༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་པ། ༢༠༢༢ ཟླ་བ་ ༡༢ ཚེས་ ༣༠

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པའི་བཀའ་ཆོས་འཕྲོ་སྐྱོང་དང་། ཉི་ཧོང་གི་ཧི་རོ་ཞི་མ་(Hiroshima)ནས་རྡུལ་ཕྲན་མཚོན་ཆའི་འོག་མི་མང་པོ་འཆི་སྐྱོན་བྱུང་བར་བློ་ཕམ་བྱུང་བ་སོགས་བཀའ་སློབ་དང་། ནད་ཡམས་མཚམས་ཆོད་པའི་ཆེད་དུ་མ་ཎི་ཡིག་དྲུག་དང་སྒྲོལ་མའི་གཟུངས་སྔགས་གྲངས་གསོག་གནང་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གདན་གྱི་དགའ་ལྡན་འཕེལ་རྒྱས་གླིང་ནས་ཀོར་ཧྥུ་རླངས་འཁོར་(Golf cart)ལ་བཞུགས་སྟེ་དུས་དབང་གསུང་ཆོས་རྭ་བར་ཆིབས་བསྒྱུར་སྐབས་རྡོར་གདན་གསུང་ཆོས་ཉིན་གཉིས་པའི་སྦྱིན་བདག་རྩེ་ཐང་ཕྱག་མཛོད་བུ་བཀྲ་ཤིས་རྡོ་རྗེ་དང་བློ་བཟང་བསྟན་པ་ཐུན་མོང་གི་ཁྱིམ་ཚང་། གཉའ་ནང་ངག་དབང་རྣམ་རྒྱལ་ཁྱིམ་ཚང་། ཚེ་འདས་ཏྲེ་ཧོར་ཐུབ་བསྟན་དཔལ་འབྱོར་ཁྱིམ་ཚང་བཅས་ཀྱི་མི་རེ་ནས་གསུང་ཆོས་ར་བའི་སྡིངས་ཆའི་འགྲམ་ནས་བཞུགས་ཁྲིའི་བར་སྤོས་སྣེས་མདུན་བསུ་དང་བཅས་བཞུགས་ཁྲིར་འཁོད་མཚམས་རོ་ཌི་ལྟེ་གནས་སློབ་གྲྭའི་(the Root Institute School) སློབ་ཕྲུག་བཅོ་ལྔས་ལེགས་སྦྱར་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། ཉིན་གཉིས་པའི་གསུང་ཆོས་སྦྱིན་བདག་ཁྱིམ་ཚང་རེ་ནས་མི་བཞི་རེ་ཡིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

གནས་མཆོག་རྡོ་རྗེ་གདན་དུ་ཡང་བསྐྱར་ཆོས་འབྲེལ་བྱེད་ཀྱི་ཡོད་པས་ཧ་ཅང་བསྐལ་བ་བཟང་པོ་རེད། བཅོམ་ལྡན་འདས་སྐུ་དངོས་ཀྱིས་ཞབས་བཅགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའི་གནས་ཁྱད་པར་ཅན་རེད། དེ་རིང་ཡང་བསྐྱར་ང་ཚོ་འདིར་འཛོམས་པ་རེད། ཐུགས་རྗེ་ཆེ། ཅེས་བཀའ་སློབ་དབུ་འཛུགས་ཀྱིས་ཉི་ཧོང་གི་ཧི་རོ་ཞི་མ་(Hiroshima)ནས་རྡུལ་ཕྲན་མཚོན་ཆའི་འོག་མི་མང་པོ་འཆི་སྐྱོན་བྱུང་བར་བློ་ཕམ་བྱུང་བའི་སྐོར་ལ་བཀའ་སློབ་སྩལ་དོན།

དེ་རིང་མར་མེའི་རྒྱུན་འདི་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པའི་ཧི་རོ་ཞི་མ་(Hiroshima)ནས་རེད། ཧི་རོ་ཞི་མ་ལ་ངོས་རང་སླེབས་མྱོང་ཡོད། ངོས་ཀྱིས་ཧི་རོ་ཞི་མའི་ལོ་རྒྱུས་ཏོག་ཙམ་ཤེས་ཀྱི་ཡོད་པས་སྐབས་དེར་རྡུལ་ཕྲན་མཚོན་ཆའི་འོག་ཤི་བའི་མི་རྣམས་དྲན་ནས་སེམས་ཧ་ཅང་སྐྱོ་སོང་། འཛམ་གླིང་འདིར་རྡུལ་ཕྲན་མཚོན་ཆ་མེད་པ་ཞིག་བྱུང་ན་ཅི་མ་རུང་བསམ་པའི་སྨོན་ལམ་མང་པོ་བརྒྱབ་པ་ཡིན། དུས་ད་ལྟའི་བར་དུ་དམག་འཁྲུག་མུ་མཐུད་ནས་འགྲོ་གི་ཡོད་པ་རེད། མི་གསོད་ཁྲག་སྦྱོར་མུ་མཐུད་ནས་བྱེད་ཀྱི་ཡོད་ཀྱང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་ཏེ་དམག་འཁྲུག་མཚམས་ཆད་པ་ཞིག་ད་ཕན་བྱུང་མེད། ད་ཕལ་ཆེར་ཡོང་གི་མ་རེད། འཛམ་གླིང་གང་སར་རྡུལ་ཕྲན་མཚོན་ཆ་ལ་ངོ་རྒོལ་བྱེད་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དངོས་ཡོད་གནས་ཚུལ་ལ་བསམ་བློ་འཁོར་མཁན་ཚོར་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པ་ཡིན་ན་སྲོག་ཆགས་མང་པོས་སྡུག་བསྔལ་མྱོང་གི་ཡོད་པ་ཧ་ཅང་གསལ་བོ་རེད། གནས་ཁྱད་པར་ཅན་འདིར་དེ་རིང་ཧི་རོ་ཞི་མའི་མེའི་རྒྱུན་ཞིག་ཡོད་པ་བྱས་ཏེ་ང་ཚོས་སྨོན་ལམ་རྒྱག་པའི་གོ་སྐབས་བྱུང་བ་རེད། ཅེས་དང་།

མུ་མཐུད་ནས་ནད་ཡམས་རྒྱུན་ཆོད་པའི་ཆེད་དུ་ཐུགས་སྨོན་གནང་དགོས་པའི་སྐོར་ལ་བཀའ་སློབ་སྩལ་དོན། དེང་སང་གི་དུས་ཚོད་འདིར་འཛམ་གླིང་ལ་དམག་འཁྲུག་གི་ཉེན་ཁ་ཏོག་ཙམ་ཆུང་དུ་ཕྱིན་ཀྱང་། ནད་ཡམས་ཀྱི་སྡུག་བསྔལ་གསར་པ་ཞིག་སླེབས་ཡོང་གི་འདུག དེར་བརྟེན། ང་ཚོ་ཚང་མས་འདུན་པ་རྩེ་གཅིག་གི་ཐོག་ནས་ནད་ཡམས་རིམ་པར་རྒྱུན་ཆོད་པ་ཞིག་ལ་ཐུགས་སྨོན་གནང་དགོས་པ་རེད། ནད་ཡམས་འདི་དགའ་རབ་དངངས་སྐྲག་ཆེ་ཙམ་འདུག རྒྱ་ནག་ཏུ་ནད་ཡམས་འདི་དགའ་རབ་ཛ་དྲག་འདུག རྒྱ་གར་དུའང་ནད་ཡམས་འདི་ས་གནས་འགའ་ཤས་སུ་ཡོང་གི་ཡོད་པ་རེད། ང་ཚོ་ཚང་མ་མི་གཅིག་མཚུངས་དང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མནར་བའི་་ཚོར་བ་གཅིག་གྱུར་ཡིན་པས་དེ་རིང་འདུས་ཚོགས་འདིར་སྒྲོལ་མའི་གཟུངས་སྔགས་དང་མ་ཎི་ཏོག་ཙམ་གསགས་ནས་ནད་ཡམས་འདི་རྒྱུན་ཆོད་པ་ཞིག་ལ་ཚང་མས་ཐུགས་སྨོན་གནོངས། ཞེས་བཀའ་སློབ་སྩལ་རྗེས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་མ་ཎི་ཡི་གེ་དྲུག་མ་དང་། རྗེ་བཙུན་འཕགས་མ་སྒྲོལ་མའི་གཟུངས་སྔགས་གྲངས་གསོག་མཛད།

དེ་རྗེས་གསོལ་ཇའི་བར་གསེང་ཅུང་ཙམ་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་ཀྱི་ཁྱད་པར་སྐོར་ལ་བཀའ་སློབ་སྩལ་དོན། དེ་རིང་རྡོ་རྗེ་གདན་གནས་ཁྱད་པར་ཅན་འདིར་ཚོགས་འཚོགས་ཤིང་སྨོན་ལམ་བརྒྱབ་པའི་ཉིན་གཉིས་པ་རེད། གནས་ཀྱི་ཁྱད་པར་ཞིག་ཡོད་པ་རེད། སྤྱིར་བཏང་གི་གསོལ་མགྲོན་ཁང་ཆེན་པོ་ཞིག་གི་ནང་དུ་སྒོམ་བརྒྱབ་པ་དང་། སྔོན་གྱི་སྐྱེས་བུ་དམ་པ་མང་པོས་བྱིན་གྱིས་རླབས་པའི་གནས་ཤིག་ཏུ་སྒོམ་བརྒྱབ་པ་གཉིས་ལ་ནུས་པ་མི་འདྲ་བའི་ཁྱད་པར་ཏན་ཏན་ཡོད་ས་རེད། གནས་ཁྱད་པར་ཅན་རྡོ་རྗེ་གདན་ནས་གང་ཟག་སོ་སོའི་ངོས་ནས་ཀུན་སློང་ཡག་པོ་ཞིག་གསལ་བཏབ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་དཔྱད་སྒོམ་དང་འཇོག་སྒོམ་ཟུང་འབྲེལ་གྱིས་ཆུ་ཚོད་གཅིག་གམ་ཕྱེད་ཀ་ལ་སྒོམ་སྐྱོན་ནས་བཞུགས་ཚེ་གནས་ཀྱི་ཁྱད་པར་དབང་གིས་དམིགས་བསལ་གྱིས་བྱིན་རླབས་ཡོང་ཐུབ་པ་ཞིག་ཡོད་པ་རེད།

ཁ་སང་སེམས་བསྐྱེད་ཀྱི་སྡོམ་པ་ཞུས་པ་ནི་ཆོས་ཀྱི་སྙིང་པོ་རེད། དེ་རིང་སང་ཉིན་དུས་ཚོད་ཡོད་མཁན་ཚོ་ས་ཆ་འདིར་འཛོམས་ནས་གཙོ་བོ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། དེ་དང་འབྲེལ་ནས་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་ཐུབ་ན་ཡག་པོ་ཡོང་གི་རེད། འདི་ཁྱོད་རང་ཚོར་དྲན་སྐུལ་ཞུས་པ་ཡིན། དགོངས་པར་ཆོངས། ངོས་ཀྱིས་བཤད་ལུང་གི་རྒྱུན་ཞུ་བཞིན་ཡོད། གཙོ་བོ་རྒྱུན་དུ་སོ་སོས་བསླབ་པ་སློབ་གཉེར་གྱིས་སེམས་ལ་གོ་བ་ཡག་པོ་ཆགས་པ་དེ་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་ཉི་མ་དང་ཟླ་བ། ལོ། མི་ཚེ་གང་བོར་བསམ་བློ་བཏང་བ་ཡིན་ན་ག་ལེར་སེམས་ལ་ཏན་ཏན་འགྱུར་བ་འགྲོ་རྒྱུ་ཡོད་པ་རེད། འདུས་བྱས་སོ་ན་མི་གནས་པ་ཞེས་པ་བདེན་པ་རེད། ཁྱོད་ཚོས་ནམ་རྒྱུན་བསམ་བློ་བཏང་ནས་མྱོང་བ་ཏོག་ཙམ་ཡོད་པ་ཡིན་ན། དེ་རིང་ནས་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་བསམ་བློ་བཏང་ནས་མྱོང་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་མྱོང་བ་ཉིན་ཤས་རིང་ཏན་ཏན་ཡར་རྒྱས་ཕྱིན་འདུག་བསམ་པ་ཞིག་ལ་ཧུར་ཐག་གནོངས། གང་ལྟར་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པ་གཉིས་ལས་ལྷག་ཡོད་པ་མ་རེད།

བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དང་པོ་གསུང་མཁན་དང་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད་ལ་སོགས་པ་གནས་འདིར་ཕེབས་ནས་སྒོམ་བསྐྱོན་པ་དང་། མྱོང་བ་བཏོན་སའི་ས་ཆ་ཆགས་ཡོད། དེ་ལྟ་བུའི་ཆ་ནས་བྱིན་གྱིས་བརླབས་པའི་གནས་ཤིག་ཆགས་ཡོད་པས་ང་ཚོས་ཀྱང་། སྟོན་པ་དང་དེའི་རྗེས་འབྲང་གི་མཁས་པ་དང་གྲུབ་པའི་ཁྱུ་མཆོག་རྣམས་རྣམ་པར་དག་པར་ཡིད་ལ་དྲན་པའི་ཐོག་ནས་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ། ད་ལྟ་བཤད་པ་མ་ཐག་པ་ལྟར་བསམ་བློ་བཏང་བ་ཡིན་ན་དངོས་གནས་དྲང་གནས།  རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། གསུངས་པ་ལྟར། རང་དོན་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས་དང་། གཞན་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས། འཕྲལ་དུ་བདེ་བའང་བྱང་ཆུབ་ཀྱི་སེམས། ལུས་བདེ་བའང་བྱང་ཆུབ་ཀྱི་སེམས། སེམས་སྐྱིད་པའང་བྱང་ཆུབ་ཀྱི་སེམས། ལུས་བདེ་དང་སེམས་སྐྱིད་པའི་ཐོག་ནས་མི་ཚེ་རིང་པོར་སྡོད་ཐུབ་པའི་ཚེ་སྒྲུབ་ཀྱི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་སྒོམ་པ་ཏན་ཏན་རེད། དེའི་གྲོགས་སུ་སེམས་རྒྱུད་ཀྱི་སྡུག་བསྔལ་སེལ་ཐུབ་ཀྱི་རེད་དམ་ཞེ་ན་སྟོང་ཉིད་ཀྱི་ལྟ་བར་འབྲེལ་བ་ཡོང་གི་ཡོད། ང་ཚོའི་བློའི་སྐྱོན་ཚང་མ་ཆོས་རྣམས་བདེན་གྲུབ་ཏུ་འཛིན་པའི་བདེན་འཛིན་གྱིས་ཡོང་གི་ཡོད་པ་ཧ་ཅང་གསལ་བོ་རེད། དེར་བརྟེན། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བ་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་འབྲེལ་ནས་བསམ་བློ་ཏོག་ཙམ་གཏོང་ཐུབ་ན་ཉིན་རེ་བཞིན་དུ་མཐོང་ཚུལ་ལ་སེམས་ལ་འགྱུར་བ་ཐེབས་པ་ཞིག་དང་། སེམས་ལ་ཞི་བདེ་སླེབས་པའི་མྱོང་བ་ཕལ་ཆེར་སོ་སོས་འབད་བརྩོན་བྱས་ན་ཡོང་ཐུབ་པ་རེད། སྟོན་པ་བཅོམ་ལྡན་འདས་ལ་སྒྲུབ་པའི་མཆོད་པ་གཙོ་བོ་འདི་རེད།

སྟོན་པའི་རྗེས་འབྲང་གི་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཉམས་བཞེས་འདི་ལྟ་བུ་གནང་སྟེ་ས་ལམ་གྱི་རྟོགས་པ་བགྲོད་ནས་མཐར་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ཐུབ་པར་གསུངས་ཡོད། ང་ཚོ་དེའི་རྗེས་འབྲང་ཡིན་པས་ཁ་མིག་ཡར་ལྟོས་ཀྱིས་ག་ཚོད་ཐུབ་ཐུབ་ཀྱིས་གནས་ཁྱད་པར་ཅན་འདི་ལྟ་བུ་ལ་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་བ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། ངོས་རང་གི་ལོ་རྒྱུས་ལ་མཚོན་ན་བྱང་ཤར་གྱི་ས་ཆར་སྐྱེས་ནས་ཆུང་ཆུང་སྐབས་སུ་མིག་ལྟོས་བྱེད་ས་དམིགས་བསལ་ཡོད་པ་མ་རེད། དབུས་སུ་སླེབས་ནས་ཡོངས་འཛིན་རྣམ་པ་གཉིས་དང་། ལྷག་པར་དུ་གླིང་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་མང་པོར་བལྟས་པ་ཡིན། སྒོམ་རྒྱག་པའི་བསམ་བློ་ནི་རྒྱ་གར་ལ་སླེབས་ནས་ཤུགས་ཆེ་རུ་བཏང་ཡོད། སོ་སོས་བསམ་བློ་བཏང་ན་སེམས་ལ་འགྱུར་བ་མཐོང་ཆོས་ལ་འདུག ང་ཚོ་ཚང་མ་ཕྱོགས་གཅིག་ནས་མི་གཅིག་པ་རེད། ཡང་སྒོས་ལྷག་པར་ཅན་དུ་བོད་ཁ་བ་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། དེ་དང་ཉེ་བའི་ཡུལ་གྲུ་ཁག་ནས་ཡོང་མཁན་དང་། དེ་སྔ་འབྲེལ་བ་རྒྱ་ཆེར་མེད་ནའང་བར་སྐབས་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་ལ་དོ་སྣང་གསར་པ་སླེབས་མཁན་གསར་པ་མང་པོ་ཡོད་པ་རེད། ཁྱོད་ཚོ་ཚང་མ་གནས་འདིར་སླེབས་ནས་མ་མཐའ་ཡང་ཆུ་ཚོད་གཅིག་ཙམ་ལ་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ཐུབ་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། ཚེ་འདི་ཙམ་མ་ཡིན་པར་ཚེ་རབས་ནས་ཚེ་རབས་དང་། རང་གཅིག་པུ་མ་ཡིན་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུར་འགྲོ་བ་ཞིག་ཆགས་ཀྱི་ཡོད། ཚང་མས་ད་སྔུན་ལུང་བཏོན་པ་ནང་བཞིན་སྒྲོལ་མ་དང་མ་ཎི་བསགས་ནས་སྒོམ་ཡག་པོ་བསྐྱོན་དེ་སེམས་མ་རུང་བ་དེ་རྡོ་རྗེ་གདན་ལ་མ་ཡོང་སྔོན་དང་། སླེབས་པའི་རྗེས་སུ་ཕྲན་བུ་བཟང་ཕྱོགས་ཀྱི་འགྱུར་བ་ཡོད་པ་ཞིག་བཟོས་ཐུབ་པ་གནང་དགོས།

ཆོས་བྱེད་པ་དང་སྒོམ་རྒྱག་རྒྱུ་འཆར་ཅན་ཡིན་བསམ་པ་མིན་པར་ལོ་རེ་ནས་ལོ་རེར། ཟླ་རེ་ནས་ཟླ་རེར་སེམས་ལ་འགྱུར་ཡོང་བ་ཞིག་དང་། སེམས་ལ་འགྱུར་བ་ག་ཚོད་བྱུང་བའི་ཚོད་ཀྱིས་གཞུང་རྣམས་ཀྱི་བརྗོད་གཞི་ལྗིད་ཁོག་ཆེན་པོ་ཆགས་ནས་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོང་གི་རེད། དེར་བརྟེན། ཚང་མས་ཐོག་མར་ཐོས་བྱུང་གི་ཤེས་རབ་དང་བསམ་བྱུང་གི་ཤེས་རབ། དེ་ནས་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་སྒོམ་བྱུང་གི་ཤེས་རབ་སྐྱེས་པ་ཞིག་བྱེད་དགོས། དེ་ལྟར་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་ཟབ་མོ་བཀའ་དྲིན་སྩལ་རྗེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཤད་ལུང་བཀའ་དྲིན་སྩལ་བ་དང་།

དེ་ལྟར་སྟོང་པ་ཉིད་འདི་ནི།།
རྣལ་འབྱོར་པ་ཡིས་བསྒོམ་བྱས་ན།།
གཞན་གྱི་དོན་ལ་ཆགས་པའི་བློ།།
འབྱུང་བར་འགྱུར་བར་ཐེ་ཚོམ་མེད།།

ཅེས་པའི་བར་ནས་ཉིན་གཉིས་པའི་ཆོས་མཚམས་བཞག་སྟེ་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ཉིན་གུང་ཆུ་ཚོད་ ༡༢།༡༥ ཙམ་ལ་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏི་ཤི་ཀུ་མཱར་ (Nitish Kumar) མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་དང་མཇལ་བཅར་ཞུས་ཡོད་པ་བཅས།།  

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།