༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཨུ་རུ་སུའི་ནང་པའི་རྗེས་འཇུག་པ་རྣམས་ལ་མདོ་སྡེའི་རྒྱན་གྱི་གསུང་ཆོས་ལེགས་པར་གྲུབ་པ། ༢༠༢༡ ཟླ་བ་ ༡༡ ཚེས་ ༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་  ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་ཐད་གཏོང་བརྒྱུད་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མདོ་སྡེའི་རྒྱན་གྱི་ཉིན་གཉིས་རིང་གི་གསུང་ཆོས་གནང་། ཐམས་ཅད་རྣལ་འབྱོར་གྱི་ཆོས་འབྲེལ་ལེགས་པར་གྲུབ་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༨།༤༠ ཙམ་༸གོང་ས་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་ཨུ་རུ་སུའི་ཁལ་མིག་ཏུ་ཡོད་པའི་སྟོན་པའི་གསེར་གྱི་ལྷ་ཁང་(Golden Abode of Buddha)དུ་ཏེ་ལོ་རིན་པོ་ཆེ་སོགས་ཀྱིས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོ་གསུང་འདོན་དང་། དེ་རྗེས་ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཌི་པེ་ཌར་སུ་སྦུར་རྒི་(Saint Petersburg)རུ་ཡོད་པའི་ཀུན་བརྩེ་ཆོས་གནས་གྲྭ་ཚང་གི་དབུ་འཛིན་གཙོས་སེར་སྐྱ་ཁག་ཅིག་ནས་ཤེས་རབ་སྙིང་པོ་རང་སྐད་ཐོག་གསུང་འདོན་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན།

དེ་རིང་ཨུ་རུ་སུའི་ཁྱབ་ཁོངས་ས་ཁུལ་གྱི་ཆོས་གྲོགས་ཚོར་ཆོས་འབྲེལ་ཉིན་གཉིས་པ་ཡིན། ཆོས་འབྲེལ་ལ་མདོ་སྡེའི་རྒྱན་གྱི་བཤད་ལུང་དགོས་གསུངས་པ་རེད། མ་གཞི་ངོས་རང་ལ་བཤད་ལུང་ཐོབ་ཡོད་ཀྱང་ཧ་ཅང་རིང་པོ་འདུག དེ་མི་དགོས་པ་བྱས་ཏེ་ཁ་སང་བཤད་པ་ལྟར་སྔོན་ལ་ནང་ཆོས་ངོ་སྤྲོད་དང་། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ། དེ་ནས་དྲི་བ་དྲིས་ལན་ག་ཚོད་ཡོང་ཡོང་ཞིག་བྱེད། ཅེས་བཀའ་སློབ་སྩལ་རྗེས་བདེན་བཞིའི་ཆོས་སྐོར་ངོ་སྤྲོད་མཛད་དོན།

དང་པོ། སྡུག་བསྔལ་བདེན་པ།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མར་ཆོས་འཁོར་བསྐོར་བའི་དུས་སུ་བདེན་པ་བཞི་གསུངས་པ་རེད། དེ་ལ་བདེན་བཞི་ངོ་བོ་ལ་བཟླས་པ། བྱ་བ་ལ་བཟླས་པ། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་བཟླས་པ་བཞི་གསུངས་བཞིན་ཡོད། དེ་ཧ་ཅང་འདུས་ཆེན་པོ་རེད། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་བདེན་པ་བཞི་ལ་སྡོམ་བསྐྱོན་ནས་གསུངས་པ་དང་། དེ་ནས་སྡུག་བསྔལ་ཤེས་པར་བྱ་ཞེས་སྡུག་བསྔལ་ལ་བསམ་བློ་བཏང་ནས་སྡུག་བསྔལ་ཕྲ་རགས་མང་པོ་ཡོད་པ་རེད། ནམ་རྒྱུན་ང་ཚོས་སྡུག་བསྔལ་ལ་བརྩིས་སྡོད་པ་དེ་ཙམ་མ་ཡིན་པར་གཙོ་བོ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ཐོག་ནས་བསམ་བློ་གཏོང་དགོས། དེ་ལྟ་བུའི་སྡུག་བསྔལ་དེ་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་རེད། དེར་བརྟེན། སྡུག་བསྔལ་གྱི་རྒྱུ་ཅི་ཞིག་ཡིན་པ་རྩད་གཅོད་བྱེད་དགོས། སྡུག་བསྔལ་གྱི་རྒྱུ་དེས་འབྲས་བུ་སྡུག་བསྔལ་མི་འདོད་པ་ཡིན་པས་དེ་འགྲུབ་བྱེད་ཀྱི་རྒྱུ་དེར་ཀུན་འབྱུང་སྤང་བར་བྱ་ཞེས་གསུངས་ཡོད།

གཉིས་པ། ཀུན་འབྱུང་བདེན་པ།

འོ་ན་ཀུན་འབྱུང་སྤང་ཐུབ་བམ་ཞེ་ན། སྤོང་ཐུབ་པ་རེད། དཔེར་ན། མི་ཚེ་གཅིག་ལ་ཆ་བཞག་ན་ཚེ་སྟོད་ཆགས་སྡང་གི་ཉོན་མོངས་ཤུགས་ཆེན་པོ་ཡོང་བ་དེར་ཕྱིས་སུ་བསམ་བློ་ཡང་ཡང་གཏོང་དུས་ཤུགས་ཆུང་དུ་འགྲོ་བ་ང་ཚོའི་ཉམས་མྱོང་གི་ཐོག་ནས་ཤེས་ཀྱི་འདུག དེར་བརྟེན། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལས་ཉོན་གཉིས་ཡོད་པ་ལས། སྔོན་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུས་རྨང་གཞི་བྱེད་པ་དང་། རིམ་བཞིན་གཏིང་ཟབ་དུ་བཏང་ནས་ཀུན་འབྱུང་ལས་ཉོན་གཉིས་པོ་ཆགས་སྡང་གིས་ཡོང་གི་ཡོད་པས་ཉོན་མོངས་དུག་གསུམ་རྩད་གཅོད་བྱེད་དགོས། དེ་ནས་ཉོན་མོངས་དུག་གསུམ་ཞེས་པ་ནི་སེམས་གསལ་རིག་གི་ཤེས་པ་ལ་རང་ཆས་སུ་ཡོད་པ་རེད་དམ་ཞེ་ན་མ་རེད། དཔེར་ན། དུག་གསུམ་གྱི་འགལ་ཟླའི་བློ་ལ་བསམ་བློ་བཏང་ནས་ཉམས་མྱོང་སྐྱེ་རྒྱུ་འདུག བློ་ཁག་གཉིས་པོ་དེ་གཅིག་གིས་གཅིག་ལ་འགལ་བ་ཡོད་པ་ཞིག་ཡིན་པས་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལ་ཁོའི་ལྡོག་ཕྱོགས་ཀྱི་བློ་ཡོད་པ་དང་། ལྡོག་ཕྱོགས་ཀྱི་བློ་དེ་ལ་བསམ་བློ་བཏང་ན་གློ་བུར་དུ་ཆགས་སྡང་གི་བློ་སྐྱེས་པ་ཙམ་མ་གཏོགས་རྒྱུ་མཚན་རྩ་བ་ནས་མེད་པ་ཞིག་ཡིན་པས་ཉོན་མོངས་ཟེར་བ་ལ་ཁུངས་ཁྱོན་ནས་མེད་པ་རེད། ཚེ་རབས་ནས་ཚེ་རབས་སུ་གོམས་པའི་དབང་གིས་ཉོན་མོངས་དེ་ལྟ་བུ་ཞིག་སླེབས་པ་མ་གཏོགས་དེར་གཉེན་པོ་ཞིག་ཡོད་པས་ཤུགས་ཆུང་དུ་འགྲོ་བ་ནི་ང་ཚོས་གང་ལ་གང་འཚམ་ཤེས་ཐུབ་ཀྱི་འདུག དེར་བརྟེན། ལས་ཀྱི་ཀུན་འབྱུང་དང་གཙོ་བོ་ཉོན་མོངས་པའི་ཀུན་འབྱུང་ལ་གཉེན་པོ་སྟོབས་ལྡན་ཡོད་པ་དང་། གཉེན་པོའི་ཕྱོགས་ལ་གོམས་ན་རིམ་བཞིན་ཤུགས་ཆུང་དུ་འགྲོ་རྒྱུ་རེད།

གསུམ་པ། འགོག་པའི་བདེན་པ།

འགོག་པ་མངོན་དུ་བྱ་ཞེས་པ་ལ་བསམ་བློ་གཏིང་རིང་པོ་གཏོང་དགོས་པ་ཞིག་རེད། ཉོན་མོངས་ནི་རྣམ་པར་ཤེས་པའི་རང་བཞིན་ལ་མེད་པ་ཞིག་དང་། དྲི་མ་གློ་བུར་བ་ཉིད་དང་།། གསུངས་པ་བཞིན། དེ་འཕྲལ་གྱི་སྐད་ཆ་གཅིག་པུ་མ་ཡིན་པར་ང་ཚོ་ཚེ་རབས་མང་པོར་ཉོན་མོངས་ཀྱི་བློར་ཤུགས་ཆེན་པོ་གོམས་འདྲིས་ཡོད་པ་ཞིག་དང་། རྩ་བའི་སེམས་གསལ་རིག་ཡོད་ཕྱིན་ཆད་ཉོན་མོངས་ཡོང་དགོས་པ་མེད་པ་རེད།  དེ་ང་ཚོས་སེམས་གསལ་རིག་གི་ཉམས་མྱོང་སྟེང་ནས་རེད། གང་ལྟར་སྔགས་ཀྱི་གཞུང་དུ་རང་བཞིན་བརྒྱད་ཅུའི་ཀུན་རྟོག་ཅེས་གསུང་གི་ཡོད། དཔེར་ན། འཆི་བ་འོད་གསལ་ཟེར་དུས་རགས་པ་གློ་བུར་བའི་སེམས་དག་འགགས་ནས་སྣང་མཆེད་ཐོབ་གསུམ་གྱི་རྗེས་ལ་ཤར་བ་ཞིག་ཆགས་ཡོད། དེར་བརྟེན། གཉིད་ཁུགས་པའི་སྐབས་སུའང་གོམས་འདྲིས་ཡོད་པ་བྱས་ནས་བསམ་བློ་གཏོང་ཐུབ་པ་ཡིན་ན། གཉིད་ཀྱི་འོད་གསལ་ཐིམ་རིམ་གང་ལ་གང་འཚམ་ཡོང་བ་ཞིག་རེད། གང་ལྟར་སེམས་ཀྱི་རང་བཞིན་ལ་ཞུགས་མེད་པ་ཞིག་དང་། སེམས་ཕྲ་རགས་མང་པོ་ཡོད་པ་ཞིག་དཔེ་ཆའི་ནང་དུ་བཤད་ཡོད་པ་རེད་ལ། སོ་སོས་ཚོད་ལྟ་བྱས་པ་ཡིན་ནའང་གང་ལ་གང་འཚམ་བཤད་ཐུབ་པ་འདུག

ཉོན་མོངས་ཅི་ཙམ་གྱིས་རགས་པ་ཞིག་ཡོད་ནའང་སེམས་ཀྱི་རང་བཞིན་ལ་ཞུགས་མེད། ཉོན་མོངས་ཕྱིན་ཅི་ལོག་གི་བློ་ཡིན་པ་དང་དེ་ལ་གཉེན་པོ་སྟོབས་ལྡན་ཡོད་པ་དངོས་ཡོད་གནས་ཚུལ་ཆགས་ཡོད། དེ་ལྟ་བུའི་ཐོག་ནས་ཉོན་མོངས་ག་ཚོད་ཤུགས་ཆེ་ནའང་སེམས་ཀྱི་རང་བཞིན་ལ་ཞུགས་མེད་པས། དྲི་མ་གློ་བུར་བ་ཉིད་དང་།། ཞེས་གསུངས་པ་དེ་རེད། ཡོན་ཏན་རང་བཞིན་གཉིས་ལྡན་ཕྱིར།། ཞེས་བསམ་བློ་གཏོང་དགོས་པ་ཆགས་ཡོད། དབུ་ཕར་གྱི་གཞུང་དེ་དག་གི་སྟེང་ནས་བསམ་བློ་བཏང་ཡོང་སྐབས་དྲི་མ་གློ་བུར་བ་ཡིན་པ་དང་། ཡོན་ཏན་རང་བཞིན་གཉིས་ལྡན་ཕྱིར་ཞེས་གསུངས་པ་ལ་དངོས་གནས་བྲོ་བ་ཁ་རྒྱུ་ཡོད་པ་ཞིག་དང་། སེམས་ལ་ཚོན་མདངས་ཡོང་བ་ཞིག་རེད། དེའི་ཐོག་ནས་དབུ་མ་འཇུག་པའི་ནང་དུ་གསུངས་པ་འདི་ལ་ངོས་ཀྱིས་ནམ་རྒྱུན་བསམ་བློ་གཏོང་བཞིན་ཡོད། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་ནས།། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ།། སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར།། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།། ཞེས་འགོག་བདེན་ཏན་ཏན་ཡོང་རྒྱུ་ཡོད་པ་ཞིག་རེད། ལས་སླ་བོ་མ་རེད། གོམས་དགོས་པ་རེད། གོམས་ན་དྲི་མ་གློ་བུར་བ་ཡིན་པ་དང་དེའི་གཉེན་པོ་སྟོབས་ལྡན་ཡོད་པ། སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པ་སོགས་ཀྱི་ཐོག་ནས་བསམ་བློ་བཏང་ན་ཉོན་མོངས་སྤངས་པའི་བྲལ་བ་འགོག་བདེན་སྤྱིར་ཤེས་བྱ་ལ་ཡོད་པ། འགོག་བདེན་མངོན་དུ་བྱས་པ་མང་པོ་ཞིག་མིག་དཔེར་བལྟ་ས་ཡོད་པ། རང་གི་ཉམས་མྱོང་ལ་ཆ་བཞག་ནའང་ག་ལེར་བསམ་བློ་བཏང་ན་དྲི་མ་གློ་བུར་བ་ཡིན་པ་དང་། དེ་བྲལ་བའི་སྤངས་པ་ཞིག་ཐོབ་ཐུབ་པ་རེད་བསམ་པའི་ཚོད་ཐིག་པ་ཞིག་འདུག དེར་བརྟེན། སྡུག་བསྔལ་ཤེས་བར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ་ཞེས་གསུངས་པ་དེ་ལྟར་རེད།

བཞི་པ། ལམ་གྱི་བདེན་པ།

དེ་ལྟ་བུའི་མ་སྐྱིད་པ་བཟོ་མཁན་གྱི་ཉོན་མོངས་སྤངས་པའི་བྲལ་བ་ཞིག་ཡོད་པ་ཡིན་ན། དེ་ནི་ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་། དེའི་རྩ་བ་ཉོན་མོངས་པའི་ཀུན་འབྱུང་དང་མ་རིག་པར་ཐུག་ཡོང་དུས་དེ་ལ་གཉེན་པོ་བསྟེན་ནས་སྤོང་བ་བློ་ལ་ཤར་ཡོང་སྐབས་ལམ་སྒོམ་པར་བྱ་ཞེས་ལམ་བསླབ་པ་གསུམ་དང་། གཙོ་བོ་ཤེས་རབ་ཀྱི་བསླབ་པ་རེད། དེ་སྒོམ་རྒྱུ་ནི་བདེན་པ་བཞིའི་ཐོག་ནས་སྡོམ་ཧ་ཅང་ཡག་པོ་ཞིག་སྐྱོན་འདུག  ཞེས་སོགས་བཀའ་སློབ་སྩལ་གྲུབ་མཚམས་དྲི་བ་དྲིས་ལན་དང་། ཏེ་ལོ་རིན་པོ་ཆེས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གྲུབ་མཚམས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པའི་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་། མཐར་ང་ཚོ་དུས་དང་དུས་སུ་ཐུག་ཆོག་གི་རེད། ཅེས་བཀའ་ཕེབས་རྗེས་བསྔོ་བ་མཛད་དེ་ཉིན་གཉིས་རིང་གི་གསུང་ཆོས་ལེགས་པར་གྲུབ་ཡོད་པ་བཅས།། །།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།