུང་ཆོས་ར་བར་ལ་དྭགས་ཀྱི་སློབ་གྲྭ་ཆེ་འབྲིང་གི་སློབ་ཕྲུག་གཙོས་དགེ་སློབ་ཉིས་སྟོང་བརྒལ་བར་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་སྐོར་ལ་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༡༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལྕོག་ལམ་ས་ཞི་བའི་ཚལ་ཕོ་བྲང་ནས་ཆིབས་འཁོར་བརྒྱུད་ཁྲིག་རྩེ་དགོན་པར་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་ལ་དྭགས་ཡུལ་མི་རྣམས་ཀྱིས་མེ་ཏོག་སྣ་ཚོགས་ཀྱི་མཆོད་ཕྲེང་བསྒྲིགས་ཏེ་ཕེབས་བསུ་དང་བཅས་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དུ་༸ཞབས་སོར་བདེ་བར་འཁོད་དེ་ཐོག་མར་དཔེ་མཛོད་ཁང་ལ་རབ་གནས་དང་། དཔེ་མཛོད་ཀྱི་བོད་ཡིག་སྡེ་ཚན་དང་ཨིན་ཡིག་སྡེ་ཚན་གཉིས་ལ་རིམ་བཞིན་གཟིགས་སྐོར་མཛད་རྗེས་དཔེ་མཛོད་ཚོམས་ཆེན་དུ་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་དང་། ཁྲིག་རྩེ་དགེ་རྩའི་ཚོགས་མི་དང་། ཁྲིག་རྩེ་དཔེ་མཛོད་དགེ་རྩའི་ཚོགས་མི། ཁྲིག་རྩེའི་དུད་འགྲོ་སྲུང་སྐྱོབ་ཚོགས་པའི་ཚོགས་མི་བཅས་ལ་མཇལ་ཁ་དང་སྐུ་པར་ལྷན་སྒྲོན་མཛད།

ཁྲིག་རྩེ་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་འདི་ནི་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་མཚམས་སྦྱོར་དང་འབྲེལ་བའི་སྒོ་ནས་སྐྱེ་དགུའི་འདོད་དོན་ལྷུན་གྱིས་གྲུབ་ཅིང་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་པའི་རྨང་འཇོག་རྟེན་འབྲེལ་དང་། ས་གཞི་བྱིན་རླབས་ཀྱི་མཛད་སྒོ་བཀའ་དྲིན་བསྐྱངས་ཡོད་པ་རེད།

ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ལ་རབ་གནས་དང་གཟིགས་སྐོར་ལེགས་པར་གྲུབ་རྗེས་ཁྲིག་རྩེ་དགོན་པའི་ཤེས་རབ་སྐྱེད་ཚལ་གླིང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས། ལ་དྭགས་དགོན་ཚོགས་དང་ནང་ཚོགས། གུས་བཅས་ནས་༸གོང་ས་མཆོག་ལ་དྭགས་སུ་༸ཞབས་སོར་འཁོད་རྒྱུར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་ལ་དྭགས་སུ་༸ཞབས་སོར་འཁོད་པ་མ་ཟད་གསུང་ཆོས་དང་བཀའ་སློབ་བཀའ་དྲིན་བསྐྱངས་པར་ལ་དྭགས་མི་མང་ཡོངས་ཀྱི་ཚབ་ཞུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་།  གསོལ་འདེབས་རེ་འདུན་ཞུས་པ་ལྟར་ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་ནང་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་ལ་སྤྱན་གཟིགས་དང་འབྲེལ་ཕྱག་གནས་དང་། སློབ་ཕྲུག་དང་ཕ་མ་མི་མང་རྣམས་ལ་ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་སྐོར་ལ་བཀའ་སློབ་སྩལ་རྒྱུར་ཞལ་བཞེས་བཟང་པོ་ཐོབ་པར་བཀའ་དྲིན་ཆེ་ཞུ། ཞེས་དང་།

ལ་དྭགས་མི་མང་རྣམས་ཀྱིས་ནང་ཆོས་ཀྱི་གནད་འགག་ཤེས་ནས་ཆོས་དང་རིགས་ལམ་སོགས་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་ནི་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་དང་། གུས་འབངས་རྣམས་ཐུགས་བརྩེའི་སྐྱབས་འོག་ནས་ནམ་ཡང་མི་འདོར་བར་བརྩེ་གཟིགས་ཡོང་བ་ཞེས་གསོལ་འདེབས་དང་འབྲེལ། ཤེས་རབ་སྐྱེད་ཚལ་གླིང་ལོ་གསུམ་ནང་འགྲུབ་དགོས་པའི་ལམ་སྟོན་བཀའ་དགོངས་ཕེབས་དོན་བཞིན་ཕྱི་ལོ་ ༢༠༡༨ ལོར་མགོ་འཛུགས་དང་ཕྱི་ལོ་ ༢༠༢༠ ལོར་འཛུགས་སྐྲུན་ལེགས་པར་གྲུབ་སྟེ། སློབ་གྲྭ་ཁག་ནས་སློབ་ཕྲུག་ ༣༥༠ ལ་ཉིན་གྲངས་ ༤༥ རིང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སྐོར་ལ་སློབ་སྦྱོང་སྤྲད་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་ནད་ཡམས་ཀྱི་རྐྱེན་གྱིས་སློབ་ཕྲུག་ ༡༥༠ དང་། ཕྱི་ལོ་ ༢༠༢༢ ལོར་སློབ་ཕྲུག་ ༣༥༠ ལ་ཟབ་སྦྱོང་ལེགས་པར་ཕུལ་ཐུབ་པ་རྣམས་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་ཡིན་པ་དང་། མཐར་༸གོང་ས་མཆོག་ཁྲིག་རྩེ་དགོན་པར་༸ཞབས་སོར་འཁོད་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ༸གོང་ས་མཆོག་གི་བཀའ་སློབ་དགོངས་དོན་བཞིན་ད་བར་བསྒྲུབས་དང་སྒྲུབ་མུས་དང་། ཕྱིས་སུ་ཡང་བཀའ་དགོངས་སྒྲུབ་རྒྱུ་དམ་བཅའ་འབུལ་རྒྱུ་ཡིན་ཞེས་ཕེབས་བསུའི་གསུང་བཤད་གནང་བ་དང་།

དེ་རྗེས་སློབ་ཕྲུག་གཉིས་ཀྱིས་སྔ་ཕྱིར་བོད་ཨིན་སྐད་ཐོག་ཕེབས་བསུའི་གསུང་བཤད་གནང་དོན། ཁྲིག་རྩེ་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་གཉིས་ཀྱི་བཀའ་དྲིན་ལས་༸གོང་ས་མཆོག་གི་བཀའ་སློབ་ལ་ཉན་རྒྱུའི་སྐལ་བཟང་ཐོབ་པ་ལ་སྒོ་གསུམ་གུས་པ་དང་ལག་གཉིས་ཐལ་མོ་སྦྱར་ནས་བཀྲ་ཤིས་བདེ་ལེགས་དང་འཇུ་ལེ། ཞེས་དང་། བླ་མ་བཀའ་དྲིན་ཅན་གྱི་ཐུགས་དགོངས་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྦྱོང་བྱེད་ས་ཞིག་ཁྲིག་རྩེ་ཤེས་ཡོན་བསྟི་གནས་ཁང་དང་དཔེ་མཛོད་ཁང་གཉིས་ནས་གོ་སྒྲིག་གིས་ལ་དྭགས་ཀྱི་ཡུལ་གཤམ་སྟོད་ནུབ་ར། བྱང་ཐང་། ཟངས་དཀར། གླེ། དཀར་འཁྱིལ་སོགས་ཀྱི་སློབ་ཕྲུག་ཕོ་མོ་མང་པོར་ལོ་གསུམ་བཞིའི་རིང་དགུན་དུས་གུང་སེང་སྐབས་རིན་མེད་ཟུར་ཁྲིད་གནང་ཡོད་པ་ལ་མགོན་པོ་གང་ཉིད་མཆོག་དང་ཁྲིག་རྩེ་རིན་པོ་ཆེར་བཀའ་དྲིན་ཆེ་ཞུས་པ་དང་། མ་འོངས་པར་ལ་དྭགས་གཤམ་སྟོད་བར་གསུམ་གྱི་སློབ་ཕྲུག་ཡོངས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་ཐུགས་འགན་བཞི་དང་དམིགས་བསལ་དུ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སྐོར་ལ་སློབ་སྦྱོང་བྱས་ཏེ་གྲུབ་འབྲས་བཟང་པོ་ཞིག་མགྱོགས་པོར་ཡོང་བའི་དམ་བཅའ་འབུལ་རྒྱུ་ཡིན། བླ་མ་མཁྱེན། ཞེས་དང་། མགོན་པོ་གང་ཉིད་མཆོག་དགུང་གྲངས་བརྒྱ་དང་བཅུ་གསུམ་ལས་མང་བ་བཞུགས་ཏེ་ང་ཚོ་ཚང་མར་བཀའ་སློབ་ལམ་སྟོན་དང་བྱིན་རླབས་ཡང་ཡང་གནང་བའི་གསོལ་འདེབས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། འཇུ་ལེ། ཕྱག་འཚལ་ལོ།། ཞེས་གསུང་བཤད་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སྐོར་ལ་བཀའ་སློབ་སྩལ་དོན།

དེ་རིང་འདིར་ལ་དྭགས་སུ་ཡང་བསྐྱར་ཚར་གཅིག་སླེབས་ནས་ཁྱོད་རང་ཚོ་རྒན་བྱིས་མང་པོར་ཐུག་ནས་དངོས་གནས་དྲང་གནས་མཛའ་བརྩེའི་རྣམ་འགྱུར་ཧ་ཅང་གསལ་བོ་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལ་དྭགས་པའི་སྤྱི་ཚོགས་ནང་ཧ་ཅང་འཆམ་མཐུན་ཡོད། ཆོས་ལུགས་དང་རིགས་རུས་ཀྱི་ཁྱད་པར་ཡོད་མེད་ལ་མ་ལྟོས་པར་རྣམ་པ་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་མཉམ་གནས་བྱེད་དགོས། ང་ཁ་ཆེ་ཡིན། ང་ནང་པ་ཡིན། ང་གཅེར་བུ་བ་ཡིན། ང་ཡེ་ཤུ་པ་ཡིན་ཞེས་ཧ་ཅང་གིས་དང་དོད་བྱས་ན་ཕན་པ་ལས་གནོད་ཀྱི་ཡོད། ང་རང་ཚོ་ཚང་མ་མའི་མངལ་ལས་སྐྱེས་པའི་འགྲོ་བ་མི་རེད། ཕྲུ་གུ་ཆུང་ངུ་རྣམས་ལ་ཆ་བཞག་ན་ཁོང་ཚོས་ནམ་ཡང་ཁ་ཆེའི་ཆོས་ལུགས་དང་། ཡི་ཤུའི་ཆོས་ལུགས། ནང་པའི་ཆོས་ལུགས་གང་ཡིན་སྐོར་བསམ་བློ་གཏོང་གི་མ་རེད། ངོས་རང་ལ་ཆ་བཞག་ནའང་གཞི་རྩའི་ཆ་ནས་འགྲོ་བ་མི་ཞིག་རེད། ངོས་རང་གང་དུ་ཕྱིན་ཡང་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་བསམ་གྱི་ཡོད། འཛམ་གླིང་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་རེད། ང་ཚོ་ཚང་མ་སྐྱེ་སྟངས་དང་འཆི་སྟངས་གཅིག་པ་རེད། ང་ཚོ་ཡར་འཚར་ལོངས་བྱུང་རྗེས་ང་ཚོ་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་དོད་བྱེད་རྒྱུའི་ཚབ་ཏུ་ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས། ང་ཚོའི་རིགས་རུས་དང་ཁོང་ཚོའི་རིགས་རུས། ང་ཚོའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ་ཅེས་ཧ་ཅང་དང་དོད་བྱེད་ཀྱི་ཡོད། ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་དང་དོད་ཏག་ཏག་བྱེད་ཐུབ་ན་འགྲིག་གི་ཡོད། འོན་ཀྱང་། ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་དང་དོད་ཤུགས་ཆེ་དྲགས་ན་དཀའ་ངལ་འབྱུང་གི་ཡོད།

ངོས་ཀྱི་ལས་འགན་གཅིག་ནི་འཛམ་གླིང་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་གོང་མཐོར་གཏོང་གི་ཡོད། ང་ཚོ་གོ་ལ་འདིའི་སྟེང་གི་འགྲོ་བ་མི་གཅིག་གྱུར་ཡིན་པའི་སྐོར་བསམ་བློ་གཏོང་དགོས། ཆོས་ལུགས་དང་རིགས་རུས་ལ་བརྟེན་ནས་ཕན་ཚུན་དབྱེ་འབྱེད་བྱེད་ཀྱི་ཡོད་པ་དེ་ནི་ང་ཚོའི་བསམ་བློ་རང་གིས་བཟོས་པ་རེད། གཞི་རྩའི་ཆ་ནས་ང་ཚོ་འགྲོ་བ་མི་ཡིན་པ་གཅིག་པ་རེད། ང་ཚོ་སྐྱེས་པའི་སྐབས་མའི་བྱམས་བརྩེ་དང་འོ་མར་བརྟེན་ནས་འཚར་ལོངས་འབྱུང་གི་ཡོད། འཆི་བའི་སྐབས་གཡས་གཡོན་དུ་ཡོད་པའི་མི་རྣམས་ཀྱིས་བྱམས་སྐྱོང་གནང་ན་ང་ཚོ་དགའ་ཚོར་སྐྱེའི་རེད། ཆོས་དད་ཡོད་མེད་ལ་མ་ལྟོས་པར་གཙོ་བོ་སེམས་པ་བཟང་པོ་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། སེམས་པ་བཟང་པོ་ཡོད་ན་རང་ཉིད་ཞི་བདེ་དང་སྐྱིད་པ་ཡོང་གི་ཡོད།གཞོན་སྐྱེས་རྣམས་ཀྱིས་ངེས་པར་སེམས་པ་བཟང་པོ་བྱེད་རྒྱུའི་སྐོར་བསམ་བློ་གཏོང་དགོས། ཇི་ཙམ་གྱི་གོ་མཚོན་མང་བ་བཟོས་ན་དེ་ཚོད་ཀྱི་འགྲོ་བ་མི་བདེ་སྐྱིད་ལྡན་པ་ཡོང་གི་མ་རེད། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་གནའ་བོའི་རིག་གཞུང་སྙིང་རྗེ་དང་འཚེ་བ་མེད་པ་ཟེར་བ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་དང་།

གཞན་ཡང་། དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོས་རྒྱ་ནག་གི་སྲས་མོ་བཙུན་མོར་བཞེས་ཏེ་ཞལ་ཟས་སྣ་མང་གི་བྲོ་བར་རོལ་ཡང་། རྒྱ་ཡིག་རྙོག་དྲ་ཚ་བོར་གཟིགས་ཏེ་རྒྱ་གར་གྱི་ཡི་གེར་དཔེར་བལྟས་ནས་གསལ་བྱེད་སུམ་ཅུ་ཅན་གྱི་བོད་ཡིག་སྐབས་དེར་གསར་གཏོད་བྱས་པ་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ནཱ་ལེནྡྲའི་མཁས་པའི་དབང་པོ་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུས་ཀྱིས་ཁོང་གི་ལམ་སྟོན་ལྟར་བཀའ་བསྟན་བོད་བསྒྱུར་གནང་ཡོད་པས་དེང་གི་དུས་སུ་ན་ལེནྡྲའི་ཆོས་བརྒྱུད་འགྲེལ་བརྗོད་བྱེད་པ་ལ་བོད་ཡིག་ལེགས་ཤོས་ཡིན་པའི་སྐོར་ལ་བཀའ་སློབ་སྩལ་བ་མ་ཟད། དེང་གི་དུས་སུ་རྒྱ་ནག་གི་དགེ་རྒན་ཆེན་མོ་ཁ་ཤས་ཀྱིས་བོད་ཀྱི་ནང་བསྟན་ནི་ཚན་རིག་དང་མཐུན་པའི་ངོས་འཛིན་དང་ཆེ་བསྟོད་བྱེད་བཞིན་པ་སོགས་ངོ་སྤྲོད་དང། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་སྐོར་ལ་བཀའ་སློབ་བཀའ་དྲིན་སྩལ་རྗེས་སློབ་ཕྲུག་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་ཏེ། ཆུ་ཚོད་བཅུ་གཅིག་ཡོལ་ནས་ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་དུ་ཉིན་གུང་ལྗགས་སྨིན་གནང་རྗེས་ལྕོག་ལམ་ས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།། །།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།