༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེནྡྲ་མོ་དི་ (Narendra Modi) མཆོག་གི་ཡུམ་ཚེས་ ༢༩ ཐོ་རངས་ཆུ་ཚོད་ ༣།༣༠ ཙམ་ལ་དགུང་གྲངས་ ༩༩ ཐོག་སྐུ་ཚེའི་འཕེན་པ་རྫོགས་པར་གནས་མཆོག་རྡོ་རྗེ་གདན་ནས་སྲིད་བློན་མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
ངོས་ཀྱིས་སྐུ་ཉིད་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ད་ལྟ་ངོས་རང་གནས་མཆོག་རྡོ་རྗེ་གདན་དུ་སྡོད་མུས་ཡིན་ལ། ངོས་ཀྱིས་སྐུ་ཉིད་ཀྱི་ཡུམ་དམ་པ་དེ་ཉིད་ཀྱི་ཆེད་དུ་བསྔོ་བ་སྨོན་ལམ་འདེབས་རྒྱུ་ཡིན། སྐུ་ཉིད་ཀྱི་ཡུམ་དམ་པ་དེ་ཉིད་དགུང་གྲངས་ ༩༩ བར་བཞུགས་པ་རེད། དམ་པ་ཁོང་གིས་རང་གི་བུ་རྒྱ་གར་རྒྱལ་ཁབ་ཆེན་པོ་འདིའི་སྲིད་བློན་ཆགས་པར་དགའ་སྤོབས་སྐྱེས་ཡོད་ཤག་རེད། ཅེས་དང་། མཐར་མགོན་པོ་གང་ཉིད་མཆོག་གིས་ཐུགས་སྨོན་མཛད་ཡོད་པ་བཅས།།