༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

སཱི་ཤེས་ཡོན་སློབ་གསོའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར། ༢༠༢༢ ཟླ་བ་ ༡༢ ཚེས་ ༩

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༩ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་ལྷ་རྒྱལ་རིར་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་ཆེན་མོའི་ནང་དུ་ཏཱ་ལའི་བླ་མའི་དགེ་རྩ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་གནང་བའི་བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི། སཱི་ཤེས་ཡོན་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་ལྷ་རྒྱལ་རིར་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་ཆེན་མོའི་ནང་དུ་ཏཱ་ལའི་བླ་མའི་དགེ་རྩ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་གནང་བའི་བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི། སཱི་ཤེས་ཡོན་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་བཀའ་སློབ་སྩོལ་བཞིན་པ། ༢༠༢༢།༡༢།༩ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

དེ་ཡང་སྔ་དྲོ་ཆུ་ཚོད་བརྒྱད་དང་ཕྱེད་ཀ་མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ལྷ་རྒྱལ་རིའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་ཆེན་མོར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བཀའ་བློན་རྣམ་པ། ༸གོང་ས་༸ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་དབུ་འཛིན་འཇམ་དཔལ་ལྷུན་འགྲུབ་ལགས་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེའི་གཞི་རྩར་བཟུང་བའི་སྤྱོད་བཟང་གི་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་གྷེ་རེ་གྷོ་རེ། ཕེན་ཝེ་སི་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་རཱ་ཝི་སྦེ་ལམ་ཀོན་ཌི་ལགས་སོགས་བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་ཡོངས་ནས་ཕེབས་བསུ་དང་བཅས་སྡིངས་ཆའི་༸ཞབས་སྟེགས་སུ་འཁོད་མཚམས་༸གོང་ས་༸ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་དབུ་འཛིན་འཇམ་དཔལ་ལྷུན་འགྲུབ་ལགས་ཀྱིས་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་ནི་ཨ་རིའི་སྲིད་འཛིན་རྣམ་པའི་དཔེ་མཛོད་ཁང་རྣམས་དང་མཚུངས་པ་དང་། བསྒྲུབ་བྱ་ནི་༸གོང་ས་མཆོག་གི་བཀའ་ཆོས་དང་ཤུལ་བཞག་དངོས་པོ་རྣམས་རྒྱུན་འཛིན་དང་། མ་འོངས་པའི་མི་རབས་ཀྱི་ཆེད་དུ་མཐུན་རྐྱེན་བསྒྲུབ་རྒྱུ་ཡིན་པའི་སྐོར་དང་། སཱི་ཤེས་ཡོན་ལས་རིམ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་། དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གོང་སྤེལ་གཏོང་དགོས་པའི་དགོངས་གཞི་དང་འབྲེལ་བ་ཡོད་པའི་སྐོར་སོགས་ཕེབས་བསུའི་གསུང་བཤད་གནང་བ་དང་།

༸གོང་ས་༸ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་དབུ་འཛིན་འཇམ་དཔལ་ལྷུན་འགྲུབ་ལགས་ཀྱིས་བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི། སཱི་ཤེས་ཡོན་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཕེབས་བསུའི་གསུང་བཤད་གནང་བཞིན་པ། ༢༠༢༢།༡༢།༩ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

དེ་རྗེས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེའི་གཞི་རྩར་བཟུང་བའི་སྤྱོད་བཟང་གི་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་༸གོང་ས་མཆོག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། ཨེ་མོ་རའི་དབུ་འཛིན་རྣམ་པ་གཉིས་དང་ཚོགས་འདུར་མཉམ་ཞུགས་གནང་མཁན་མི་མང་ཡོངས་ལ་འཚམ་འདྲི་དང་འབྲེལ། ༸གོང་ས་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་བཀའ་ཧ་ཅང་མང་པོ་ཕེབས་ཡོད་པ་དང་། ལྗགས་རྩོམ་ཡང་དུ་མ་མཛད་ཡོད་པ་ལས། དང་པོ་ནི། མིའི་བདེ་ཐབས་མ་ཟད། འཚོ་གནས་རང་ལ་གནད་ཆེ་བའི་མིའི་གཞི་རྩའི་རིན་ཐང་གོང་སྤེལ་གཏོང་གནང་རྒྱུ་དེ་ཡིན། ༸གོང་ས་མཆོག་གིས་<<ཆོས་ལུགས་ཀྱི་མཚམས་ལས་འདས་པ་>>ཞེས་པའི་ཕྱག་དེབ་དང་། བཀའ་སློབ་གྲངས་ལས་འདས་པ་ཞིག་ཏུ། ༸མགོན་པོ་མཆོག་གིས་མིའི་སྤྱི་ཚོགས་ནང་མིའི་གཞི་རྩའི་རིན་ཐང་སྤེལ་བ་ལ་ཤེས་ཡོན་དེ་ལམ་བུ་གཙོ་བོ་ཞིག་ཡིན་པར་གསུངས་ཡོད། ༸གོང་ས་མཆོག་གིས་དེ་ལྟའི་ཤེས་ཡོན་དེ།  ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་ལ་བརྟེན་དགོས་པ་ལས། ཆོས་ལུགས་བྱེ་བྲག་པ་གཅིག་གམ་ལྟ་ཚུལ་བྱེ་བྲག་པ་གཅིག་ལ་བརྟེན་མི་རུང་བར་ནན་བརྗོད་གནང་ཡོད། དེས་ན། སྙིང་རྗེའི་ལྟེ་གནས་ཁང་དུ་ཡོད་པའི་ངེད་ཅག་ལ་མཚོན་ན། ༸གོང་ས་མཆོག་གིས། འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་དགེ་རྒན་དང་སློབ་མ་རྣམས་ཀྱི་ཆེད་དུ། སཱི་ཤེས་ཡོན་སློབ་གསོའི་ངོ་བོར་གྲུབ་པའི་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་གི་བསླབ་གཞི་བཟོ་སྒྲིག་དང་ལག་བསྟར་གྱི་ལས་དོན་ཧ་ཅང་གལ་ཆེ་པོ་འདི། ང་ཚོར་ཐུགས་གཏད་གནང་བ་དེ་ནི། ང་ཚོའི་གཟི་བརྗིད་ཆེ་ཤོས་དེ་ཡིན། ཞེས་སོགས་གསུང་བཤད་གནང་།

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེའི་གཞི་རྩར་བཟུང་བའི་སྤྱོད་བཟང་གི་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་སཱི་ཤེས་ཡོན་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བཞིན་པ། ༢༠༢༢།༡༢།༩ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

 དེ་ནས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་གྷེ་རེ་གྷོ་རེ། ཕེན་ཝེ་སི་ལགས་ཀྱིས་འཚམ་འདྲི་དང་འབྲེལ་ངས་ཨེ་མོ་རིའི་རིག་གཞུང་དེ་མངོན་འདོད་དང་། སྙིང་སྟོབས་ཞེས་པའི་ཚིག་གཉིས་ཀྱི་སྒོ་ནས་འགྲེལ་བརྗོད་མགོ་བཙུགས་པ་ཡིན། མངོན་འདོད་ནི་བསྒྲུབ་བྱ་སྒྲུབ་འདོད་ཀྱི་ཀུན་སློང་དང་། སྙིང་སྟོབས་ནི་གྲུབ་འབྲས་གང་སོན་པ་དེའི་སྒོ་ནས་གཞན་ལ་ཞབས་ཞུ་སྒྲུབ་པ་ལ་ཟེར། ངས་༸གོང་ས་༸ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་ཡོད་པའི་ཨེ་མོ་རིའི་མཛའ་འབྲེལ་རིང་པོ་འདི་ཁྱད་ཆོས་གཉིས་ཀྱི་དཔེ་མཚོན་བཟང་ཤོས་སུ་ངོས་འཛིན་ཞུ་བཞིན་ཡོད། སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཀྱི་ལྟེ་གནས་ཁང་གིས། སཱི་ཤེས་ཡོན་ལས་རིམ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་དང་། ལས་རིམ་གཞན་གྱི་སྒོ་ནས་ཤེས་ཡོན་གྱི་གོ་དོན་སྒྱུར་བཞིན་ཡོད། ༸གོང་ས་མཆོག་གིས་སློབ་ཁྲིད་དང་དབུ་ཁྲིད་ཀྱི་མཛད་པ་ཁག་དང་། གཙོ་འཛིན་ཁྱད་འཕགས་ཀྱི་སློབ་དཔོན་ཆེན་མོའི་ངོ་བོའི་ཐོག་ནས་ཨེ་མོ་རི་ལ་ཆིབས་བསྒྱུར་བསྐྱངས་པའི་སྐབས་ཀྱི་བསྟན་དོན་གཙོ་བོ་གཅིག་ནི། ང་ཚོས་སོ་སོའི་ཤེས་ཡོན་དང་གསར་རྙེད་དག་བརྒྱུད་འཛམ་གླིང་འདི་དོན་དམ་པར་ཇེ་བཟང་དུ་གཏོང་དགོས་ན། སྙིང་རྗེ་དེ་སློབ་གཉེར་གྱི་ཆ་ཤས་སུ་ལེན་ཐུབ་ཅིང་། ངེས་པར་དུ་ལེན་དགོས་པ་ང་ཚོར་ལམ་སྟོན་གནང་ཡོད། ཅེས་སོགས་བགྲོ་གླེང་དབུ་འབྱེད་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་བསྟོད་བསྔགས་ཆེ་བརྗོད་ཀྱི་སྙན་ཚིག་སྒྲོག་སྦྱང་ཞུས་པ་དང་། བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་བོད་སྐད་ཐོག་སྒྲོག་སྦྱང་བྱས་རྗེས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་གྷེ་རེ་གྷོ་རེ། ཕེན་ཝེ་སི་ལགས་ཀྱིས་ཆེ་བརྗོད་སྙན་ཚིག་པར་སྒྲོམ་དུ་བཟོས་པ་དེ་ཉིད་འབུལ་ལམ་ཞུས་པ་དང་།

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་གྷེ་རེ་གྷོ་རེ། ཕེན་ཝེ་སི་ལགས་ཀྱིས་སཱི་ཤེས་ཡོན་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བཞིན་པ། ༢༠༢༢།༡༢།༩ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

དེ་རྗེས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་རཱ་ཝི་སྦེ་ལམ་ཀོན་ཌི་ལགས་ཀྱིས།  ངས་ལོ་ངོ་ ༣༣ རིང་ནུབ་ཕྱོགས་སུ་འཚོ་བ་བསྐྱལ་བའི་ཉམས་མྱོང་ལས། སློབ་མ་ཙམ་མ་ཟད་འཛམ་གླིང་གི་མི་ཚང་མའི་ཆེད་དུ། མི་ཚེའི་དགོས་པ་དང་དོན་སྙིང་ལྟ་བུའི་གནད་དོན་སྐོར་ལ་བསམ་གཞིག་བྱེད་སའི་གནས་དུས་དམིགས་སུ་བཀར་ནས་བསྐྲུན་རྒྱུ་ཧ་ཅང་དགོས་གལ་ཆེ་བ་མཐོང་གི་འདུག རྒྱུ་མཚན་འདི་ལ་བརྟེན་ནས་༸གོང་ས་མཆོག་གིས་<<ཆོས་ལུགས་ཀྱི་མཚམས་ལས་འདས་པ་>>ཞེས་པའི་དེབ་གསུངས་པའི་དགོངས་གཞི་རྣམས་ང་ཚོ་ཨེ་མོ་རི་ལ་ཡོད་མཁན་རྣམས་ཀྱི་སེམས་ལ་ཧ་ཅང་ཟུག་པོ་ཡོད། དེ་ལྟ་བུའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོའི་དབར་མཛའ་འབྲེལ་ཟབ་མོ་ཆགས་པ་དང་། སློབ་དཔོན་ཆེན་མོ་བློ་བཟང་བསྟན་འཛིན་ནེ་གི་ལགས་དང་། ང་ཚོའི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཀྱི་ལྟེ་གནས་ཁང་ལ་བཀའ་དྲིན་ཞུ་བཞིན་ཡོད་ལ། སཱི་ཤེས་ཡོན་ལས་རིམ་གྱི་རྩ་འཛིན་རྣམས་ཧ་ཅང་རྩ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་སྩལ་དོན།

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་རཱ་ཝི་སྦེ་ལམ་ཀོན་ཌི་ལགས་ཀྱིས་སཱི་ཤེས་ཡོན་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བཞིན་པ། ༢༠༢༢།༡༢།༩ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

ང་ཚོ་གྲོགས་པོ་རྙིང་པ་མང་པོ་ཞིག་རུག་རུག་བྱས་པ་རེད། ཧ་ཅང་དགའ་བྱུང་། དེ་དང་ཆབས་ཅིག་ཁྲི་ཟུར་རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་ཚུལ་དེ་རིང་ཐོས་སོང་། མ་གཞི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་རེད། གང་ལྟར་ཆོས་ཉིད་རེད། ཡིན་ནའང་།  ངོས་རང་ལ་དྭགས་སུ་འབྱོར་བའི་སྐབས་ཤིག་ལ་ཁྲི་ཟུར་རིན་པོ་ཆེས་འཇིགས་བྱེད་བསྙེན་ཆེན་གྲུབ་མ་ཐག་པ་རེད། རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་འཇིགས་བྱེད་བསྙེན་ཆེན་གནང་སའི་བཞུགས་གདན་དེ་ག་རང་གི་ཐོག་ནས་རིགས་ཚོགས་དྲུག་གི་བཤད་ལུང་ཞུས་པ་ཡིན། དེ་ཧ་ཅང་གསལ་བོ་དྲན་ཡོང་གི་འདུག གང་ལྟར། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་རེད། ཅེས་གསུངས་པ་ལྟར་ཉེར་ལེན་གྱི་ཕུང་བོ་འདི་འདྲ་ཞིག་བླངས་ཕྱིན་ཆད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོང་བ་ཞིག་རེད་མ་གཏོགས་དེ་ལས་ཐར་ས་མེད་པ་རེད། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པ་ལས་ཐར་ཐུབ་པའི་བསམ་བློ་ཞིག་གཏོང་དགོས་ན་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པའི་ཐོག་བསམ་བློ་གཏོང་དགོས། ང་ཚོ་སྐྱེས་གནས་སུ་ཉིང་མཚམས་སྦྱོར་བའི་སྐབས་སུ་ཕ་མའི་ཁུ་ཁྲག་འདུས་པའི་སྐབས་སུ་བར་སྲིད་ཀྱི་ཤེས་པ་འཁྱམ་ནས་ཡོད་ན་རྣམ་ཤེས་ཉིང་མཚམས་སྦྱོར་བ་ཡོང་གི་ཡོད། གང་ལྟར། བར་སྲིད་དེ་འདོད་སྲེད་ཀྱི་གཞན་དབང་མིན་པར་སྐྱེ་བ་སྐྱོན་དུ་བལྟས་ནས་སྐྱེ་བའི་ས་བོན་རྩད་ནས་གཅོད་པ་ཞིག་གི་བསམ་བློ་ཞིག་ཡོད་པ་ཡིན་ཡོང་གི་མ་རེད། དེར་བརྟེན། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཅེས་པ་དེ་རེད། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། ཞེས་པར་བསམ་བློ་ཡག་པོ་བཏང་ན་མ་རིག་པའི་དབང་གིས་འཁོར་བ་ལ་འཁོར་ཞིང་། སྐྱེ་བ་རྒྱུན་མ་ཆད་པར་སླེབས་པ་མཚམས་གཅོད་ཐུབ་པ་ཞིག་རེད། ལས་ཉོན་གྱིས་གཞན་དབང་དུ་སྐྱེ་བའི་རྒྱུད་ཆོད་པའི་མཚམས་སུ་ཐར་བ་ཟེར་བ་ཞིག་སླེབས་ཀྱི་ཡོད། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་རེད། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ། ཞེས་པ་འདི་ང་ཚོས་རྟག་པར་འདོན་གྱི་ཡོད། བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཐོག་ནས་ཞི་ལྷག་ཟུང་དུ་འབྲེལ་བ་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་འདི་རེད། ཅེས་དགའ་ལྡན་ཁྲི་ཟུར་རི་རྫོང་རྒྱལ་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་རིན་པོ་མཆོག་དགོངས་པ་རྫོགས་པ་དང་འབྲེལ་ནས་ཚེ་མི་རྟག་པ་དང་། ཟག་བཅས་ཉེར་ལེན་གྱི་ཕུང་བོ་ལས་བྱུང་བའི་སྡུག་བསྔལ་ལས་ཐར་དགོས་ན་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་སྐོར་ལ་བསམ་བློ་གཏོང་དགོས་པ་དང་། དེ་ལྟར་བྱུང་བ་ཡིན་ན་མྱ་ངན་ལས་འདས་པ་ཞི་བ་སྟེ། ཐར་བ་ཐོབ་ཐུབ་པའི་སྐོར་སོགས་བཀའ་སློབ་དང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ་བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི། སཱི་ཤེས་ཡོན་སློབ་གསོའི་ཚོགས་འདུའི་དབུ་འབྱེད་མཛད་སྒོར་བཀའ་སློབ་སྩལ་བཞིན་པ། ༢༠༢༢།༡༢།༩ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

གཞན་ཡང་། འཛམ་གླིང་འདི་སྟེང་གི་མི་ཚོས་ཚེ་ལོ་དཔག་མེད་ཐུབ་པ་ནས་ག་ལེར་ཚེ་མར་འགྲིབ་ནས་ད་ལྟ་ཚེ་ལོ་བརྒྱ་པ་ཟེར་གྱི་ཡོད། ང་ཚོའི་མི་རབས་འདི་ནི་ཚེ་ལོ་བརྒྱ་པའི་སྐབས་ཀྱི་མི་ཆགས་ཡོད། ངོས་རང་ཡང་ཚེ་ལོ་བརྒྱ་པའི་མི་ཞིག་རེད། ཡིན་ཡང་། ཆུང་ཆུང་སྐབས་ནས་ཡོངས་འཛིན་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་ཏོག་ཙམ་བལྟས་པ་དང་། ང་ཚོ་བཙན་བྱོལ་ལ་སླེབས་པ་ནས་ག་ཚོད་ཐུབ་ཐུབ་ཀྱིས་སྒོམ་ཉམས་ལེན་བྱས་ཏེ་ལོ་གསུམ་ཕྱོགས་གསུམ་སྡོད་ཐུབ་ཀྱི་མི་འདུག་སྟེ། ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་བྱས་པ་དེ་ལྟར་རེད། ངོས་རང་གི་ཉམས་མྱོང་གི་ཐོག་ནས་གྲོགས་པོ་རྣམ་པ་ཚོར་ཞུ་རྒྱུར་བྱང་ཆུབ་ཀྱི་སེམས་ནི་ཧ་ཅང་གི་ནུས་པ་ཆེན་པོ་དང་། ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། ང་ཚོ་ཆུང་ཆུང་སྐབས་ནས་མ་ཡི་བརྩེ་བ་ཡོད་པ་རེད། མ་ཡི་བརྩེ་བ་ལ་བརྟེན་ནས་རང་ཉིད་འཚོ་བཞིན་ཡོད། དེར་བརྟེན། ང་ཚོ་ཆུང་ཆུང་སྐབས་ནས་བརྩེ་བ་ལ་ཧ་ཅང་གོམས་ཡོད། མིའི་སྤྱི་ཚོགས་ནི་བརྩེ་བ་ལ་བརྟེན་ཡོད་མཁན་ཞིག་ཆགས་ཡོད། དེར་བརྟེན། ང་ཚོར་ལྷན་སྐྱེས་ཀྱི་སེམས་པ་བཟང་པོ་བྱེད་པའི་གཞི་རྩ་ཞིག་ཡོད་པ་དང་། ལོ་ཡར་སླེབས་དུས་ཆུང་ཆུང་སྐབས་སུ་ཨ་མས་གཅེས་སྐྱོང་བྱས་པའི་བྱམས་བརྩེའི་ཚོར་བ་དེ་དྲན་པའི་ཐོག་ནས་སོ་སོ་ཡོད་སའི་འཛམ་གླིང་འདིའི་སྟེང་ག་ཚོད་ཐུབ་ཐུབ་ཀྱིས་བྱམས་བརྩེ་དེ་སྤེལ་ཐུབ་པ་བྱེད་དགོས། དེ་ནི་ཕྱོགས་གཅིག་ནས་ལས་སླ་བོ་ཞིག་རེད། སྟོང་པ་ཉིད་ཀྱི་ལྟ་བ་ལྟར་གཏིང་ཟབ་མོས་སྒྲོ་འདོགས་གཅོད་དགོས་པ་མི་འདུག དེ་ནི་མཐོང་ཆོས་ཀྱི་སོ་སོ་རང་ཉིད་ཨ་མས་བརྩེ་བ་བྱས་ཏེ་བསྐྱངས་པ་རེད། འཛམ་གླིང་གི་སྲོག་ཆགས་སྤྱི་དང་ལྷག་པར་དུ་མི་རྣམས་ནི་མ་ཡི་བརྩེ་བས་བསྐྱངས་པ་ཞིག་ཡིན་པས་མི་ཚེ་ཧྲིལ་བོར་བརྩེ་བ་འཛིན་ཐུབ་པ་ཞིག་དང་། མཐའ་མ་འཆི་བའི་ཚེ་ནའང་རང་གི་མཐའ་ན་བརྩེ་བ་ཡོད་པའི་གྲོགས་པོ་ཚོས་བསྐོར་བསྡད་ན་ཤི་བཟོད་བདེ་བོ་ཡོང་གི་རེད། གཞན་འཆི་ཁར་རྒྱུ་དངོས་པོ་ག་ཚོད་ཡོད་ཀྱང་། དེས་གང་ཡང་ཕན་ཐོགས་མེད། གང་ལྟར་འཆི་ཁར་རང་ལ་དངོས་གནས་བརྩེ་བ་ཡོད་པའི་གྲོགས་པོ་ཚོས་བསྐོར་བསྡད་པ་ཡིན་ན་སོ་སོའི་སེམས་ལ་ཞི་བདེ་མང་ཙམ་ཡོང་གི་རེད། ང་ཚོ་སྐྱེས་པའི་སྐབས་སུ་མ་ཡི་བརྩེ་བས་བསྐྱངས་པ་རེད། མཐའ་མ་འཆི་བའི་སྐབས་སུའང་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ཕན་གྱི་བློ་ཡག་པོ་ཞིག་གསལ་བཏབ་པའི་ཐོག་ནས་རྣམ་ཤེས་འཕོ་ཐུབ་པ་ཞིག་གི་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།

 སཱི་ཤེས་ཡོན་ལས་རིམ་གྱི་རྒྱལ་སྤྱིའི་སློབ་མའི་གྲས་ནས་གཏོང་ལེན་སློབ་གྲྭའི་སློབ་ཕྲུག་ཅིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུ་བཞིན་པ། ༢༠༢༢།༡༢།༩ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

ངོས་ཀྱི་མི་ཚེ་འདིའི་ནང་དངོས་སུ་དམག་ཆེན་དང་པོ་དང་གཉིས་པའི་གནོད་འཚེ་བྱུང་བ་རེད། མི་རྣམས་ཀྱིས་གོ་མཚོན་བཟོ་བའི་ཆེད་དུ་དངུལ་ཧ་ཅང་ཕོན་ཆེན་པོ་བེད་སྤྱོད་བཏང་ཡོད། འདི་དག་ཆ་ཚང་བརྒྱ་ཆའི་བརྒྱ་ཐམ་པ་ནོར་འཁྲུལ་རེད། དེ་ལས་ལྡོག་སྟེ་འཛམ་གླིང་འདི་ཞི་བདེ་ཅན་ཞིག་ཏུ་བཟོ་བའི་དོན་དུ་འབད་བརྩོན་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། མི་རྣམས་ཀྱིས་གོ་མཚོན་བཟོ་བའི་ཚབ་ཏུ་སོ་སོའི་ནང་སེམས་ཀྱི་གཞན་ཕན་གྱི་བསམ་བློ་ཡར་རྒྱས་བཏང་བ་ཡིན་ན་གོ་མཚོན་ངོ་མ་དེ་ཆགས་ཀྱི་ཡོད། དེ་ལ་བརྟེན་ནས་སོ་སོའི་གཉེན་ཉེ་དང་གྲོགས་པོ་མང་དུ་འགྲོ་ཐུབ། དེ་ལས་ལྡོག་སྟེ་མིག་རྒྱང་ཐུང་ཐུང་ཅན་དང་སྙིང་རྗེའི་བསམ་བློ་མེད་པ་ཚོས་གཞན་ཕན་དང་མིག་རྒྱང་རིང་པོ་བྱས་པ་ཡིན་ན་རང་ལ་ཕན་པ་དང་གཞན་ལའང་དེས་ཕན་ཐོགས་ཡོང་གི་ཡོད། དེ་ལ་བརྟེན་ནས་གོ་མཚོན་ནི་ཕན་ཐོགས་མེད་པ་ཞིག་ཡིན་པའི་གོ་རྟོགས་ཀྱང་སྤེལ་ཐུབ། དེར་བརྟེན། མི་སྒེར་རེ་རེས་བྱམས་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་མི་ཚེའི་ནང་བྱམས་སྙིང་རྗེ་ཡག་པོ་ཡོད་པ་ཡིན་ན་དེའི་དབང་གིས་གཉིད་ཁུགས་ནའང་གཉིད་སྐྱིད་པོ་ཞིག་ཁུགས་ཐུབ། དེ་ཡང་དགོས་པ་ཞིག་ཡིན། སེམས་འཁྲུག་སྡོད་པ་དང་རྣམ་རྟོག་ཆེན་པོ་ཡོད་ཚེ་གཉིད་ཀྱང་ཡག་པོ་ཡོང་མི་ཐུབ། སྙིང་རྗེ་ནི་སོ་སོའི་མི་ཚེའི་ནང་ཧ་ཅང་དགོས་གལ་ཆེན་པོ་ཞིག་རེད། དུད་འགྲོ་སེམས་ཅན་ལའང་བྱམས་པའི་རྣམ་འགྱུར་ཞིག་བསྟན་པ་ཡིན་ན་ཁོ་ཚོས་ཀྱང་ཡི་རངས་ཀྱི་རྣམ་འགྱུར་ཞིག་སྟོན་པ་ཚོར་གྱི་འདུག དཔེར་ན། ཁྱི་ལྟ་བུ་ཞིག་ལ་དཔེར་བཞག་ནའང་། ཁོང་ཁྲོའི་རྣམ་འགྱུར་བསྟན་ན་བྲོས་འགྲོ་གི་ཡོད། གང་ལྟར་སྙིང་རྗེ་ནི་སོ་སོའི་མི་ཚེ་དོན་དང་ལྡན་པ་དང་སྐྱིད་པོ་ཡོང་བའི་གཞི་རྩ་ཆགས་ཡོད།

ང་ཚོས་འཛམ་གླིང་ཞི་བདེ་ཞེས་གང་སར་སྒྲོག་གིན་ཡོད། དེའི་གཞི་རྩ་ལ་སོ་སོར་སེམས་ཀྱི་ཞི་བདེ་བསྐྲུན་དགོས། དེ་ཡང་བྱམས་སྙིང་རྗེ་ཉམས་ལེན་དང་འབྲེལ་ནས་ཡོང་གི་ཡོད། དེ་ལྟར་རང་གིས་ཉམས་ལེན་བྱེད་པ་དང་གཞན་ལ་སྤེལ་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་རེད། འཛམ་གླིང་འདིར་མི་ཐེར་འབུམ་བརྒྱད་མ་ཟིན་ཙམ་ཡོད་པ་རེད། དེ་ཆ་ཚང་ཨ་མས་བཙས་པ་རྐྱང་ཡིན་པ་དང་། ཨ་མས་བཙས་པ་ཡིན་པས་སྙིང་རྗེའི་རྩ་བའམ་ཉམས་མྱོང་ཡོད་པ་རེད། ངོས་རང་སྒེར་གྱི་ངོས་ནས་ཞུས་པ་ཡིན་ན་ཆོས་ཉམས་ལེན་ཡོད་མེད་ལ་ལྟོས་མེད་ཀྱིས་མི་ཚེ་སྐྱིད་པོ་ཡོང་བ་དང་། མི་ཚང་སྐྱིད་པོ་ཡོང་བ། སྤྱི་ཚོགས་སྐྱིད་པོ་ཡོང་བ་ལ་བྱམས་སྙིང་རྗེའི་ཉམས་ལེན་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སོ་སོ་ཆོས་ལ་ཡིད་ཆེས་ཡོད་ནའང་རེད། མེད་ཀྱང་རུང་དེ་ནི་སྒེར་སོ་སོའི་ཐག་གཅོད་རེད། ཡིན་ནའང་། བྱམས་སྙིང་རྗེའི་ཉམས་ལེན་ནི་ངེས་པར་དུ་དགོས་པ་རེད།

༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་ཆེན་མོའི་ནང་དུ་ཏཱ་ལའི་བླ་མའི་དགེ་རྩ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་གནང་བའི་བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི། སཱི་ཤེས་ཡོན་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུའི་ལས་རིམ་གྱི་འབྲེལ་ཡོད་ལས་བྱེད་ཅིག་གིས་མཇལ་ཁ་ཞུ་བཞིན་པ།  ༢༠༢༢།༡༢།༩ པར་བ། བསྟན་འཛིན་ཆོས་འབྱོར་ལགས།

ངོས་ཀྱི་མ་འོངས་པའི་ལོ་ངོ་བཅུ་ཕྲག་གཅིག་གཉིས་ཀྱི་རིང་ལ་འཛམ་གླིང་འདིར་བསམ་པ་བཟང་པོའི་ཉམས་ལེན་རྒྱ་ཆེར་སྤེལ་བ་ལ་གང་ཐུབ་ཀྱི་སྲི་ཞུ་སྒྲུབ་པའི་འདོད་པ་ཡོད། ཐོག་མ་སྒེར་སོ་སོའི་ཉམས་ལེན་ལག་བསྟར་དང་། དེ་ནས་གཞན་ལ་སྤེལ་བའི་སྒོ་ནས་འཛམ་གླིང་ཞི་བདེ་སྒྲུབ་ཐུབ་ཀྱི་རེད། དེ་ལྟ་བུ་ཞིག་བྱུང་བ་ཡིན་ན་སོ་སོའི་མི་ཚེ་ཡང་དོན་དང་ལྡན་པ་ཞིག་ཆགས་ཀྱི་ཡོད། འདི་ཁྱོད་ཚོར་ཞུ་འདོད་བྱུང་། ང་ཚོས་འཛམ་གླིང་ཞི་བདེ་ཞེས་མང་པོ་བརྗོད་ཀྱི་ཡོད་ཀྱང་འཛམ་གླིང་ཞི་བདེ་ཞེས་པ་གནམ་ནས་འབབ་ཀྱི་ཡོད་པ་ཞིག་མ་ཡིན་པར་བྱམས་སྙིང་རྗེ་ཉམས་ལེན་ལ་བརྟེན་ནས་སྒྲུབ་དགོས་པ་ཞིག་ཡིན།  མི་སོ་སོས་བྱམས་སྙིང་རྗེ་ཉམས་ལེན་བྱས་པ་ཡིན་ན་ཁྱིམ་ཚང་དང་སྤྱི་ཚོགས། འཛམ་གླིང་སྤྱི་ལ་ཞི་བདེས་ཁྱབ་ཐུབ་པ་ཞིག་ཡོང་གི་རེད། བྱམས་སྙིང་རྗེ་ཉམས་ལེན་བྱེད་པ་ལ་ངེས་པར་དུ་ཆོས་ལུགས་ཤིག་བསླབ་བྱ་ལ་བརྟེན་དགོས་པ་དེ་འདྲ་མ་རེད། རྒྱུན་ལྡན་དུ་ངོས་ཀྱིས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་(Secular Ethics) གི་ཉམས་ལེན་ཞེས་རྗོད་བཞིན་ཡོད། འདིས་བྱམས་སྙིང་རྗེའི་ཉམས་ལེན་ངེས་པར་དུ་ཆོས་ལ་བརྟེན་མི་དགོས་པར་བརྗོད་ཀྱི་ཡོད། འདི་ཧ་ཅང་གལ་ཆེན་པོ་རེད། ངོས་རང་གིས་ཀྱང་ཉིན་རྒྱུན་ནས་བྱམས་སྙིང་རྗེ་ཉམས་ལེན་བྱེད་ཀྱི་ཡོད་ལ་ངོས་ཀྱི་གྲོགས་པོ་ཚོས་ཀྱང་བྱམས་སྙིང་རྗེའི་ཉམས་ལེན་ལ་ཐུགས་སྣང་གནང་རོགས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་གྲུབ་མཚམས་གོ་ལའི་ཁྱོན་དུ་སཱི་ཤེས་ཡོན་ལས་རིམ་གྱི་སྙོབ་ཚད་ཅེས་པའི་གློག་བརྙན་སྐར་མ་གསུམ་ཅན་གཟིགས་འབུལ་དང་། ཚན་རིག་སློབ་གཉེར་བའི་དཔྱད་རྩོམ་གཅེས་བཏུས་ཞེས་པའི་དཔེ་དེབ་ཀྱི་པར་ཕུད་དང་། ཧིན་དྷི་སྐད་དུ་བསྒྱུར་བའི་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞིའི་པར་ཕུད། སཱི་ཤེས་ཡོན་སློབ་གསོའི་སློབ་གྲྭ་ཆེ་བའི་བསླབ་གཞིའི་པར་ཕུད་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟིགས་འབུལ་ཞུས་ཤིང་། དེ་ནས་སཱི་ཤེས་ཡོན་ལས་རིམ་གྱི་རྒྱལ་སྤྱིའི་སློབ་མ་བཞིས་རིམ་བཞིན་མགོན་པོ་གང་ཉིད་མཆོག་ལ་སོ་སོའི་དོགས་པ་དཀའ་ངལ་སྐོར་ནས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་བ་དང་།

མཐར་མགོན་པོ་གང་ཉིད་མཆོག་གིས་མཐའ་སྡོམ་བཀའ་སློབ་སྩལ་དོན། ང་ཚོའི་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་རང་བཞིན་ཆ་ཚང་ལ་ཡོད་པ་རེད། བྱམས་སྙིང་རྗེའི་ཉམས་ལེན་བྱས་པ་ཡིན་ན་དངོས་ཡོད་གནས་ཚུལ་དང་། ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་ཞི་བདེ་ཡོང་བ་ལ་ཕན་ཐོགས་པ་མ་ཟད། སེམས་ཀྱི་སྙིང་སྟོབས་ཀྱང་འཕེལ་ཐུབ་ཀྱི་འདུག དེ་ལས་ལྡོག་སྟེ་ཁོང་ཁྲོའི་བློ་ལྟ་བུ་སྐྱེས་པ་ཡིན་ན་དེའི་དབང་གིས་སེམས་ཀྱི་ཞི་བདེ་རྒྱས་མི་ཐུབ། འཛམ་གླིང་ཕྱོགས་གང་དུ་བལྟས་པ་ཡིན་ནའང་དཀའ་ངལ་མང་པོ་ཞིག་འདུག དེ་དག་མང་པོ་འབྱུང་རྐྱེན་ནི་ཁོང་ཁྲོ་དང་འགྲན་སེམས་སོགས་རེད། དེ་ནི་རྫོགས་རྒྱུ་མེད་པར་ཡོང་གི་ཡོད་པས་ཉོན་མོངས་དབང་གིས་འགྲན་སེམས་སོགས་མ་སྐྱེས་པར་སོ་སོའི་ངོས་ནས་སྙིང་རྗེའི་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད།  ཅེས་སོགས་བཀའ་སློབ་སྩལ་རྗེས་མཛད་སྒོ་ལེགས་པར་གྲུབ་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།