༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཀིརྟི་བྱེས་པ་གྲྭ་ཚང་གི་སྐབས་ལྔ་པའི་ཕར་ཕྱིན་དང་། སྐབས་གསུམ་པའི་མཛོད། སྐབས་གཉིས་པའི་འདུལ་བ་བཅས་ཀྱི་རབ་འབྱམས་པའི་བསླབ་པ་མཐར་སོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་དང་།
སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་འབྲེལ། དངོས་གནས་བསམ་པ་སེམས་བསྐྱེད་དང་། ལྟ་བ་རྟེན་འབྱུང་ཞེས་གསུངས་པ་ཧ་ལས་པ་ཞིག་རེད། རྟེན་འབྱུང་གི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་ནི་དངོས་གནས་དེང་སང་གི་དུས་ཚོད་ལ་ཧ་ཅང་རན་པོ་འདུག ཁྱོད་རང་ཚོས་སློབ་གཉེར་ཡག་པོ་དང་ཆབས་ཅིག་སེར་སྐྱ་ཕོ་མོ་དབྱེ་བ་མེད་པ་ལ་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་ཡོད།