༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཧ་རི་ཡ་ནའི་རྒྱ་གར་འཛིན་སྐྱོང་སློབ་གཉེར་ཁང་ལ་བཀའ་སློབ་སྩལ་བ། ༢༠༢༡ ཟླ་བ་ ༡༢ ཚེས་ ༢༣

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་རི་ཡ་ནའི་རའོ་ཊག་ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་གར་འཛིན་སྐྱོང་སློབ་གཉེར་ཁང་(the Indian Institute of Management (IIM) Rohtak.) གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བྱམས་པ་དང་བརྩེ་བས་དཀའ་ངལ་ལ་གཏོང་ལེན་བྱ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་དགུ་བ་མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་སམ་ལ་མའི་ཕོ་བྲང་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་ཧ་རི་ཡ་ནའི་རྒྱ་གར་འཛིན་སྐྱོང་སློབ་གཉེར་ཁང་གི་སྐུ་ཞབས་ཌི་རཱ་ཇེ་ཞར་མ་(Prof.Dheeraj Sharma)ལགས་ཀྱིས་དྲ་ལམ་བརྒྱུད་༸གོང་ས་མཆོག་ལ་འཚམ་འདྲི་དང་འབྲེལ། འདས་པའི་དུས་རབས་ཁག་གི་ནང་དུ་འཛམ་གླིང་ནང་དུ་དཀའ་ངལ་ཧ་ཅང་མང་པོ་ཞིག་ལ་གདོང་ལེན་བྱས་ཡོད། ཕྱོགས་གཅིག་ནས་ང་ཚོར་མཐུན་རྐྱེན་གང་ཡོད་པ་དེ་དག་བེད་སྤྱོད་བྱེད་ཐུབ་ཡོད། འཕྲུལ་ཆས་ཀྱི་རིགས་རྣམས་ཚད་ལྡན་དུ་བེད་སྤྱོད་གཏོང་བའི་སྐབས་ཤིག་བྱུང་ཡོད་ཀྱང་། འཕྲུལ་ཆས་ཀྱིས་མི་ཚེ་ལ་ཕན་གནོད་གང་ཡོང་ང་ཚོས་བཤད་ཁག་པོ་ཆགས་ཡོད། རྒྱལ་སྤྱིའི་ནང་དུ་མི་ཕན་ཚུན་དང་ལུང་པ་ཕན་ཚུན་མི་མཐུན་པའི་འགལ་ཟླ་ཤུགས་ཆེན་པོར་ཕྱིན་་ཡོད། དེ་བཞིན་སྤྱི་ཚོགས་ནང་དུ་ཐོབ་ཐང་རྩོད་མཁན་མང་དུ་འགྲོ་བཞིན་པ་དང་། མཐོང་ཆུང་ཁྱད་གསོད་ཀྱི་གནས་ཚུལ་ཡང་ཐོན་བཞིན་ཡོད། ང་ཚོའི་སྤྱི་ཚོགས་ནང་དུ་ཁ་ཤས་ལ་ཐོབ་ཐང་སོགས་ཆེན་པོ་ཡོད་པ་དང་། དེའི་དབང་གིས་གཞན་ལ་ཁྱད་གསོད་ཀྱི་གནས་ཚུལ་ཡོང་བཞིན་ཡོད། ཅེས་དང་། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གྱི་ཐོག་ནས་བསམ་བློ་གཏོང་ཕྱོགས་ལ་ཕན་པའི་རེ་བའི་ཐོག་གདན་ཞུ་ཞུས་པ་ཡིན། ཞེས་སོགས་ངོ་སྤྲོད་གསུང་བཤད་གནང་བ་དང་།

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་རྒྱ་གར་གྱི་གྲོགས་པོ་ཚོ་དང་མཉམ་དུ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང་། རྒྱ་གར་དང་རྒྱ་ནག་ནི་འཛམ་གླིང་འདིར་མི་འབོར་མང་ཤོས་ཆགས་ཡོད། རྒྱ་གར་ལ་མཚོན་ན་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་འཚེ་མེད་ཞི་བ་དང་། བྱམས་སྙིང་རྗེའི་ཉམས་ལེན་གྱི་ལྟ་བ་ལོ་ངོ་སྟོང་ཕྲག་རིང་གནས་ཡོད། དངོས་སུ་ང་རང་ཚོའི་མཐོང་ཆོས་སུ་ཡོད་པ་ནི་རྒྱ་གར་ནང་དུ་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མ་མཐུན་འབྲེལ་གྱི་ངང་དུ་གནས་ཐུབ་ཀྱི་ཡོད། རྒྱ་གར་ནང་དུ་འཚེ་མེད་ཞི་བའི་ལྟ་གྲུབ་ཡོད་པས་ཆོས་ལུགས་ཆེ་ཁག་ཚང་མ་འཆམ་མཐུན་ངང་གནས་ཐུབ་པ་བྱུང་བ་རེད། དེར་བརྟེན། རྒྱ་གར་ལ་ལོ་ངོ་སྟོང་ཕྲག་གོང་ནས་ཡོད་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་ནི་ཧ་ཅང་ནུས་པ་ཆེན་པོ་རེད། ཁྱོད་ཚོས་དེ་ལྟ་བུའི་རིག་གཞུང་དང་གོམས་སྲོལ་བཟང་པོ་ཞིག་དངོས་སུ་སོ་སོའི་མི་ཚེའི་ནང་ཉམས་ལེན་བྱེད་བཞིན་པ་རེད། ཉུང་ཤས་ལ་ཆོས་ལུགས་དང་འབྲེལ་བའི་དཀའ་ངལ་ཕྲན་བུ་བཟོ་བཞིན་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་ལོ་ངོ་སྟོང་ཕྲག་གོང་ནས་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཞག་ནས་ཆོས་ལུགས་མ་འདྲ་བ་ཕན་ཚུན་དབར་ལ་འཆམ་མཐུན་ཧ་ཅང་ཡག་པོ་ཡོད་པ་རེད། ལོ་བཅུ་ཕྲག་ཁ་ཤས་སྔོན་ནས་རྒྱ་གར་ནི་ངོས་ཀྱི་སྡོད་གནས་ཆགས་ཡོད། རྒྱ་གར་གྱི་ཡུལ་མི་དང་ཆོས་ལུགས་ཀྱི་མགོ་ཁྲིད་རྣམ་པའི་བསམ་པའི་ནང་དུ་འཚེ་མེད་ཞི་བའི་དགོངས་ཚུལ་མུ་མཐུད་དུ་གནས་མུས་རེད།

རྒྱུན་ལྡན་དུ་ངོས་ཀྱིས་ཆོས་ལུགས་མཐུན་འབྲེལ་ཡོང་བའི་དཔེར་མཚོན་གཅིག་ནི་རྒྱ་གར་ཡིན་པ་བརྗོད་ཀྱི་ཡོད། ཆོས་ལུགས་ཀྱི་ལྟ་གྲུབ་ཀྱི་སྐོར་ནས་མཁས་དབང་རྣམ་པར་མི་མཐུན་པའི་གནས་ཡོད་པ་རེད། ཡིན་ནའང་། སྤྱི་ཡོངས་ནས་ཆོས་ལུགས་མི་འདྲ་བ་ཉམས་ལེན་བྱེད་མཁན་ཚོས་ཕན་ཚུན་ལ་སྡང་སེམས་མེད་པའི་ཐོག་ནས་གནས་ཐུབ་པ་ཞིག་བྱུང་ཡོད། དེར་བརྟེེན། རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་གྱི་མིག་དཔེ་བཟང་པོ་འདིས་འཛམ་གླིང་ལ་ཞབས་ཞུ་ཆེན་པོ་ཞིག་ཞུ་ཐུབ་ཀྱི་རེད་བསམ་གྱི་འདུག ངོས་རང་བོད་ནས་རྒྱ་གར་དུ་འབྱོར་བ་ནས་ཕྱོགས་གཅིག་ནས་བཙན་བྱོལ་བ་དང་ཕྱོགས་གཅིག་ནས་རྒྱ་གར་གཞུང་གི་སྐུ་མགྲོན་ཆགས་ཡོད། རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་གྱིས་ཡིད་དབང་འཕྲོག་ནས་མི་མང་ལ་གཏམ་བཤད་བྱེད་སྐབས་རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་གྱི་ལྟ་གྲུབ་འདི་མིག་དཔེར་འཛིན་འོས་པའི་སྐོར་བརྗོད་བཞིན་ཡོད།

དེང་གི་རྒྱ་གར་གྱི་སློབ་གསོའི་ལམ་ལུགས་ནི་ཕྱི་དངོས་པོ་ཡར་རྒྱས་ལ་ཧ་ཅང་རྩལ་འདོན་བྱས་ཡོད་ལ་དེ་དང་འབྲེལ་ནས་ཚན་རིག་གི་སློབ་སྦྱོང་ཡང་ཡོང་བཞིན་ཡོད། ཤེས་ཡོན་ནང་དུ་རྒྱ་གར་ལ་ལོ་ངོ་སྟོང་ཕྲག་རིང་ཡོད་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་གཉིས་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་སློབ་ཐུབ་པའི་འབད་བརྩོན་གནང་དགོས་ཀྱི་རེད་བསམ་གྱི་འདུག སློབ་གྲྭ་ཆེ་འབྲིང་སོགས་སུ་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་རྒྱ་གར་གྱི་རིག་གཞུང་ཟབ་མོ་འདི་ངེས་པར་དུ་བསྐྱར་གསོ་བྱས་ཏེ་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་སླར་གསོ་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་གྱི་རང་བཙན་རྩོད་ལེན་པ་གྷན་དྷེ་མཆོག་ལ་མཚོན་ན་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས་རང་བཙན་བརྩད་པ་རེད། གྷན་དྷེ་མིག་དཔེར་བཟུང་ནས་ལྷོ་ཨ་ཧྥུ་རི་ག་དང་ཡུལ་གྲུ་གཞན་དག་ཏུ་འཚེ་མེད་ཞི་བའི་ལྟ་གྲུབ་ལ་མིག་དཔེ་བཟུང་ནས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་བྱས་ཡོད།

དེང་སང་ལྟ་བུར་མཚོན་ན་འཛམ་གླིང་འདིར་སྤྱོད་བཟང་གིས་ཕོངས་པའི་དཀའ་ངལ་ཡོད་པ་རེད། དེ་ལྟ་བུའི་སྐབས་འདིར་རྒྱ་གར་གྱིས་འཛམ་གླིང་སྤྱི་ལ་བྱམས་པའི་ཉམས་ལེན་གྱི་མིག་དཔེ་སྟོན་པའི་གོ་སྐབས་ཡོད། འཚེ་མེད་ཞི་བ་ནི་སེམས་དཔའ་ཆེན་པོ་གྷན་དྷེ་ཡིས་འཛམ་གླིང་ལ་ཧ་ཅང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེ་བཞིན་བྱམས་བརྩེའི་ཉམས་ལེན་ཐད་ལའང་རྒྱ་གར་གྱིས་འབད་བརྩོན་ཤུགས་ཆེ་ཙམ་གནང་དགོས། དེ་ལ་ཐོག་མར་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་རྒྱ་གར་གྱི་སློབ་གྲྭ་ཁག་ཏུ་བྱམས་བརྩེའི་ཉམས་ལེན་སློབ་ཚན་ཏུ་བཟུང་ནས་སློབ་སྦྱོང་བྱེད་དགོས། ཆོས་ལུགས་ཀྱི་དད་པ་ཡོད་མེད་ལ་མ་བལྟས་པར་ང་ཚོ་མ་ལས་སྐྱེས་པའི་ཉམས་མྱོང་གི་ཐོག་ནས་བརྩེ་བའི་བསམ་པ་ལྷན་སྐྱེས་སུ་ཡོད་པས་སློབ་ཚན་ནང་དུ་བྱམས་པའི་ཉམས་ལེན་ལ་ཐུགས་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  དེ་ནི་ཆོས་ལུགས་བྱེ་བྲག་པ་གཅིག་གི་ལྟ་གྲུབ་གཞིར་བཟུང་ནས་སློབ་སྦྱོང་གནང་བ་ཙམ་མ་ཡིན་པར། སྤྱིར་བཏང་གི་རྒྱུ་མཚན་ལ་བསམ་བློ་བཏང་ན་འཚེ་མེད་ཞི་བའི་སྐོར་ལ་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཆགས་ཡོད། ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་ཕན་ཚུན་འཐབ་རྩོད་དང་དམག་འཁྲུག་མང་པོ་བྱུང་བ་རེད། མང་པོ་ཞིག་གོ་མཚོན་བཟོ་བའི་ཕྱོགས་སུ་བཏང་ཡོད་པ་རེད། དེར་བརྟེན། རྒྱ་གར་ལ་ལོ་ངོ་སྟོང་གོང་ནས་ཡོད་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་བསྐྱར་གསོ་བྱས་ཏེ་འཛམ་གླིང་སྤྱི་ལ་ཁྱབ་པ་ཞིག་བྱེད་དགོས།

རྒྱ་གར་གྱི་དེང་དུས་སློབ་གསོའི་ནང་དུ་དེང་རབས་སློབ་གསོ་དང་གནའ་བོའི་རིག་གཞུང་ཟུང་འབྲེལ་གྱིས་སློབ་གསོ་སྤྲོད་དགོས་ཞེས་ཞུ་བཞིན་ཡོད། རྒྱ་གར་ནི་ངོས་རང་བཙན་བྱོལ་ལ་སླེབས་པ་ནས་ནང་ལྟ་བུ་ཆགས་ཡོད། དེར་བརྟེན། ད་ལྟའི་རྒྱ་གར་གྱི་གནས་སྟངས་ལ་བལྟས་ན་ནུས་པ་ཡོད་པར་མཐོང་གི་འདུག ཁྱོད་རང་ཚོའི་ངོས་ནས་འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྗེས་མ་ངོས་རང་ལྡི་ལིར་ཕྱིན་ནས་ཇོ་བ་ལ་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཚོ་དང་ཐུག་ནས་དེང་དུས་ཤེས་ཡོན་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཟུང་འབྲེལ་བྱེད་ཐབས་ལ་གྲོས་མོལ་བྱེད་འདོད་ཡོད། ངོས་རང་བཙན་བྱོལ་བ་དང་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ནས་སྡོད་པའི་རིང་ལ་རྒྱ་གར་གྱི་གནའ་རབས་རིག་གཞུང་ཟབ་མོ་འདི་ལ་ཧ་ཅང་ནུས་པ་ཡོད་པ་ར་གསལ་བོ་འཕྲོད་བྱུང་། འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་ཟུང་དུ་སྦྲེལ་བའི་ཐོག་ནས་ནུས་པ་ཆེན་པོ་ཐོན་བཞིན་འདུག

ངོས་རང་ལ་ལོ་ངོ་བཅུ་ཕྲག་རིང་ལ་ཀླད་པའི་ཚན་རིག་པ་དང་མཁས་དབང་མང་པོའི་མཉམ་དུ་གྲོས་མོལ་ཞུ་བའི་གོ་སྐབས་བྱུང་བ་རེད། ཀླད་པའི་ཚན་རིག་པ་ཚོས་ཀྱང་བྱམས་སྙིང་རྗེའི་ཉམས་ལེན་ལ་ཡི་རངས་དང་དགའ་མོས་ཆེན་པོ་གནང་གི་འདུག ཁོང་ཚོས་བརྟག་དཔྱད་ཀྱི་ཐོག་ནས་བྱམས་སྙིང་རྗེའི་ཉམས་ལེན་གྱིས་ཀླད་པའི་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་པ་བཤད་ཡོང་གི་འདུག དེ་ལྟ་མ་ཡིན་པར་ལྡོག་སྟེ་ཁོང་ཁྲོ་ལྟ་བུ་ཉོན་མོངས་པའི་རིགས་ཀྱིས་ཀླད་པའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་ཁོང་ཚོར་ར་འཕྲོད་ཡོད། དེར་བརྟེན། དེང་དུས་ཀྱི་ཚན་རིག་པ་མང་པོས་སེམས་ཀྱི་ཞི་བདེའི་ཆེད་དུ་ཐུགས་སྣང་མང་པོ་གནང་གི་ཡོད། སེམས་བག་ཕེབས་པོ་ཡོང་བ་ཡིན་ན་དེའི་དབང་གིས་གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཡོང་གི་ཡོད། ང་ཚོས་གཙོ་བོ་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་དང་། ཞི་བདེ་ལྡན་པ་ཞིག་བསྐྲུན་པའི་དམིགས་ཡུལ་འཛིན་དགོས། གོ་མཚོན་སོགས་ཀྱིས་འཛམ་གླིང་ཞི་བདེ་ཡོང་མི་ཐུབ། འཛམ་གླིང་ཞི་བདེ་དགོས་ཀྱི་ཡོད་ཚེ་བྱམས་བརྩེའི་ཉམས་ལེན་དགོས་ཀྱི་ཡོད། མི་ནི་ཤ་གཟན་སེམས་ཅན་ལྟ་བུ་མ་ཡིན་པར་ལྷན་སྐྱེས་ཀྱིས་བྱམས་བརྩེ་ལྡན་པ་ཞིག་ཡིན། གོང་དུ་ཞུས་པ་ལྟར་རྒྱ་གར་ལ་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན། དེང་དུས་ཀྱི་སློབ་སྦྱོང་ཟུང་དུ་སྦྲེལ་བའི་ནུས་པ་ཏན་ཏན་ཡོད་པ་རེད། དེ་ལྟ་བུའི་ཐབས་ལམ་ཡང་ཆོས་ལུགས་ལ་བསྟེན་མི་དགོས་པར་དངོས་སྟོབས་ཀྱི་རྒྱུ་མཚན་ལ་བསྟེན་ནས་ཡོང་དགོས། ཞེས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད་པ་རེད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།