༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ལ་དྭགས་ཀྱི་ནང་པ་དང་ཁ་ཆེ། ཡི་ཤུ་བཅས་ཀྱི་ལྷ་ཁང་དང་མཆོད་ཁང་དུ་གནས་གཟིགས་མཛད་པ། ༢༠༢༢ ཟླ་བ་ ༧ ཚེས་ ༢༣

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ཇོ་ཁང་དང་། ལ་དྭགས་གླེ་ཁ་ཆེ་སུན་ནི་དང་ཞི་ཡཱ་མཆོད་ཁང་། དེ་བཞིན་མཱོ་རཱ་ཝིན་ཡི་ཤུའི་མཆོད་ཁང་(Moravian Church)བཅས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།

དེ་ཡང་ཞོགས་པའི་ཆུ་ཚོད་ ༧།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྕོག་ལམ་ས་ཞི་བའི་ཚལ་ཕོ་བྲང་ནས་ཆིབས་འཁོར་བརྒྱུད་གླེ་ཇོ་བོའི་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐབས་ཕེབས་ལམ་དུ་ལ་དྭགས་རང་སྐྱོང་ལྗོངས་ཀྱི་བདེ་སྲུང་མི་སྣས་ཕེབས་ལམ་གྱི་སྲུང་བྱ་འཐུས་གཙང་དང་། དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་དར་དཀར་དང་བདུག་སྤོས་བཟུང་སྟེ་ཕེབས་བསུ་གཟབ་རྒྱས་དང་བཅས་ཇོ་ཁང་དུ་༸ཞབས་སོར་འཁོད་པ་དང་། ཇོ་ཁང་དུ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱི་དགེ་འདུན་པ་རྣམས་ཀྱིས་སེར་སྦྲེང་དང་བཅས་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་རྟེན་གཙོ་ཇོ་བོའི་སྐུ་བརྙན་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་ལ་མཆོད་མཇལ་ཞུས་རྗེས་༸བཞུགས་ཁྲིར་འཁོད་དེ་ལ་དྭགས་ནང་པའི་ཚོགས་འདུ་དང་། དགོན་པ་ཚོགས་པ་ནས་མནྜལ་རྟེན་གསུམ་འདེགས་འབུལ་དང་། རྟེན་འབྲེལ་གྲོ་མ་འབྲས་སིལ་འབུལ་བཞེས་བསྐྱངས་པ་དང་། དེ་འབྲེལ་རྒྱུན་ཆག་གསུམ་པ་དང་ཤེས་རབ་སྙིང་པོ་བཅས་གསུང་འདོན་གནང་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་སྩལ་དོན།

ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོ་ཚང་མ་ངོ་ཤེས་རྙིང་པ་དང་ངོ་ཤེས་འགྱུར་བ་མེད་པ་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ། ངོས་རང་ཡང་བསྐྱར་ལ་དྭགས་ལ་སླེབས་པ་དང་ཁྱོད་ཚོ་ཚང་མ་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། ངོས་ཀྱི་ངོས་ནས་ཆ་བཞག་ནའང་བསྟན་པའི་ཞབས་འདེགས་སྒོ་གང་ས་ནས་སྒྲུབ་ཐུབ་པར་སེམས་བསྐྱེད་པ་དང་སྨོན་ལམ་རྒྱག་བཞིན་ཡོད། དེར་བརྟེན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་དང་། བསམ་གཏན་ཀློག་པའི་ལས་དག་གིས།། ལུས་ལ་སྙིང་པོ་བླངས་པར་བྱ།། ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི།། བསམ་པ་ནམ་ཡང་མི་བྱའོ།། ཞེས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བཤད་པ་དང་སྒྲུབ་པའི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་དགོས་པ་ལས་ལུས་ལ་ཆོས་གོས་སྣམ་སྦྱར་གྱོན་པ་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཕན་གྱི་མ་རེད། ཅེས་གསུངས་པ་རེད། སྔོན་མ་ནས་ངོས་རང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་མང་པོར་སླེབས་པའི་སྐབས་སུ། སངས་རྒྱས་ཀྱི་བསྟན་པ་ཞེས་པ་ནི་འདོན་པ་བཏོན་ནས་སྡོད་རྒྱུ་གཅིག་པུའི་སྐད་ཆ་མ་ཡིན་པར་སྡེ་སྣོད་གསུམ་གྱི་འཆད་ཉན། བསླབ་པ་གསུམ་གྱི་ཉམས་ལེན་བཤད་པ་དང་སྒྲུབ་པའི་ཐོག་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་ཞིག་དགོས་པ་རེད། ཅེས་བརྗོད་པ་ཡིན། ཞེས་བཀའ་སློབ་སྩལ་བ་ལ་དྭགས་ཡུལ་སྐད་དུ་གསུང་བསྒྱུར་ཞུས་ཡོད་པ་དང་།


དེ་རྗེས་གླེ་ཇོ་བོའི་གཙུག་ལག་ཁང་གི་ཉེ་ཁུལ་དུ་ཡོད་པའི་ཁ་ཆེའི་སུན་ནི་(Sunni Mosque)ཆོས་བརྒྱུད་ཀྱི་མཆོད་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། གླེ་ཇཱ་མཱེ་མཱར་ཇའེ་(Jamia marjia leh) ཞེས་པའི་སུན་ནི་མཆོད་ཁང་ལ་ཕེབས་ལམ་དུ་ཁ་ཆེ་དང་ནང་པ་སོགས་དད་ལྡན་བརྒྱ་ཕྲག་མང་པོས་ཕེབས་བསུ་དང་བཅས་མཆོད་ཁང་དུ་ཞབས་སོར་འཁོད་མཚམས་ཁ་ཆེའི་ཆོས་དཔོན་གྱིས་རང་ལུགས་ལྟར་ཞི་བདེའི་སྨོན་ལམ་གསུང་འདོན་གྱིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཞུས་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་འབྲེལ་གྱི་གལ་ཆེའི་གནས་བབ་དང་འབྲེལ་རྒྱ་གར་ནང་གི་ཆོས་ལུགས་མཐུན་འབྲེལ་སྐོར་ལ་བཀའ་སློབ་སྩལ་བ་མ་ཟད། འཚེ་མེད་ཞི་བའི་ཁྱད་ཆོས་དང་དེ་ཉམས་ལེན་བྱེད་གལ་ཆེའི་སྐོར་སོགས་བཀའ་སློབ་སྩལ་བ་དང་། མཐར་ཀ་ཤི་མི་རི་ནས་ཕེབས་པའི་རྒྱ་གར་གྱི་གཞུང་ཞབས་ལྕམ་སྐུ་ཞིག་གིས་ཀ་ཤི་མི་རུ་ལ་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་པས་མགོན་པོ་གང་ཉིད་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་དང་། ཀ་ཤི་མི་རི་ལ་ཐུགས་སྨོན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་གང་ཉིད་མཆོག་ཀ་ཤི་མི་རིར་ཐེངས་ཁ་ཤས་ལ་ཕེབས་ཟིན་པ་དང་། ཆོས་ལུགས་མ་འདྲ་བ་མང་པོ་ཡོད་ཀྱང་སྙིང་རྗེ་དང་བྱམས་བརྩེ་ནི་ཆོས་ལུགས་ཚང་མས་གཅིག་མཚུངས་གསུང་བཞིན་པ་སོགས་བཀའ་སློབ་སྩལ་བ་དང་། སུན་ནི་ཆོས་བརྒྱུད་ཀྱི་གནད་ཡོད་མི་སྣ་ཞིག་གིས་དེ་སྔ་ཕྱི་ལོ་ ༢༠༡༤  ལྡི་ལིར་ཆོས་ལུགས་མཐུན་འབྲེལ་གྱི་ཚོགས་ཆེན་ཞིག་ཚོགས་གནང་བ་དེ་བཞིན་སླར་ཡང་འཚོག་རྒྱུར་གསོལ་འདེབས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་དེ་ཡག་པོ་ཡོད་པ་བཀའ་ཕེབས་པ་དང་། དེ་ནས་ཁ་ཆེའི་ཞལ་ཟས་སྣ་ཁ་ཤས་འདེགས་འབུལ་ཞུས་པར་ལྗགས་བྲོ་མྱང་བ་དང་། སྐུ་པར་ལྷན་སྒྲོན་གནང་སྟེ་གནས་གཟིགས་ལེགས་པར་གྲུབ།

དེ་ནས་སུན་ནི་མཆོད་ཁང་ཉེ་འགྲམ་གྱི་ཁ་ཆེའི་ཆོས་བརྒྱུད་ཞི་ཡཱ་མཆོད་ཁང་(Shia Mosque)དུ་གནས་གཟིགས་ལ་ཆིབས་བསྒྱུར་སྐབས་ཞི་ཡཱ་མཆོད་ཁང་གི་ཆོས་དཔོན་དང་། ཁ་ཆེའི་ཆོས་པ་གནད་ཡོད་ཁག་ཅིག་གིས་ཕེབས་བསུ་དང་བཅས་༸ཞབས་སྟེགས་སུ་འཁོད་མཚམས་ཆོས་དཔོན་གྱིས་རང་ལུགས་སྨོན་ལམ་གསུང་འདོན་དང་། འཇིག་རྟེན་ཞི་བདེའི་སྐོར་ལ་གསོལ་འདེབས་དང་སྨོན་ལམ་གསུང་འདོན་དང་འབྲེལ་ལ་དྭགས་ནང་ཆོས་ལུགས་ཚང་མ་མཐུན་འབྲེལ་ཐོག་མཉམ་གནས་བྱེད་བཞིན་པ་སོགས་ཕེབས་བསུའི་གསུང་བཤད་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་སྩལ་དོན།

དེ་རིང་ཞི་ཡཱ་མཆོད་ཁང་དུ་སླེབས་ནས་ཧ་ཅང་དགའ་བོ་བྱུང་། དགའ་བསུའི་སྣེ་ལེན་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་ད་ལྟའི་མི་ཚེ་འདིར་དམ་བཅའ་གལ་ཆེ་བ་གཅིག་ནི་ཆོས་ལུགས་ཚང་མ་མཐུན་འབྲེལ་བྱུང་ན་བསམ་སྟེ་འབད་བརྩོན་བྱེད་བཞིན་ཡོད། ངོས་རང་ལྡི་ལི་སོགས་སུ་ཁ་ཆེ་མཆོད་ཁང་དུ་སླེབས་སྐབས་ཞྭ་མོ་དཀར་པོ་འདི་གྱོན་ནས་གུས་ཞབས་དང་སྨོན་ལམ་རྒྱག་བཞིན་ཡོད། དེ་བཞིན་ཇེན་གྱི་ལྷ་ཁང་ལའང་ངོས་རང་ཕྱིན་ནས་སྨོན་ལམ་བརྒྱབ་པ་ཡིན། ཆོས་ལུགས་ཚང་མ་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད་ཀྱང་སེམས་པ་བཟང་པོ་དང་མི་ལ་ཕན་སེམས་བྱེད་དགོས་པའི་བསླབ་བྱ་གཅིག་མཚུངས་རེད། ལྟ་གྲུབ་ཀྱི་ཐོག་ལ་མི་འདྲ་བ་ཡོད་པ་རེད། དཔེར་ན། ནང་པ་རང་ལ་ཆ་གཞག་ནའང་ལྟ་གྲུབ་མི་འདྲ་བ་ཡོད། ནང་པའི་ནཱ་ལེནྡྲའི་ལྟ་གྲུབ་ནང་དུ་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་དང་། དབུ་མ་པ་ལའང་ནང་གསེས་ཀྱིས་རང་རྒྱལ་པ་དང་ཐལ་འགྱུར་བ་ཞེས་མི་འདྲ་བ་མང་པོ་ཡོད། ལྟ་གྲུབ་མི་འདྲ་བ་ཡོང་གི་ཡོད་ཀྱང་ཚང་མས་གཞན་ཕན་སྒྲུབ་རྒྱུ་ནི་གཅིག་མཚུངས་སུ་གསུངས་ཡོད། ཅེས་དང་།

ངོས་རང་ཆུང་ཆུང་སྐབས་སྐྱེས་ཡུལ་དུ་ཁ་ཆེ་མང་པོ་ཡོད་པ་དང་། ལྷ་སར་སླེབས་རྗེས་ཁ་ཆེའི་ཚོང་པ་དངོས་གནས་ཡག་པོ་དེ་འདྲ་ཡོད། བོད་གཞུང་གི་མཛད་སྒོ་གང་ཡིན་ལ་ལྷ་སའི་ཁ་ཆེ་ཚོ་འཆར་ཅན་ཡོང་གི་རེད། ངོས་ཀྱིས་ཆོས་ལུགས་ཚང་མ་མཐུན་འབྲེལ་ཡོང་བར་ཧ་ཅང་འབད་བརྩོན་བྱེད་བཞིན་ཡོད། དེ་རིང་འདིར་སླེབས་ནས་སྣེ་ལེན་དགའ་བསུ་གནང་བ་དང་། སྨོན་ལམ་མཉམ་དུ་བརྒྱབ་པར་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ། ཞེས་དང་།

སྤྱི་ཡོངས་ནས་རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་ནི་ངོམ་ཆོག་པ་ཞིག་རེད། ལ་དྭགས་ལ་མཚོན་ནའང་ཆོས་ལུགས་སྣ་ཚོགས་དམ་ཚིག་གཅིག་སྒྲིལ་བྱས་ཏེ་ཧ་ཅང་ཡག་པོ་རེད། སྲིད་དོན་ལྟ་བུའི་ཐོག་ནས་འཐེན་འཁྱེར་བྱེད་པ་ནི་ཡོང་སྲིད་པ་ཞིག་དང་། ཆོས་ལུགས་ཀྱི་ཐོག་ནས་ཕན་ཚུན་འཐེན་འཁྱེར་བྱས་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་རེད། ང་ཚོ་ཚང་མར་སེམས་པ་བཟང་པོ་བྱེད་པའི་བསླབ་བྱ་གཅིག་མཚུངས་ཡོད། ཆོས་ལུགས་མཐུན་འབྲེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། ཅེས་དང་། རྡ་རམ་ས་ལར་ཆར་བ་ཤུགས་ཆེན་པོ་ཡོད་པས་ངོས་ཀྱི་པུས་མོ་ཅུང་ཙམ་མ་བདེ་བ་འདུག ལ་དྭགས་ས་སྐམ་པོ་ཡིན་པས་བདེ་བ་འདུག འདིར་ས་གནས་མི་མང་རྣམས་ཆོས་ལུགས་དབྱེ་བ་མེད་པར་ཚང་མས་ངོས་ལ་དགའ་བསུ་བྱེད་བཞིན་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་ཁ་ཆེའི་མཆོད་ཁང་གཉིས་ཀར་བཀའ་སློབ་སྩལ་རྗེས་ཞི་ཡཱ་ཆོས་བརྒྱུད་འཛིན་པ་ཚོ་དང་ལྷན་དུ་སྐུ་པར་ལྷན་སྒྲོན་མཛད།

དེ་རྗེས་གླེ་ཡི་མཱོ་རཱ་ཝིན་ཡི་ཤུའི་མཆོད་ཁང་(Moravian Church) དུ་ཆིབས་བསྒྱུར་གྱིས་གནས་གཟིགས་མཛད་ཡོད་པ་དང་།  སྐབས་དེར་ཡི་ཤུའི་ཆོས་དཔོན་དང་ཆོས་ཁང་གི་ཚོགས་གཙོ་གཞོན་གྱིས་མཇལ་ཁ་ཞུས་རྗེས་གླེ་ཡི་ཡི་ཤུ་ཆོས་ལུགས་པའི་བྱུང་རབས་དང་གནས་སྟངས་༸སྙན་སེང་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་དུ་དཀོན་མཆོག་གིས་བསྐྲུན་པ་སོགས་ཕེབས་བསུའི་གསུང་བཤད་གནང་བ་དང་། དེ་ནས་ཡི་ཤུའི་ཆོས་ཀྱི་རྗེས་འབྲང་པ་ཁག་ཅིག་གིས་ཡི་ཤུའི་མཆོད་དབྱངས་གསུངས་འདོན་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་རྣམས་མི་ཚེ་ཐོག་མ་མགོ་ཚུགས་པ་ནས་མ་ཡི་བྱམས་བརྩེས་བསྐྱངས་ཤིང་མཐར་འཆི་བའི་ཚེ་ནའང་བྱམས་བརྩེའི་ངང་ཤི་དགོས་པས་འགྲོ་བ་མི་རྣམས་གཅིག་མཚུངས་ཡིན་པ་དང་། འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས་བཟུང་བའི་ཐོག་ནས་ཕན་ཚུན་ལ་བསམ་ཤེས་བྱ་རྒྱུ་གལ་ཆེ་ཡིན་པ་དང་། ཆབ་སྲིད་སོགས་ཀྱི་ཐོག་ནས་མི་མཐུན་པ་ཕྲན་བུ་ཡོང་གི་ཡོད་ཀྱང་། དེ་དག་གནས་ཚུལ་ཆུང་ཆུང་ཡིན་སྐོར་སོགས་བཀའ་སློབ་སྩལ་རྗེས། ཡི་ཤུ་ཆོས་དཔོན་ནས་རང་ལུགས་སྨོན་ལམ་གྱི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་བཞེད་དགོངས་འགྲུབ་པ་དང་། སྐུའི་ཞབས་པུས་ན་བཞིན་པ་བདེ་ཐང་ཡོང་བ་དང་སྐུ་ཚེ་ཞབས་པད་བརྟན་ཆེད་དཀོན་མཆོག་ལ་གསོལ་བ་འདེབས་ཀྱི་ཡིན་ཞེས་དང་། ལ་དྭགས་གླེ་རུ་ཡི་ཤུ་བ་ཧ་ཅང་ཉུང་ཉུང་ཙམ་ལས་མེད་ཀྱང་གཟིགས་པ་ཆེན་པོས་ཆིབས་བསྒྱུར་བསྐྱངས་པ་ལ་ཐུགས་རྗེ་ཆེ་སོགས་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྕོག་ལམ་ས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད། ཡི་ཤུ་ལྷ་ཁང་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་ ༡༩༨༤ ལོར་ཐེངས་དང་པོར་ཆིབས་བསྒྱུར་བསྐྱངས་པ་དང་། ཐེངས་འདིར་ཆིབས་བསྒྱུར་བསྐྱངས་ཐེངས་གཉིས་པ་ཡིན་པའི་༸སྙན་སེང་ཞུས་ཡོད་པ་བཅས།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།