༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

སྟོང་ལོ་གསར་པར་སེམས་ཀྱི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་བ། ༢༠༢༡ ཟླ་བ་ ༡༡ ཚེས་ ༢༤

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷར་ཛལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་པཱ་ལཱསི་ཨ་ཐེ་ན་(Palas Athena)ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སྟོང་ལོ་གསར་པར་སེམས་ཀྱི་ཤེས་ཡོན་(Educating the Heart in the New Millennium)ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་པ་ལཱསི་ཨ་ཐེ་ན་ཚོགས་པ་འཛུགས་མཁན་དང་། རྒྱ་གར་གཞུང་གི་པདྨ་ཤྲི་གཟེངས་རྟགས་ཐོབ་མཁན།(Founder Palas Athena Padma Shri Award 2020) སློབ་དཔོན་ཆེན་མོ་ལི་ཡ་དིསྐིན་(Prof.Lia Diskin) ལགས་ཀྱིས་འཚམ་འདྲི་དང་འབྲེལ་ཕེབས་བསུའི་གསུང་བཤད་གནང་དོན།

གུས་ནས་འདི་ག་པ་ལཱསི་ཨ་ཐེ་ན་(Palas Athena) གྱི་ཚབ་བྱས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་ཚོར་གྲངས་མེད་ཀྱིས་འཚམས་འདྲི་དང་འབྲེལ་ཕེབས་བསུ་ཞུ་རྒྱུ་ཡིན། ༸གོང་ས་མཆོག་ད་ཐེངས་བྷི་རཱ་ཛིལ་(Brazil) ཁུལ་དུ་དྲ་ལམ་བརྒྱུད་ནས་ཕེབས་པ་འདི་བརྩིས་ན་ཕེབས་ཐེངས་ལྔ་པ་ཆགས་ཡོད། སྤྱིར་མགོན་པོ་མཆོག་འདིར་སྐུ་དངོས་སུ་ཡོད་ན་ཤིན་ཏུ་ལེགས་མོད། འོན་ཀྱང་དྲ་ལམ་བརྒྱུད་ནས་གང་ཉིད་ཀྱིས་བཀའ་སློབ་སྩལ་བ་ནི་འཛམ་གླིང་སྤྱི་ལ་ཁྱབ་ངེས་ཡིན་པས་དེ་ཡང་དགའ་བའི་གནས་ཁོ་ན་ཡིན། ད་ལན་༸གོང་ས་མཆོག་ནས། སྟོང་ལོ་གསར་པའི་ནང་བསམ་པ་བཟང་པོ་སྦྱོང་ཚུལ་སྐོར་གྱི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་རྒྱུའི་ཞལ་བཞེས་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། བརྗོད་གཞི་འདི་ནི་དེང་གི་ཆར་ཤིན་ཏུ་འབྲེལ་ཆེ་བ་ཞིག་ཡིན།
 
སྤྱིར་ཤེས་ཡོན་ནི་༸གོང་ས་མཆོག་སྐུ་ན་གཞོན་དུས་ཉིད་ནས་ཐུགས་སྣང་ཆེན་པོ་ཡོད་ས་ཞིག་ཡིན། རྒྱ་དམར་གྱིས་ཕྱི་ལོ་ ༡༩༥༩ ལོར་བོད་བཙན་བཟུང་བྱས་ནས་བཙན་བྱོལ་ལ་འབྱོར་སྐབས་༸གོང་ས་མཆོག་དགུང་གྲངས་ ༢༥ ལ་ཕེབས་ཡོད། སྐབས་དེར་བཙན་བྱོལ་ལ་འབྱོར་མ་ཐག་བོད་མི་བཙན་བྱོལ་བའི་དབུ་ཁྲིད་ཡིན་པའི་ཆ་ནས་ཐུགས་འགན་གཙོ་བོ་ནི། བོད་རིགས་གཞོན་སྐྱེས་ཚོར་ཤེས་ཡོན་སྤྲོད་རྒྱུར་དམིགས་པའི་སློབ་གྲྭ་གསར་འཛུགས་གནང་རྒྱུ་དེ་ཡིན། དེ་ལྟར་གནང་དགོས་དོན་ཡང་བོད་ཕྲུག་ཚོས་ཤེས་ཡོན་སྦྱངས་ཏེ་བོད་མི་རིགས་ཀྱི་ངོ་བོ་མ་བརླགས་པར་འཛིན་རྒྱུ་དང་། རང་གི་ལས་དོན་གང་ལ་ཡང་གདེང་སྤོབས་ཡོད་པ། འབྱུང་འགྱུར་གྱི་མདུན་ལམ་ལ་ཡིད་བརྟན་རྙེད་པ་སོགས་ཀྱི་དགོས་པ་དུ་མ་ལ་གཟིགས་པ་ཞིག་ཡིན། གུས་རང་སྔར་ཕྱི་ལོ་ ༡༩༨༤ ལོར་རྡ་རམ་ས་ལར་སློབ་སྦྱོང་བྱེད་སྐབས་༸གོང་ས་མཆོག་གི་འཆར་འགོད་རྣམས་ཀྱི་གྲུབ་འབྲས་དག་མིག་གིས་མཐོང་རྒྱུ་དང་། ལག་པས་ཟིན་རྒྱུ་ཡོད་པ་དངོས་སུ་ར་འཕྲོད་པ་བྱུང་།

༸གོང་ས་མཆོག་གིས་ཤེས་ཡོན་དང་དེའི་དགོས་ནུས་གཉིས་ཐུགས་ལ་བཅངས་ནས་ཕྱི་ལོ་ ༡༩༨༧ ལོར་ཚན་རིག་པ་ཁག་གཅིག་དང་། ནང་པའི་དགེ་འདུན་པ་དང་། ཁྱིམ་པ་ཆོས་བྱེད་འགའ་ཞིག་བཅས་བཀའ་འགུགས་གནང་ནས་གསར་གཏོད་ཅན་གྱི་ཚོགས་འདུ་ཞིག་ཚོགས་ཡོད། རྗེས་དྲན་བྱ་འོས་ཀྱི་ཚོགས་འདུ་དེའི་རྐྱེན་གྱིས་ཕྱིས་འཛམ་གླིང་ཕྱོགས་ཡོངས་ལ་ཉམས་ཞིབ་དང་དཔར་སྐྲུན་སོགས་ཀྱི་ཐད་འགྱུར་བའི་རྣམ་པ་གསར་པ་མང་པོ་ཐོན་ཡོད། དེར་མ་ཟད་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་མང་པོར་ཚན་རིག་གི་སློབ་ཚན་གསར་འཛུགས་སོགས་ཀྱང་བྱུང་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་མཁན་ཞིག་ཡིན་པར་བརྟེན། ལོ་ངོ་ ༣༠ ཙམ་གྱི་རིང་ལ་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་གཟབ་ནན་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་རིམ་པར་གནང་ཡོད། ༸གོང་ས་མཆོག་གི་བཀའ་ཆོས་ནང་དུའང་ཁོར་ཡུག་དང་རང་རེའི་འབྲེལ་བ་ཟབ་མོའི་སྐོར་དམིགས་སུ་བཀར་ནས་གསུང་གི་ཡོད། དེ་ཡང་བཀའ་ཆོས་སུ། ཕྱིའི་གཟུགས་ཀྱི་གྲུབ་གཞི་རྡུལ་ཕྲན་ཕྲ་མོ་རྣམས་ཀྱང་གཅིག་ལ་གཅིག་ལྟོས་ཀྱི་ཚུལ་དུ་གནས་ཡོད། རང་རེའི་སྣོད་ཀྱི་འཇིག་རྟེན་ནམ་གཟའ་སྐར་(Planet Earth) འདི་དང་། རྒྱ་མཚོ། སྤྲིན། ནགས་ཚལ། མེ་ཏོག་སོགས་ཏེ། མདོར་ན་ཆོས་ཐམས་ཅད་ཀྱང་ཆེས་ཕྲ་བའི་རྡུལ་ཕྲན་གྱི་ནུས་པའི་སྒོ་ནས་ཕན་ཚུན་ལྟོས་ནས་གྲུབ་ཡོད། དེ་འདྲའི་ལྟོས་གྲུབ་དེ་མེད་ན་དེ་དག་ཡང་ན་རུལ་འགྲོ་བ་དང་། ཡང་ན་གཏན་དུ་མེད་པར་འགྱུར་ངེས་ཡིན། ཞེས་གསུངས་ཡོད།

འདིར་འདུས་ཤིང་འཚོགས་པ་ཀུན་གྱི་ཚབ་བྱས་ནས་༸གོང་ས་མཆོག་ལ་འཚམས་འདྲི་དང་། འདིར་ཕེབས་པར་ཐུགས་རྗེ་ཆེ་ཞེས་ཀྱང་ཞུ་རྒྱུ་ཡིན། དེར་མ་ཟད་གང་ཉིད་ནས་མི་རབས་གསར་པ་རྣམས་ལ་ཁོར་ཡུག་དང་། སྤྱི་ཚོགས། དཔལ་འབྱོར། དེ་བཞིན་འགྲོ་བ་མིའི་རིགས་འདི་ཉིད་ཆགས་འཇིག་དང་འབྲེལ་བའི་དཀའ་ངལ་དག་ལ་གདོང་ལེན་ཚད་ལྡན་བྱེད་ཐབས་ཀྱི་སྐོར་བཀའ་སློབ་ལམ་སྟོན་ཞིག་གནང་རྒྱུའི་རེ་བ་ཡང་ཞུ་བཞིན་ཡོད། ཅེས་གསུངས་བཤད་གནང་བ་དང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམ་འདྲི་དང་འབྲེལ་བཀའ་སློབ་སྩལ་དོན། དེ་རིང་འདིར་ཁྱོད་རང་ཚོ་དང་ལྷན་དུ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་དགའ་བོ་བྱུང་། ང་ཚོ་འགྲོ་བ་མི་རྣམས་ནི་ཀླད་པའི་དབྱིབས་ཀྱི་ཞེང་ཁ་ཆེ་ཆུང་ལ་བལྟས་པ་ཡིན་ན་གླང་ཆེན་ལས་ཆུང་གི་རེད། ཡིན་ནའང་། ཀླད་པ་དེ་དང་འབྲེལ་བའི་རྣམ་དཔྱོད་ཀྱི་དབང་དུ་བྱས་པ་ཡིན་ན་རྨད་དུ་བྱུང་བའི་རྣམ་དཔྱོད་ཅིག་ཡོད་པ་རེད། འདི་ནི་འགྲོ་བ་མི་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཆགས་ཡོད། དེར་བརྟེན། ལོ་ངོ་སྟོང་ཕྲག་རིང་ལ་སངས་རྒྱས་བཅོམ་ལྡན་འདས་གཙོ་བོར་གྱུར་བའི་མཁས་གྲུབ་དང་། སྟོན་པ་ལ་སོགས་མིའི་ནང་དུ་ཕུལ་དུ་བྱུང་བའི་རྣམ་དཔྱོད་ཅན་མང་པོ་བྱོན་ཡོད། དེ་ཡོང་དགོས་པའི་རྒྱུ་ནི་མི་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅིག་ཡོད་པའི་དབང་གིས་བྱུང་བ་རེད།

གཞི་རྩའི་ང་ཚོ་མི་ལ་ཡོད་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ནི་རླབས་ཆེན་པོ་ཞིག་ཡོད་པ་རེད། ཡིན་ནའང་། ཤེས་རབ་རྐྱང་པ་རྩལ་དུ་འདོན་པ་དང་། དེ་ལ་དངངས་འཚུབ་དང་ཁོང་ཁྲོས་གྲོགས་བྱས་པ་ཡིན་ན་ཤེས་རབ་བེད་སྤྱོད་ལོག་པ་ཅན་དུ་སོང་ནས་གདུག་རྩུབ་ཀྱི་ཉེན་ཁ་མང་པོ་ཡོང་གི་ཡོད། དེར་བརྟེན། མི་ཡི་རྣམ་དཔྱོད་ནི་ངེས་པར་དུ་སེམས་པ་བཟང་པོ་དང་སྦྲེལ་དགོས། སྒེར་གཅིག་གི་འཕྲོད་བསྟེན་གྱི་ངོས་ནས་ཞུས་པ་ཡིན་ནའང་རིག་པ་ཡག་པོ་ཡོད་པ་གཅིག་པུས་འཕྲོད་བསྟེན་ཡག་པོ་ཡོང་བའི་ངེས་པ་མེད། གལ་སྲིད་རྣམ་དཔྱོད་ཡག་པོ་ཡོད་པ་གང་ལ་ཞིག་ལ་རྣམ་དཔྱོད་དེ་སེམས་པ་བཟང་པོ་དང་བྱམས་སྙིང་རྗེ་ལ་འབྲེལ་བ་ཡིན་ན་རྣམ་དཔྱོད་བེད་སྤྱོད་བཏང་བ་དེའང་ཚད་དང་ལྡན་པ་ཞིག་ལ་གཏོང་རྒྱུ་ཡོང་གི་རེད། དེ་མཚུངས་བསམ་པ་བཟང་པོའམ་བྱམས་བརྩེའི་ཉམས་ལེན་ལ་བརྟེན་ནས་སེམས་ཀྱི་ཞི་བདེ་ཡོང་བ་དང་། སེམས་ཀྱི་ཞི་བདེ་ཡིས་ལུས་པོའི་འཕྲོད་བསྟེན་ལ་ཧ་ཅང་ཕན་ཐོགས་ཡོང་གི་ཡོད་པས་བྱམས་བརྩེ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད།

འདི་ནི་ཆོས་ལུགས་ཀྱི་སྐད་ཆ་རྐྱང་པ་ཙམ་མ་ཡིན་པར་དེང་སང་ཚན་རིག་པ་མང་པོ་དང་། ལྷག་པར་དུ་ཀླད་པའི་ཚན་རིག་པ་དང་སྨན་པ་ཚོས་ཀྱང་བསམ་པ་བཟང་པོ་ཧ་ཅང་གལ་ཆེན་ཡིན་པ་རྗོད་བཞིན་ཡོད། མི་ཁ་ཤས་ཀྱི་རྣམ་རྟོག་ལ་བྱམས་སྙིང་རྗེའི་སྐད་ཆ་བཤད་ན་དེ་ནི་ཆོས་ལུགས་ཀྱི་སྐད་ཆ་རེད་བསམ་གྱི་ཡོད། དེ་ནི་རྩ་བ་ཉིད་ནས་མ་རེད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཆགས་ཡོད། སྤྱི་ཚོགས་སེམས་ཅན་ཡིན་པའི་ཆ་ནས་མའི་བརྩེ་བ་ལ་བརྟེན་དགོས་པ་དང་། མའི་བརྩེ་བའི་དབང་གིས་ཕྲུ་གུ་འཚོ་བཞིན་ཡོད། མའི་བརྩེ་བ་ལ་བརྟེན་ནས་ཕྲུ་གུ་འཚོ་བཞིན་ཡོད་པ་ནི་ཆོས་ལུགས་ཀྱི་སྐད་ཆ་གང་ཡང་མ་རེད། དེར་བརྟེན། བྱམས་སྙིང་རྗེའི་ཉམས་ལེན་དང་ཆོས་ལུགས་ཀྱི་དད་པ་གཉིས་བསྲེས་པ་མ་ཡིན་པར་ལྟ་སྟངས་ལོག་ཁ་ཞིག་འཛིན་དགོས། དཔེར་ན། གོང་དུ་ཞུས་པ་ལྟར་སྤྱི་ཚོགས་ལ་བརྟེན་པའི་དུད་འགྲོ་སེམས་ཅན་གྱི་རིགས་ལས་དུད་འགྲོ་བྱེ་བྲག་པ་གཅིག་ཡིན་ནའང་། རང་གང་གི་ཁུངས་སུ་གཏོགས་སའི་སྤྱི་ཚོགས་ཀྱི་སེམས་ཅན་ལ་སེམས་ཁུར་དང་བརྩེ་བ་ཞིག་ཡོད་པ་རེད། དེ་ནི་ལྷན་སྐྱེས་ཀྱི་རང་བཞིན་ཞིག་ཡིན་པ་དང་། ང་རང་ཚོའི་ལྷན་སྐྱེས་ཀྱི་རང་བཞིན་མཐུན་པ་ཞིག་ཆགས་ཡོད། ལྟོས་གྲུབ་ཡིན་པའི་ཆ་ནས་བྱམས་བརྩེ་བའི་ཉམས་ལེན་དེ་ང་ཚོའི་སྤྱི་ཚོགས་ལ་དགོས་ཀྱི་ཡོད། དེར་བརྟེན། རྣམ་དཔྱོད་དང་བྱམས་སྙིང་རྗེའི་ཉམས་ལེན་ཟུང་འབྲེལ་དུ་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

ངོས་ཀྱིས་རྒྱུན་ལྡན་དུ་འདིའི་སྐོར་ལ་ནན་ཏན་གྱིས་ཞུ་བཞིན་ཡོད། ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་ང་ཚོ་འགྲོ་བ་མིའི་ཉམས་མྱོང་ཆ་ཚང་འཚོལ་ཐུབ་ཀྱི་ཡོད། མཐའ་གཅིག་ཏུ་རང་གཅེས་འཛིན་ཁོ་ནར་བསམ་ནས་བསྡད་ཚེ་དེའི་དབང་གིས་གོ་ལ་འདིའི་སྟེང་དུ་དཀའ་ངལ་རུ་འཛིང་པ་ཞིག་ཡོང་གི་ཡོད། ལོ་ངོ་བརྒྱ་ཕྲག་ཁ་ཤས་གོང་དུ་མིའི་སྤྱི་ཚོགས་ནང་དུ་དམག་འཁྲུག་ཅེས་ཐ་སྙད་བཏགས་ནས་གསོད་རེས་ཧ་ཅང་མང་པོ་བཏང་ཡོད་པ་རེད། དཔེར་ན། ངོས་རང་ལོ་ཆུང་ཆུང་ཡིན་པའི་སྐབས་སུ་དམག་ཆེན་གཉིས་པ་ལངས་པ་དང་། དེའི་གོང་དུ་དམག་ཆེན་དང་པོ་བརྒྱབ་ཡོད། མི་མང་པོའི་བསམ་པ་ལ་དམག་ཆེན་གསུམ་པའང་ལངས་སྲིད་པ་རེད་ཅེས་དངངས་སྐྲག་ཡོང་གི་ཡོད། དེ་ནི་ཤེས་རབ་ཀྱིས་མ་ལྡེང་བའི་དབང་གིས་བྱུང་བ་ཞིག་མ་རེད། རིག་པ་སྤྱང་པོ་ཡོད་ནའང་ནང་གི་བསམ་པས་སྟངས་འཛིན་ཚད་ལྡན་མེད་པའི་དབང་གིས་བྱུང་བ་རེད། དེར་བརྟེན། འགྲོ་བ་མིའི་རིགས་ལ་བྱམས་སྙིང་རྗེ་ཉམས་ལེན་བྱེད་པ་སྔར་ལས་ལྷག་པ་ཞིག་དགོས་ཀྱི་འདུག ཁྱད་པར་དུ་ཁྱོད་རང་ཚོས་ཐུགས་ལ་འཇོག་དགོས་པ་ཞིག་ནི་བྱམས་སྙིང་རྗེ་ནི་ཆོས་ལུགས་ཀྱི་གནས་ཚུལ་རྐྱང་རྐྱང་རེད་དགོངས་མི་རུང་། ཆོས་ལུགས་ནི་སྒེར་སོ་སོས་དད་པ་བྱེད་དང་མི་བྱེད་དང་། སུ་ལ་དད་པ་བྱེད་དང་མི་བྱེད་སོ་སོའི་འདོད་པ་རེད། ཡིན་ནའང་། འགྲོ་བ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཆགས་ཡོད་པས་བྱམས་སྙིང་རྗེ་ནི་ང་རང་ཚོར་ཤིན་ཏུ་གལ་ཆེ་བའི་དགོས་མཁོ་ཆགས་ཡོད།

དེང་སང་མི་ཚང་མས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རྩི་བཞིན་ཡོད། ཤེས་ཡོན་གྱི་སྡེ་ཚན་ནང་དུ་ངེས་པར་དུ་གསར་གཏོད་བྱེད་དགོས་པ་གཅིག་ནི་བྱམས་སྙིང་རྗེ་ཉམས་ལེན་དང་འབྲེལ་བའི་སློབ་སྦྱོང་དེ་རེད། དེ་ཡང་ཤེས་བྱའི་གོ་རྒྱ་གཅོད་པ་ཙམ་མ་ཡིན་པར་དེ་ལ་བརྟེན་ནས་སོ་སོ་སྒེར་ལ་བདེ་སྐྱིད་ཡོང་བ་ཞིག་དང་། རང་གང་དུ་སྡོད་སའི་སྤྱི་ཚོགས་དང་། རྒྱལ་ཁབ། འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་ཞིག་དགོས་ཀྱི་འདུག ངོས་རང་གི་མི་ཚེའི་ནང་འགན་ཁུར་གཅིག་ནི་འགྲོ་བ་མིའི་རིགས་ཐེར་འབུམ་བདུན་ལྷག་ཙམ་ཡོད་པ་ཆ་ཚང་ལ་གཉེན་བཤེས་ལྟར་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་པར་རྗོད་ཀྱི་ཡོད། ང་ཚོ་ཕན་ཚན་ལྟོས་ཚབ་ཆེ་བའི་གཉེན་བཤེས་ལྟ་བུ་ཡིན་པས་ཕན་ཚུན་གནོད་པ་བྱེད་པའི་དགོས་པ་ཡོད་པ་མ་རེད།

བྱམས་སྙིང་རྗེའི་ཉམས་ལེན་ཡག་པོ་ཡོད་ཚེ་ཅོག་ཙེའི་ཐོག་མེ་མདའ་ཞིག་ཡོད་པ་ཡིན་ནའང་དེ་ལ་རྩ་བ་ཉིད་ནས་ལག་པ་འཆང་གི་མ་རེད། དེང་སང་འཛམ་གླིང་དུ་གོ་མཚོན་བཟོ་ཆེད་དཔལ་འབྱོར་ཤུགས་ཆེན་པོ་གཏོང་བཞིན་ཡོད་པ་ནི་ཧ་ཅང་ནོར་འཁྲུལ་རེད། དེ་བཞིན་རྒྱལ་ཁབ་མང་པོའི་ནང་དུ་སྲུང་སྐྱོབ་ཀྱི་མིང་གིས་བཏགས་ནས་དམག་དོན་དུ་འགྲོ་སོང་ཧ་ཅང་ཤུགས་ཆེན་པོ་གཏོང་བཞིན་ཡོད། བསམ་བློ་གཏོང་སྟངས་དེ་ནི་ང་ཚོའི་དུས་རབས་འདིར་རྗེས་ལུས་ཐེབས་པ་རེད། ད་ནི་མིང་དོན་མཚུངས་ལ་ཞི་བདེ་ལྡན་པའི་དུས་རབས་ཤིག་ཏུ་འགྱུར་དགོས། དེར་བརྟེན། གོ་མཚོན་བེད་སྤྱོད་མེད། གོ་མཚོན་ནི་སེམས་སུ་འཇིགས་དངངས་དང་ཁོང་ཁྲོ། རང་གཅེས་འཛིན་རྐྱང་བའི་བསམ་བློ་གཏོང་མཁན་ལ་བེད་སྤྱོད་ཡོད་པ་རེད། འཛམ་གླིང་སྤྱི་ལ་བསམ་བློ་གཏོང་མཁན་དང་འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་མཁན། ལྷག་པར་དུ་ཞི་བདེ་འདོད་མཁན་ཞིག་ཡིན་ཚེ་གོ་མཚོན་རྩ་བ་ཉིད་ནས་བེད་སྤྱོད་མེད། དེར་བརྟེན། སློབ་སྦྱོང་གི་སྡེ་ཚན་ནང་དུ་ཆུང་བྱིས་པའི་དུས་ནས་བྱམས་བརྩེའི་སློབ་སྦྱོང་དགོས་ཀྱི་ཡོད། ནམ་རྒྱུན་གྱི་སློབ་ཚན་གྱི་ནང་དུ་འཇིགས་དངངས་ཉུང་ཞིང་། ཞི་བདེ་ཅན་གྱི་མི་ཞིག་བཟོ་ཆེད་བྱམས་བརྩེའི་སློབ་སྦྱོང་སྣོན་དགོས།

ངོས་རང་སྒེར་གྱི་ཉམས་མྱོང་ལ་ཆ་བཞག་ན། ཡོངས་འཛིན་རིན་པོ་ཆེ་ཞལ་རས་སྒམ་པོ་བྱས་ཏེ་བཞུགས་སྐབས་མ་བདེ་བ་ཡོང་གི་འདུག ཡོངས་འཛིན་རིན་པོ་ཆེ་བཞད་མོ་བཞད་པ་དང་འཛུམ་མདངས་ཀྱི་རྣམ་འགྱུར་ཐོག་བཀའ་སློབ་ཕེབས་པ་ཡིན་ན་སེམས་ནང་ལའང་ངེས་བདེ་བོ་ཡོང་གི་ཡོད། སྤྱིར་བཏང་དགེ་རྒན་སྒམ་པོར་བཞུགས་ཚེ་སྐབས་ཐོག་རང་ལ་སློབ་ཕྲུག་གིས་སྒྲིག་ལམ་རྩིས་ཏེ་ནན་ཏན་བྱེད་ཀྱང་། དགེ་རྒན་ཕེབས་ཚེ་ལམ་སེང་འཕག་འཚག་རྒྱབ་ནས་རྩེ་མོ་རྩེད་ཀྱི་ཡོད་པས་ཁ་ཞེ་གཉིས་མེད་ཆགས་ཀྱི་མེད། དེ་ནི་རྒྱབ་མདུན་གྱི་ལས་ཀ་ལྟ་བུ་ཆགས་ཀྱི་ཡོད།  དགེ་རྒན་གྱི་ལུས་ངག་གི་སྒོར་ཐོན་པའི་རྣམ་འགྱུར་རྣམས་སློབ་ཕྲུག་གི་སློབ་སྦྱོང་དང་འཚར་ལོངས་ལ་ཧ་ཅང་ཕན་གནོད་ཆེན་པོ་ཡོད། དེར་བརྟེན། དགེ་རྒན་རྣམས་ཀྱིས་སློབ་ཚན་རྐྱང་རྐྱང་བསླབ་པ་མིན་པར་བྱམས་བརྩེའི་འཛུམ་མདངས་ཤིག་སློབ་ཕྲུག་ཚོར་ངེས་པར་དུ་སྟོན་དགོས། དེ་ནི་གོང་དུ་ཞུས་པ་ལྟར་ཆོས་ཀྱི་སྐད་ཆ་མ་རེད།

སེམས་ལ་ཞི་བདེ་ཡོང་བར་བྱམས་སྙིང་རྗེའི་ཉམས་ལེན་ངེས་པར་དུ་དགོས་ཀྱི་འདུག་ཅེས་ངོས་ལ་མོས་མཐུན་གནང་མཁན་ཚན་རིག་པ་མང་པོ་ཡོད། དེར་བརྟེན། ང་ཚོའི་སློབ་ཚན་གྱི་ནང་དུ་བྱམས་བརྩེ་གོང་སྤེལ་དུ་གཏོང་བའི་སློབ་ཚན་ནི་ཆོས་ལུགས་ཀྱི་བསླབ་བྱ་ཡིན་པའི་རྒྱུ་མཚན་གྱིས་མ་ཡིན་པར། མི་སྒེར་སོ་སོའི་འཕྲོད་བསྟེན་ཆེད་ནང་སེམས་ཀྱི་བདེ་སྐྱིད་དགོས་ཀྱི་ཡོད་པ་དང་། ནང་སེམས་ཀྱི་བདེ་སྐྱིད་བྱུང་བ་ཡིན་ན་སོ་སོ་དང་ནང་མི་བདེ་སྐྱིད་ལྡན་པ། དེ་ལ་བརྟེན་ནས་སྤྱི་ཚོགས་དང་རྒྱལ་སྤྱི་ལ་ཁྱབ་ཐུབ་པ་ཞིག་རེད། སློབ་ཚན་སློབ་སྐབས་ཆོས་ལུགས་ཀྱི་བསླབ་བྱ་ཡིན་པའི་རྒྱུ་མཚན་མ་ཡིན་པར་འཕྲོད་བསྟེན་དང་འབྲེལ་བ་སོགས་ཀྱི་རྒྱུ་མཚན་བཀོད་ནས་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེ།

གདོང་ན་འཛུམ་མདངས་ཀྱི་རྣམ་འགྱུར་ཡོད་ན་ཧ་ཅང་ཡག་པོ་ཡོད། ངོས་རང་ལ་མཚོན་ན་བྱམས་བརྩེའི་ཉམས་ལེན་བྱེད་ཀྱི་ཡོད། དེར་བརྟེན། འགྲོ་བ་མི་སུ་འདྲ་ཞིག་ཡིན་ནའང་གཅིག་མཚུངས་ཡིན་བསམ་པའི་འདུ་ཤེས་སེམས་ལ་སྡོད་ཀྱི་ཡོད་པས་ཡུ་རོབ་དང་ཨ་ཧྥེ་རི་ག ལ་ཌན་ཨ་མེ་རི་ག་གང་དུ་ཕྱིན་ནའང་གཞན་ལ་བརྩེ་བའི་རྣམ་འགྱུར་དང་། འཛུམ་མདངས་སྟོན་ཐུབ་ཀྱི་འདུག སྤྱི་ཚོགས་གང་འདྲ་ཞིག་ཡིན་ནའང་འགྲོ་བ་མི་རྣམས་གཅིག་མཚུངས་རེད། སྤྱི་བཏང་སྤྱི་ཚོགས་དང་སོ་སོའི་རིག་གཞུང་གི་ཁྱད་པར་ཏོག་ཙམ་ཡོད་ཀྱང་། མི་ཡིན་པའི་ཆ་ནས་གཅིག་མཚུངས་ཆགས་ཡོད། དེར་བརྟེན། ཤེས་ཡོན་ནང་དུ་ཆོས་ལུགས་དང་མ་འབྲེལ་བའི་བྱམས་སྙིང་རྗེའི་སློབ་ཚན་ཞིག་ངེས་པར་དུ་དགོས་ཀྱི་འདུག ངོས་རང་གིས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད་ལ། འདི་ནི་ངོས་རང་གི་གཞི་རྩའི་ཡིད་ཆེས་བྱེད་སའི་ལྟ་བ་ཞིག་ཡིན་པས་དེ་རིང་ཁྱེད་རྣམ་པར་ཡང་སྙན་སེང་ཞུ་བཞིན་ཡོད། རང་རྒྱུད་ལ་བྱམས་སྙིང་རྗེ་ཡོད་པ་ཡིན་ན་སེམས་ལ་ཞི་བདེ་དང་བདེ་སྐྱིད་ཡོད་པ་ནི་དངོས་ཡོད་ཆགས་ཡོད།ཅེས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ་བ་དང་། མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷར་ཛལ་དུ་ཆིབས་བསྒྱུར་བསྐྱངས་པའི་སྐོར་གྱི་བརྙན་འཕྲིན་ཞིག་གཟིགས་འབུལ་ཞུས་ཡོད་པ་བཅས།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།