༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

རིགས་ལམ་སློབ་གཉེར་ཁང་གི་སློབ་གཉེར་མཐར་ཕྱིན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། ༢༠༢༢ ཟླ་བ་ ༡༡ ཚེས་ ༨

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་སློབ་དཔོན་སྐབས་ ༩ བ་ཐོན་པའི་སློབ་མ་གྲངས་ ༡༤ དང་། ཟུར་སྦྱོར་བ་ ༢ སྐབས་ ༡༧ པའི་དབུ་མ་རབ་འབྱམས་པའི་སློབ་ཐོན་པ་གྲངས་ ༢༢ དང་། ཟུར་སྦྱོང་བ་ ༤ སྐབས་ ༡༧ པའི་ཕར་ཕྱིན་རབ་འབྱམས་པའི་སློབ་ཐོན་གྲངས་ ༢༥ དང་། ཟུར་སབྱོང་བ་ ༣ བཅས་བསྡོམས་པའི་རྒྱལ་ཁབ་འདྲ་མིན་གྱི་སློབ་གཉེར་བ་གྲངས་ ༦༧ དང་། དགེ་རྒན་ ༦ ལ་རིགས་ལམ་སློབ་གཉེར་ཁང་ཡིག་ཚང་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་ཕོ་བྲང་མཇལ་འཕྲད་ཁང་དུ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་བཀའ་སློབ་སྩལ་དོན། བཀྲ་ཤིས་བདེ་ལེགས། འཛམ་གླིང་འདིར་དེ་སྔ་ཕན་ཚུན་ལ་འབྲེལ་བ་ཆེན་པོ་མེད་པའི་གནས་སྟངས་དེར་དེང་སང་དྲ་རྒྱའི་ཐོག་ནས་འབྲེལ་བ་བྱ་རྒྱུའི་མཚོན་པས་འབྲེལ་ལམ་ལས་སླ་རུ་ཕྱིན་ཡོད། དེ་ལྟ་བུའི་ཐོག་ནས་སྤྱིར་ཆོས་ལུགས་འདྲ་མིན་ལ་དོ་སྣང་བྱེད་མཁན་ཡོང་གི་ཡོད་པ་རེད། ལྷག་པར་དུ་ང་ཚོ་བོད་གངས་ཅན་གྱི་ཆོས་ལ་དེ་སྔ་དེ་ཙམ་དོ་སྣང་མེད་ཀྱང་བར་སྐབས་ཕར་ཚུར་ལ་འབྲེལ་བ་ཤུགས་ཆེ་རུ་ཕྱིན་པ་དང་། བོད་ཀྱི་ནང་ཆོས་འདི་དམིགས་བསལ་རིགས་ལམ་གྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པས་དོ་སྣང་བྱེད་ཀྱི་ཡོད། རྒྱ་མི་གུང་ཁྲན་གྱིས་རྨོངས་དད། རྨོངས་དད་ཟེར་གྱི་ཡོད་ཀྱང་བོད་ཀྱི་ནང་ཆོས་འདི་རྨོངས་དད་མིན་པར་རྒྱུ་མཚན་མང་པོར་བསམ་བློ་གཏོང་གི་ཡོད། ནཱ་ལེནྡྲའི་མཁས་དབང་ཚོས་གཙོ་བོ་རིགས་པའི་ལམ་ནས་གཏན་ལ་ཕབ་པ་མ་གཏོགས་བཅོམ་ལྡན་འདས་ཀྱི་བཀའ་རེད་ཅེས་དད་པ་གཅིག་པུའི་ཐོག་འགྲོ་གི་མེད། རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་བཞིན་ཡོད། ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཀ་མ་ལ་ཤཱི་ལ་སོགས་ཀྱིས་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་གཙོ་འདོན་གྱིས་རིགས་པ་གཙོ་བོར་བྱས་ཡོད།

དེ་སྔ་བོད་དུ་སློབ་སྦྱོང་མེད་མཁན་ཚོ་གནས་ཚུལ་ཁ་ཁ་རེད། སློབ་སྦྱོང་ཡོད་མཁན་ཚོས་རིགས་པའི་ལམ་ནས་དཔྱད་པ་བྱེད་པ་གཙོ་བོར་བྱས་པ་རེད། ང་ཚོ་ཚུར་སླེབས་ནས་ཀྱང་རིགས་པའི་ལམ་ནས་དཔྱད་པ་བྱེད་རྒྱུ་གཙོ་བོ་ཡིན་པས་ཚན་རིག་པའི་ནང་ནས་དམིགས་བསལ་གྱིས་དོ་སྣང་བྱེད་མཁན་ཡོང་གི་འདུག ལྷག་པར་དུ་སེམས་ཁམས་རིག་པ་རེད། ཆོས་ལུགས་མང་ཆེ་བར་དད་པ་གཙོ་བོར་བྱེད་མ་པ་གཏོགས་རྒྱུ་མཚན་ལ་བསམ་བློ་གཏོང་བ་དང་། བསམ་བློའིི་འགྲོ་སྟངས་ཇི་ལྟར་ཡིན་པའམ་སེམས་ཁམས་ཀྱི་འགྲོ་སྟངས་སྐོར་ལ་དེ་ཙམ་དོ་སྣང་ཡོད་པ་མ་རེད། ང་ཚོས་ཐོག་མ་བློ་རིག་ལ་བལྟ་བའི་སྐབས་ནས་བཟུང་བློའི་འགྲོ་སྟངས་བསླབ་ཡོད་པས་དེ་དེང་སང་གི་དུས་ཚོད་ལ་ཆོས་དད་ཡོད་ཀྱང་མེད་ཀྱང་། ནང་པ་ཡིན་ཡང་མིན་ཡང་། སེམས་ཁམས་རིག་པའི་སྐོར་ལ་སློབ་སྦྱོང་བྱས་པ་དེས་ཧ་ཅང་ཕན་ཐོགས་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཚན་རིག་པ་ཚོས་ཀྱང་དོ་སྣང་དང་དགའ་བོ་བྱེད་ཀྱི་འདུག དེར་བརྟེན། དེ་སྔ་བོད་གངས་ཅན་ལྗོངས་སུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་བྱུང་ནས་བསྟན་པའི་ལག་རྗེས་ཡོད་པས་དེང་སང་ཆབ་སྲིད་ཀྱི་ཐོག་ནས་རྒྱ་མི་གུང་ཁྲན་གྱིས་བོད་ལ་དབང་བསྒྱུར་གྱིས་ཧ་ཅང་དམ་དྲག་བྱེད་བཞིན་ཡོད་ཀྱང་། བསམ་བློར་འགྱུར་བ་ཁྱོན་ནས་གཏོང་མ་ཐུབ་པར་ཧ་ཅང་བརྟན་པོ་རེད། བོད་ནང་གི་རྒྱ་ཆེའི་མི་མང་རྣམས་སངས་རྒྱས་པའི་ཆོས་ལ་དད་པ་དང་། ༸རྒྱལ་བ་རིན་པོ་ཆེར་དགའ་བོ་བྱེད་པ་ནི་འགྱུར་བ་མེད་པར་ཧ་ཅང་བརྟན་པོ་རེད།

ངོས་རང་སྐྱེས་ས་མདོ་སྨད་ནས་དབུས་གཙང་དུ་ཡོང་ནས་ཡོངས་འཛིན་རྣམ་པའི་ཐུགས་རྗེ་བཀའ་དྲིན་ལ་རྟེན་ནས་སློབ་གཉེར་ཏོག་ཙམ་བརྒྱབ་པ་དང་། ཐ་མ་ངོས་ཀྱིས་གྲྭ་སྐོར་བྱས་པ་དང་། དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་པ་ཡིན། ནང་པ་སངས་རྒྱས་པའི་ཆོས་གཅིག་པ་ཐའེ་ལན་དང་། ཝེ་ནམ། ཤྲི་ལངྒ་སོགས་ཆོས་ལ་དད་པ་ཧ་ཅང་ཆེན་པོ་རེད་དེ་སློབ་གཉེར་གཏིང་ཟབ་མོ་ཞིག་ཡོད་པ་མ་རེད། འདི་ཧ་ཅང་གསལ་བོ་རེད། བོད་གངས་ཅན་གྱི་ལྗོངས་སུ་སློབ་གཉེར་ཧ་ཅང་གཏིང་ཟབ་མོ་དང་། ལོ་སུམ་ཅུ་བཞི་བཅུར་པོ་ཏི་ལྔ་ལ་སློབ་སྦྱོང་བྱས་ཏེ་དགེ་བཤེས་འཇོག་གི་ཡོད། དེར་བརྟེན། ནང་པའི་ཡུལ་གྲུ་ཁག་ལས་བོད་ནི་རིགས་ལམ་གྱི་ཐོག་ནས་སློབ་གཉེར་གནང་མཁན་གཅིག་པུ་རེད། ཧ་ཅང་གཏིང་ཟབ་པོ་དང་རྒྱ་ཆེན་པོ་རེད། ཧ་ཅང་ཡག་པོ་རེད།

བོད་དུ་ཡོད་པའི་རྒྱ་ཆེའི་མི་མང་གིས་ང་ཚོའི་ཕ་མེས་ནས་ཡོད་པའི་ལུང་རྟོགས་ཀྱི་བདག་ཉིད་ཅན་གྱི་སངས་རྒྱས་པའི་ཆོས་འདི་ལ་སོ་སོའི་མི་རིགས་ཀྱི་ཞེན་ཁོག་རེད་ལ། གང་ལྟར་བསམ་བློ་ཏོག་ཙམ་ཡོད་མཁན་ཚོས་རྒྱུ་མཚན་ལྡན་པ་ཞིག་ལ་མཐོང་ནས་དམིགས་བསལ་དོ་སྣང་ཞིག་ཡོང་གི་འདུག ངོས་ཀྱི་ངོ་ཤེས་པ་ཁ་ཤས་ཀྱིས། རྒྱའི་མཁས་དབང་དེ་འདྲས་ང་ཚོས་འདི་ནས་དཔར་འདེབས་བྱས་པའི་དེབ་ལ་བལྟས་ཏེ་བོད་ཀྱི་ནང་ཆོས་འདི་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དང་། ཚན་རིག་དང་མཐུན་པ་རེད་ཅེས་དོ་སྣང་དམིགས་བསལ་བྱེད་མཁན་ཡོང་གི་འདུག་ཟེར།  ང་ཚོའི་བོད་པ་ཁ་ཤས་ཀྱིས་བཤད་རྒྱུར། རྒྱ་གུང་ཁྲན་གྱིས་བོད་དབང་བསྒྱུར་བྱས་ནས་བོད་གངས་ཅན་པའི་ཆོས་དང་རིག་གཞུང་གི་བསམ་བློར་འགྱུར་བ་གཏོང་བའི་འབད་བརྩོན་རིམ་པར་བྱས་པ་དང་། འཇམ་རྩུབ་སྣ་ཚོགས་ཀྱི་ཐོག་ནས་ཐབས་ཤེས་མང་པོ་བྱས་ཀྱང་གང་ཡང་བྱུང་མེད། དེའི་ཚབ་ལ་རྒྱ་རིགས་ནང་ནས་བོད་ཀྱི་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཟེར། ངོས་རང་འདིར་༸རྒྱལ་བ་རིན་པོ་ཆེ་ཞེས་བོད་ཀྱི་ཆོས་དང་སྲིད་ཀྱི་འགན་ཡོད་པ་མཐོང་གི་ཡོད་པ་རེད། དེ་སྔ་ཡིན་ན་རྒྱ་མིས་ཏཱ་ལེ་ལོག་སྤྱོད་པ་ཞེས་བཤད་ཀྱི་ཡོད། དེང་སང་ཏཱ་ལའི་བླ་མ་ཟེར་དུས་ཤེས་ཡོན་ཅན་ཞིག་ལ་བརྩི་གི་འདུག རྒྱ་རིགས་ནང་དུ་ངོས་ཀྱིས་ནང་ཆོས་འགྲེལ་བཤད་བརྒྱབ་པའི་སྐད་འཁོར་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་གི་འདུག འཛམ་གླིང་འདིར་དངོས་ཡོད་གནས་ཚུལ་ལ་སྤྱིར་ནང་པའི་ཆོས་དང་། དེའི་ནང་ཚན་ནས་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་འདི་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་ལ་འགྲོ་གི་འདུག ཁ་ཤས་ཀྱིས་ངོས་ལ། རྒྱ་མིས་ཆབ་སྲིད་ཀྱི་ཐོག་ནས་བོད་དབང་བསྒྱུར་བྱས་པ་རེད་དེ། ཆོས་ཕྱོགས་ཀྱི་ཐོག་ནས་མར་རྒྱ་ནག་ལ་འགྲོ་དོན་ཤུགས་ཆེ་ཙམ་ཡོང་ཐུབ་པ་བཤད་མཁན་འདུག དེ་ཕལ་ཆེར་ཡོང་སྲིད་པ་ལྟ་བུ་ཞིག་རེད། ང་ཚོའི་མི་རབས་འདིས་སངས་རྒྱས་ཀྱི་བསྟན་པ་དེ་སྔ་དར་བ་དང་། བར་སྐབས་ཉམས་ཡོད་པ་ཚོ་ལ་བསྟན་པ་ཉམས་པ་སླར་གསོ་དང་། དེ་ནས་མི་ཉམས་གོང་ནས་གོང་དུ་སྤེལ་བ་ཡོང་བའི་གནས་ཚུལ་ཞིག་ཆགས་ཀྱི་འདུག ཁྱོད་རང་ཚོས་གྲྭ་སར་སློབ་གཉེར་རྒྱག་ཡོད་པ་རེད། བོད་གངས་ཅན་ལྗོངས་སུ་ལོ་ངོ་སྟོང་ཕྲག་རིང་ལ་ཐོག་མར་བསྡུས་གྲྭ་ནས་བློ་རིགས། རྟགས་རིགས། ཕར་ཕྱིན་སྦྱོང་གི་ཡོད། མང་ཆེ་བས་ཆུང་ཆུང་སྐབས་ནས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བློ་ལ་འཛིན་གྱི་ཡོད། རྒྱ་གར་ལ་སླེབས་ནས་ངོས་ཀྱིས་དང་དོད་བྱས་ཏེ་མཛོད་རྩ་བ་བློ་ལ་བཟུང་བ་ཡིན། ག་ལེར་བསམ་བློ་གཏོང་དུས། ཉི་ཟླ་ལྷུན་པོའི་ཕྱེད་ནའོ།། དཔག་ཚད་ལྔ་བཅུ་གཅིག་དང་བཅས།། ཞེས་སོགས་གསུངས་པ་ལ་ངོས་རང་ཡིད་ཆེས་མེད།

སློབ་དཔོན་དབྱིག་གཉེན་གྱིས་སྐབས་དེའི་རྒྱ་གར་གྱི་ཆོས་པ་ཚོའི་གྲགས་ཚོད་དང་བསྟུན་ནས་གསུངས་པ་མ་གཏོགས་སློབ་དཔོན་དབྱིན་གཉེན་བཞུགས་ཡོད་ན་རི་རབ་གང་དུ་ཡོད་པ་རེད་ཅེས་བཀའ་འདྲི་ཞུ་དགོས། ཉི་ཟླ་ལྷུན་པོའི་ཕྱེད་ནའོ།།  དཔག་ཚད་ལྔ་བཅུ་གཅིག་དང་བཅས།། ནམ་ཕྱེད་ཉི་མ་ནུབ་པ་དང༌།། ཉི་མ་ཕྱེད་དང་འཆར་དུས་གཅིག། ཅེས་སོགས་སྐབས་དེར་གྲགས་ཚོད་རེད་མ་གཏོགས་དབྱིན་གཉེན་གྱིས་མཐའ་གཅིག་ཏུ་ཡིད་ཆེས་གནང་གི་ཡོད་ན་མེད་ན་མི་ཤེས། ཡིད་ཆེས་གནང་གི་ཡོད་ན་དེང་སང་ཚ་དང་འཁོར་གསུམ་མང་པོ་རྒྱག་རྒྱུ་ཡོད་པ་རེད།

ཚད་མ་རྣམ་འགྲེལ་ཧ་ཅང་ཡག་པོ་རེད། ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་དུ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ།། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས།། ཞེས་གསུངས་པ་ནི་ཧ་ལས་པ་ཞིག་རེད། རྗེ་རིན་པོ་ཆེས་རྟོགས་བརྗོད་འདུན་ལེགས་མ་ལས། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན།། ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས།། རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས།། ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི།། བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ།། ངེས་པ་གཏིང་ནས་རྙེད་པ་་་།། ཞེས་གཞན་དང་མ་འདྲ་བ་ཞིག་འདུག་གསུངས་པ་ཧ་ཅང་བདེན་པ་རེད། ཧ་ཅང་ཡག་པོ་རེད། ངོས་རང་ལ་ཆ་གཞག་ན་རྒྱ་གར་ལ་སླེབས་ནས་དེ་སྔ་དཔེ་ཆར་བལྟས་ཟིན་པ་ལ་བསྐྱར་ལོག་བརྒྱབ་ནས་བལྟས་ཡོང་དུས་ཚད་མའི་འགྲོ་སྟངས་ནི་ཧ་ཅང་ཡག་པོ་རེད། གང་ལྟར་སངས་རྒྱས་པའི་ཆོས་ལ་རྒྱུ་མཚན་གྱི་ཐོག་ནས་དཔྱད་པ་བྱེད་པ་ཞིག་དང་། དེའི་ཐོག་ལ་ལྟ་གྲུབ་ནི་ཀླུ་སྒྲུབ་ཀྱི་ལྟ་གྲུབ་རྣམས་སྣོན་པ་བརྒྱབ་ཡོང་དུས་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནི་ཧ་ཅང་ཡག་པོ་རེད། རྒྱུ་མཚན་ལ་བསམ་བློ་བཏང་བ་ཚུར་གཤིས་རྒྱུད་ལ་སྦྱར་ཡོང་སྐབས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བའི་ཐོག་ལ་བབ་ཡོང་བ་ཧ་ཅང་ཡག་པོ་རེད།

ངོས་ལ་ཆ་གཞག་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་རྒྱུན་དུ་བསམ་བློ་གཏོང་གི་ཡོད། དངོས་གནས་དྲང་གནས་ལོ་དང་ཟླ་བར་སྦྲེལ་ནས་བསམ་བློ་གཏོང་དུས་སེམས་ལ་འགུལ་སྐྱོད་ཐེབས་པ་ཞིག་ཡོང་གི་འདུག དེར་བརྟེན། བོད་གངས་ཅན་གྱི་ལྗོངས་ཀྱི་སྔོན་བྱོན་སྐྱེས་བུ་དམ་པ་ཚོས་གཏན་ལ་ཕབ་པའི་གཞུང་ཆེན་མོར་སློབ་སྦྱོང་བྱེད་པ་ནི་སྤོབས་པ་ཚ་དྲག་པའི་སྐྱོན་ཡོད་ན་མ་གཏོགས། ཕལ་ཆེར་འཛམ་བུ་གླིང་གི་སྤྱི་ནོར་ཆགས་ཡོད། དེང་སང་འཛམ་གླིང་འདིར་དངོས་པོ་ཡར་རྒྱས་རྐྱང་པ་མ་གཏོགས་སེམས་ཁམས་རིག་པའི་སྐོར་ལ་བཤད་མཁན་དཀོན་པོ་རེད། སེམས་ཁམས་རིག་པ་བཤད་ནས་བློ་ཇི་ལྟར་འདུལ་ཐབས་བྱེད་ལུགས་ནི་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་གཞུང་ཆེན་དག་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་ཡག་པོ་རེད། མཐའ་གཅིག་ཏུ་ཆོས་དད་ཡོད་མེད་ཀྱི་སྐད་ཆ་མིན་པར་ཆོས་དད་མེད་ནའང་སེམས་ཇི་ལྟར་ཞི་བདེ་བཟོ་དགོས་པ་ཤེས་དགོས། ཁོང་ཁྲོ་དང་ང་རྒྱལ་གྱིས་སེམས་མ་སྐྱིད་པ་བཟོ་བཞིན་ཡོད། དེ་དག་སེལ་བར་ལྟ་གྲུབ་ཧ་ཅང་གསལ་བོ་ཞིག་བཤད་ཀྱི་ཡོད། བྱང་ཆུབ་སེམས་མཆོག་གི་སྐོར་ཡང་ཧ་ཅང་གསལ་བོ་བཤད་ཀྱི་ཡོད། དེ་དག་ལ་བསམ་བློ་གཏོང་དུས་དངོས་གནས་སེམས་ལ་ཞི་སྒྲུབ་རྒྱུ་ཡོད་པ་ཞིག་དང་། བླ་མ་མཁྱེན་ཟེར་བ་དང་། སངས་རྒྱས་མཁྱེན་ཟེར་བ་གཅིག་པུ་མིན་པར་བསམ་བློ་གཏོང་དུས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བས་ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་འགུལ་སྐྱོད་ཐེབས་རྒྱུ་ཡོད་པ་ནི་ཧ་ལས་པ་ཞིག་རེད།

བོད་གངས་ལྗོངས་ཀྱི་སངས་རྒྱས་པའི་ཆོས་ཚུལ་རྒྱ་ཆེ་གཏིང་ཟབ་དང་། ཚན་རིག་གི་ལམ་ནས་མོས་པ་སླེབས་པ། ཚན་རིག་པ་ཚོས་ཡིད་ཆེས་སླེབས་པ་ཞིག་ཡོད་པ་རེད། མཛོད་ལྟེབ་ནས་བཞག་ན་འགྲིག་གི་འདུག དཔལ་ལྡན་ཟླ་བ་གྲགས་པས་དབྱིན་གཉེན་སོགས་ཀྱིས་ཟབ་མོའི་དགོངས་དོན་གསལ་བོ་རྟོགས་ཡོད་པ་མ་རེད། ཅེས་འཇུག་པ་རང་འགྲེལ་ན་གསལ་བོ་འདུག དཔལ་ལྡན་ཟླ་བ་གྲགས་པས་སློབ་དཔོན་དབྱིན་གཉེན་ཧ་ཅང་རྩ་ཆེན་པོ་རེད་ཅེས་ཟུར་ལ་བཞག་ཡོད་པ་རེད། ངོས་ཀྱང་དེ་རང་ཡིན། དཔལ་ལྡན་ཟླ་བ་གྲགས་པའི་རྗེས་འབྲང་དང་རིགས་པའི་ལམ་ནས་དཔྱད་པ་བྱེད་མཁན་ཞིག་ཡིན་པས་གནས་བརྟན་དབྱིག་གཉེན་སོགས་ཀྱིས་བཀའ་མོལ་མང་པོ་མ་གནང་ནས་བཞུགས་རོགས་གནང་ཞུ་དགོས་པ་ལྟ་བུ་ཆགས་ཀྱི་འདུག གང་ལྟར་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་དབུ་ཕར་གཙོ་བོ་བྱས་ཏེ། དེ་ཡང་རིགས་ལམ་གྱི་ཐོག་ནས་འགྲོ་རྒྱུ་ཡོད་པ་ནི་ཧ་ཅང་སྤུས་དག་པོ་རེད།  ཁྱོད་རང་ཚོ་སློབ་སྦྱོང་བྱེད་མཁན་རེད། ཧུར་ཐག་གནང་ཤོག

བར་སྐབས་བོད་ལ་ས་དགེ་བཀའ་རྙིང་ཟེར་བ་སོགས་གྲུབ་མཐའི་འཐེན་འཁྱེར་ཅུང་ཡོང་གི་ཡོད་པ་རེད། དེ་ནི་བློ་ཆུང་ཕན་བཏགས་ཟེར་བ་དེ་རེད། གང་ལྟར་བོད་གངས་ཅན་གྱི་ལྗོངས་ལ་ཆོས་ལུགས་ཀྱི་འཐེན་འཁྱེར་ཏོག་ཙམ་ཡོང་བསྡད་པ་རེད། ང་ཚོ་བཀའ་བརྒྱུད་པ་ཡིན། ང་ཚོ་ས་སྐྱ་བ་ཡིན། ང་ཚོ་དགེ་ལུགས་ཡིན་ཟེར་བ་ལྟ་བུ་ཡོང་བ་རེད། དེ་དག་ནི་གཞུང་བལྟ་རྒྱུ་ཅུང་མ་འདྲ་བས་རེད། སྔོན་གྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པའི་དབང་པོ་ཚོས་མཛད་པའི་གཞུང་དེ་དག་མཐོང་བ་ཡིན་ན་ང་ཚོ་བཀའ་བརྒྱུད་པ་ཡིན། ང་ཚོ་ས་སྐྱ་བ་ཡིན། ང་ཚོ་དགེ་ལུགས་ཡིན་ལྟ་བུ་མང་པོ་བཤད་ས་མེད་པ་རེད། དོན་དག་བྱེ་བྲག་པ་ལ་གསལ་འདོན་བྱས་ཏེ་གསུངས་པ་དེ་འདྲ་ཡོད་པ་རེད། དེ་ནི་གནས་ཚུལ་ཁ་ཁ་རེད། དེར་བརྟེན། ངོས་ཀྱི་ངོས་ནས་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་རྣམས་ལ་ཞར་ཞོར་ལ་བལྟས་པ་དང་། གཙོ་བོ་ཀླུ་སྒྲུབ་ཡབ་སྲས་དང་རྒྱ་གར་མཁས་པའི་གཞུང་རྩ་བར་གཞག་ནས་འགྲོ་གི་ཡོད། ཁྱེད་རང་ཚོས་ཀྱང་དེ་བཞིན་དགོངས་པ་བཞེས། དེ་སྔ་མེད་པ་དེང་སང་གནས་ཚུལ་གསར་པ་གཅིག་ནི་ཚན་རིག་གི་གནས་ཚུལ་ཆགས་ཀྱི་ཡོད། དེ་ཡང་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཡོད། འགལ་བ་གང་ཡང་ཡོད་པ་མ་རེད། ཚན་རིག་གི་ཐོག་ནས་མཐོང་བ་མངོན་གྱུར་གྱི་སྐོར་བཤད་ཀྱི་ཡོད་པ་རེད་མ་གཏོགས་ཅུང་ཟད་ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་གྱི་སྐོར་ལ་གང་ཡང་ཤེས་ཀྱི་མ་རེད། དེར་བརྟེན། བོད་གངས་ཅན་ལྗོངས་ཀྱི་སྔོན་གྱི་མཁས་པའི་དབང་པོ་ཚོས་སྲེག་བཅད་བརྡར་གསུམ་གནང་བའི་གཞུང་ཆེན་ཡོད་པ་འདི་ང་ཚོའི་ཚོང་དང་འདྲ་ན་མ་རྩ་ལྟེ་བ་རེད། དེའི་ཐོག་ལ་དེང་སང་གི་ཚན་རིག་སྣོན་པ་རྒྱག་རྒྱུ་ཡོད་པ་ཞིག་ཆགས་ཡོད། དེ་ལྟར་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།