༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

འཛམ་གླིང་སྟེང་རྩོད་རྙོག་གི་དཀའ་ངལ་ཅན་གྱི་ཡུལ་ལུང་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཁག་ཅིག་དང་ལྷན་བགྲོ་གླེང་མཛད་པ། ༢༠༢༡ ཟླ་བ་ ༡༠ ཚེས་ ༡༤

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཞི་བདེའི་བསྟི་གནས་སློབ་གཉེར་ཁང་(U.S. Institute of Peace)གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་འཛམ་གླིང་སྟེང་རྩོད་རྙོག་གི་དཀའ་ངལ་ཅན་གྱི་ཡུལ་ལུང་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཁག་ཅིག་དང་ལྷན་དུ་བྱམས་བརྩེ་དང་ཤེས་ཡོན། འདྲ་མཉམ་  (Compassion, Education and Equality)བཅས་ཀྱི་བརྗོད་གཞིའི་ཐོག་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་ཉིན་གཉིས་རིང་གི་མཛད་རིམ་དབུ་འཛུགས་མཛད་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་བཀའ་སློབ་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་བཀའ་སློབ་སྩལ་དོན། སྔ་དྲོ་བདེ་ལེགས། ཚང་མར་བོད་སྐད་དུ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་བརྙན་ལམ་བརྒྱུད་བཀའ་མོལ་ཞུ་རྒྱུ་བྱུང་བར་ངོས་རང་ཧ་ཅང་དགའ་བོ་བྱུང་། ངོས་རང་གི་གཟུགས་པོའི་ཆ་ནས་ཐག་རིང་པོར་འགྲོ་བསྐྱོད་དཀའ་ལས་ཁག་ཙམ་འདུག ཡིན་ནའང་། ཀླད་པའི་གནས་སྟངས་ཀྱི་ཆ་ནས་ཐག་རིང་ཐུང་གི་ཁྱད་པར་འགྲོ་གི་མི་འདུག ཅེས་བཀའ་སློབ་སྩལ་བ་དང་།

ཨ་རིའི་ཞི་བདེའི་བསྟི་གནས་སློབ་གཉེར་ཁང་(USIP)གི་ཚོགས་གཙོ་དང་སྤྱི་ཁྱབ་འགན་འཛིན་(CEO)ལྕམ་ལི་སེ་གྷརན་ཌེ་(Lise Grande) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུན་མོང་མ་ཡིན་པའི་བཀའ་སློབ་ལ་གསན་རོགས་ཞུ་རྒྱུ་ཡིན། ང་ཚོའི་ཚོགས་པ་འདི་ནི་ཨ་རིའི་གྲོས་ཚོགས་འོག་མས་ཕྱི་ལོ་ ༡༩༨༤ ལོར་སྤྱི་ཚོགས་ནང་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་བའི་ཆེད་དུ་བཙུགས་པ་ཞིག་རེད། ང་ཚོའི་ཚོགས་པའི་ནང་དུ་རྒྱལ་ཁབ་ ༨༥ འཐུས་མི་ ༣༠༠ ཡོད། ང་ཚོའི་ལས་འཆར་གཙོ་བོ་ནི་གཞོན་སྐྱེས་མང་པོ་ཞིག་ལ་སྤྱི་ཚོགས་འདྲ་མཉམ་ཡོང་བ་དང་། མཐོང་ཆུང་ཁྱད་གསོད་ལ་ཁ་གཏད་གཅོག་པ་བཅས་ཀྱི་ཐོག་སློབ་སྟོན་ཞུ་བཞིན་ཡོད། ད་ལོ་དངོས་སུ་རྒྱལ་ཁབ་ ༢༦ ནས་ཚོགས་མི་ ༣༠༠ ལ་ལེ་ཚན་འདིའི་ནང་གོ་སྐབས་ཕུལ་ཐུབ་པ་བྱུང་ཡོད། ལོ་བཞིའི་སྔོན་ལ་དངོས་སུ་༸གོང་ས་མཆོག་གི་མཇལ་ཁ་ཐོབ་ནས་སྤྱི་ཚོགས་ནང་ཞི་བདེ་ཡོང་ཆེད་གལ་འགངས་ཆེ་བའི་གནས་ཚུལ་མང་པོར་གྲོས་མོལ་ཞུ་རྒྱུའི་གོ་སྐབས་བྱུང་སོང་། ད་ལོ་དྲ་ལམ་བརྒྱུད་ནས་༸གོང་ས་མཆོག་གི་བཀའ་སློབ་ཞུ་རྒྱུ་ཡིན། ང་ཚོས་ཐེངས་འདིའི་ལས་རིམ་འདི་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ལྷན་དུ་གོ་སྒྲིག་ཞུས་པ་ཡིན། ང་ཚོས་བགྲོ་གླེང་འདི་ཉིན་གཉིས་རིང་ཚོགས་རྒྱུ་དང་། དེ་རིང་སློབ་ཕྲུག་ཁག་ཅིག་གིས་དྲི་བ་ཕུལ་རྒྱུ་དང་། ལྷག་མ་རྣམས་ཀྱིས་སང་ཉིན་དྲི་བ་ཕུལ་རྒྱུ་ཡིན། ཞེས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བགྲོ་གླེང་དབུ་འཛུགས་ཀྱི་གཏམ་བཤད་གྲུབ་མཚམས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།

གོང་དུ་ཞུས་པ་ལྟར་ངོས་རང་ལ་གཟུགས་པོའི་ཆ་ནས་ཐག་རིང་པོར་འགྲོ་བསྐྱོད་བྱ་རྒྱུ་དཀའ་ལས་ཁག་པོ་འདུག བསམ་བློ་ལ་གྲུང་ཤ་དོད་པོ་ཡིན་པས་དཀའ་ངལ་རྩ་བ་ནས་མེད། ང་ཚོར་དེང་དུས་ཀྱི་འཕྲུལ་རིག་གི་ནུས་སྟོབས་ལ་བསྟེན་ནས་ཕན་ཚུན་གྲོས་མོལ་བྱེད་པའི་གོ་སྐབས་ཆ་ཚང་ཞིག་འདུག ངོས་རང་ཆུས་དུས་ནས་འཕྲུལ་ཆས་ཀྱི་རིགས་ལ་ཧ་ཅང་དགའ་བོ་ཡོད། དཔེར་ན། གློག་བརྙན་སྟོན་ཆས་དང་ཆུ་ཚོད་ཀྱི་རིགས་ངོས་ཀྱིས་བསྐྱར་གསོ་བྱེད་ཐུབ་ཀྱི་ཡོད། དེ་ནི་ཁོམ་སྐབས་སུ་དུས་ཚོད་བསྐྱལ་ཆེད་དགའ་མོས་ཆེ་ཤོས་ཀྱི་བྱ་བ་ཞིག་ཆགས་ཡོད། དུས་རབས་གསར་པའི་ནང་དུ་འཕྲུལ་ཆས་བེད་སྤྱོད་བཏང་ནས་སོ་སོའི་ལས་དོན་རྩོམ་པའི་ཐོབ་ཐང་དང་ནུས་པ་ཆ་ཚང་ཡོད་པ་རེད། དེར་བརྟེན། ཁྱོད་ཚོའི་བསམ་ཚུལ་དང་དྲི་བ་གང་ཡིན་ཡང་ང་ཚོས་དྲ་བརྙན་བརྒྱུད་གསན་ཐུབ་ཀྱི་རེད།

དེ་རིང་གི་བརྗོད་གཞི་ནི་བྱམས་བརྩེ་དང་ཤེས་ཡོན། འདྲ་མཉམ་ཞེས་པ་འདི་རེད། འཛམ་གླིང་འདི་ནམ་ཡིན་ཡང་འགྱུར་བ་འགྲོ་བཞིན་པ་ཞིག་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་ཚོ་སེམས་ཤུགས་བསྐྱེད་གཞི་ཞིག་ལ་འདས་པའི་མི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་གནས་ཚུལ་ནི་ཧ་ཅང་དྲག་རྩུབ་ཅན་ཡིན་པ་དང་། དམག་ཆེན་དང་པོ་དང་གཉིས་པ་སོགས་སྐབས་དེའི་གནས་ཚུལ་ལ་ཕྱིར་བལྟས་ཤིག་བྱས་ཏེ། དེང་སང་གི་འཛམ་གླིང་གི་གནས་སྟངས་དང་བསྡུར་བ་ཡིན་ན་དེང་སང་འཛམ་གླིང་ཞི་བདེ་ཡི་ཐོག་ལ་འབོད་སྐུལ་བྱེད་མཁན་ཧ་ཅང་མང་པོ་ཡོད། དེ་ཡང་དབུ་ཁྲིད་ཚོ་ཙམ་མ་ཡིན་པར་མི་མང་དཀྱུས་མའི་ཁྲོད་འཛམ་གླིང་ཞི་བདེ་དགོས་པའི་འབོད་སྒྲ་ཧ་ཅང་ཤུགས་ཆེན་པོ་ཡོད། འཛམ་གླིང་ཞི་བདེ་ནི་སྒེར་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་བདེ་གསུང་བཞིན་ཡོད། སྤྱི་ཚོགས་ནི་མི་སྒེར་མང་པོ་འདུས་པ་ལ་བརྟེན་ནས་བྱུང་བའི་ཚོགས་པ་ཞིག་ཆགས་ཡོད་པས་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཡོང་བ་ལ་མཐར་གཏུགས་ན་སྒེར་སོ་སོའི་ཞི་བདེ་བསྐྲུན་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་དེ་ཞེད་སྣང་དང་དངངས་སྐྲག་གི་ཐོག་ནས་མ་ཡིན་པར་སོ་སོས་དང་དུ་བླངས་ནས་སེམས་ཀྱི་ཞི་བདེ་སྐྲུན་དགོས་པ་ཞིག་ཆགས་ཡོད། དེའི་ཐབས་ཤེས་ཀྱང་རྒྱ་ཆེ་ས་དང་གུ་ཡངས་ས་ནས་བསམ་བློ་གཏོང་དགོས།

དེང་སང་གོ་མཚོན་ཧ་ཅང་ཡར་ཐོན་ཅན་ཆགས་ཡོད་པ་དང་། གལ་སྲིད་དེ་བདེ་སྤྱོད་གཏོང་བའི་དུས་ཚོད་ཅིག་ཤར་ཚེ་འབྲས་བུ་ནི་ཧ་ཅང་འཚབ་ཆེན་པོ་ཞིག་རེད། འདས་པའི་མི་རབས་སྔོན་མ་ཚོའི་སྐབས་སུ་རྙོག་དྲ་བྱུང་བ་ཡིན་ན་མཚོན་ཆ་ཆུང་ཙག་བེད་སྤྱོད་གཏོང་བ་དང་། སྐབས་རེར་ལག་འཛིང་བྱེད་རེས་ཙམ་ཡིན་པས་དེ་ཙམ་གནོད་འཚབ་ཆེན་པོ་མ་རེད། དེང་གོ་མཚོན་ཡར་ཐོན་ཅན་མང་པོ་ཡོད་པས་ཧ་ཅང་ནུས་པ་ཆེན་པོ་དང་ཉེན་ཁ་ཆེན་པོ་རེད། གནས་བབ་འདི་ལྟ་བུའི་སྐབས་སུ་འཛམ་གླིང་ཞི་བདེ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེ་ཡང་སྨོན་ལམ་བཏབ་ནས་འགྲུབ་ཐུབ་པ་ཞིག་མ་རེད། དཀོན་མཆོག་ལ་སྨོན་ལམ་འདེབས་པ་དང་སངས་རྒྱས་བཅོམ་ལྡན་འདས་ལ་སྨོན་ལམ་བཏབ་པས་ཡོང་ཐུབ་པ་ཞིག་མ་རེད། སྨོན་ལམ་བཏབ་པ་སྐྱོན་མ་ཡིན་ཀྱང་ཁ་ཡོད་ལག་ཡོད་ཀྱིས་ཕན་བདེ་བསྒྲུབ་པ་ནི་ཧ་ཅང་ཁག་པོ་རེད། གལ་སྲིད་འཇིག་རྟེན་བཀོད་པ་པོ་ལྟར་འཇིག་རྟེན་གྱི་འཁྲུག་འཛིང་ཡོད་ཚད་སངས་རྒྱས་ཀྱིས་བཟོས་པ་ཡིན་ན་སངས་རྒྱས་ལ་སྨོན་ལམ་བཏབ་ན་ཡོང་རྒྱུ་ཞིག་ཡོད། ཡིན་ནའང་། འཚེ་བ་བསྐྲུན་མཁན་ནི་འགྲོ་བ་མི་ཡིན་པས་འཚེ་བ་མེད་པར་བཟོ་མཁན་ཡང་ང་རང་ཚོ་ཡིན་དགོས།

ཞི་བདེའི་ལས་འགུལ་སྤེལ་མཁན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་ཡོད་པས་ཐོག་མར་སོ་སོའི་བསམ་བློ་ཞི་བདེ་ཅན་ཞིག་ཏུ་བསྒྱུར་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། ནང་སེམས་ཀྱི་ཞི་བདེའི་རྩ་བ་ཐུག་ས་ནི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློར་ཐུག་ཡོད། བསམ་བློའི་ངོས་ནས་གཞན་ལ་བྱམས་བརྩེ་དང་འཚེ་བ་མེད་པར་བྱེད་པ། ལྷག་པར་དུ་འགྲོ་བ་མི་ཙམ་མ་ཡིན་པར་དུད་འགྲོ་སེམས་ཅན་ལའང་འཚེ་བ་སྤོང་བའི་བསམ་བློ་བཅིངས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟ་བུའི་བསམ་བློ་ཞིག་ཡོད་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། ང་ཚོས་འཚེ་མེད་ཞི་བ་བཤད་སྐབས་འཚེ་མེད་ཞི་བ་སྒྲུབ་པའི་ཆོས་ལ་བརྟེན་པ་མ་ཡིན་པར་སོ་སོའི་ངོས་ནས་མི་ཚང་མས་གོ་ཐུབ་པའི་རྒྱུ་མཚན་དང་ཉམས་མྱོང་བེད་སྤྱོད་ཀྱིས་སྒྲུབ་དགོས་པ་ཆགས་ཡོད། གོང་དུ་ཞུས་པ་ལྟར་གོ་མཚོན་དེ་དག་བེད་སྤྱོད་བཏང་བ་ཡིན་ན་དེའི་འབྲས་བུ་ནི་ཉེན་འཚུབ་ཚད་ལས་བརྒལ་བ་ཞིག་དང་། རང་གཞན་གཉིས་ཕུངས་ཤིག་ཆགས་ཀྱི་ཡོད། དེར་བརྟེན། འཛམ་གླིང་ཞི་བདེ་ཅན་ཞིག་བསྐྲུན་པར་ང་ཚོར་དབང་ཆ་དང་འགན་གཉིས་ཀ་ཡོད་པ་རེད། སྤྱི་ལ་ཁྱབ་པའི་ཀུན་སློང་བཟང་པོ་དེའི་ཆེད་དུ་ནང་སེམས་ཀྱི་ཞི་བདེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

སྙིང་རྗེ་ནི་གཞན་ཕན་གྱི་བསམ་བློ་ཞིག་སྟེ། གཞན་སྡུག་བསྔལ་ལས་བྲལ་འདོད་ཀྱི་བློ་ཞིག་རེད། གལ་སྲིད་སྙིང་རྗེའི་བསམ་བློ་ཅན་ཞིག་ཡིན་ན་གཞན་ཕུངས་པར་འདོད་པ་རྩ་བ་ནས་ཡོང་གི་མ་རེད། དེར་བརྟེན། བྱམས་སྙིང་རྗེ་སློབ་སྦྱོང་གི་ནང་དུ་འཇུག་དགོས། ལྷག་པར་དུ་གཞོན་སྐྱེས་ནས་བཟུང་སློབ་སྦྱོང་གི་སྡེ་ཚན་ནང་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོ་སྤྱི་ཚོགས་སེམས་ཅན་ཆགས་ཡོད་པས་རང་ཉིད་བརྟེན་སའི་སྤྱི་ཚོགས་ཀྱི་བདེ་བ་སྒྲུབ་རྒྱུ་ནི་རང་ཉིད་ཀྱི་བདེ་བ་སྒྲུབ་པའི་ཐབས་ཡག་ཤོས་ཆགས་ཡོད། རང་དོན་སྒྲུབ་མཁན་ཞིག་ཡིན་ན་རྣམ་དཔྱོད་ཅན་གྱི་རང་དོན་སྒྲུབ་མཁན་ཞིག་བྱེད་དགོས། དེ་མིན་རང་ཁོ་ན་གཅེས་པར་བཟུང་ནས་གཞན་ཡལ་བར་དོར་བ་ནི་གླེན་པའི་གཅེས་འཛིན་ཆགས་ཡོད། རང་གཅེས་པར་འཛིན་པ་ནི་རྣམ་དཔྱོད་ཀྱི་སྒོ་ནས་འཛིན་དགོས་ཀྱི་ཡོད། ངོས་རང་གིས་ནམ་རྒྱུན་བཀའ་མོལ་ཞུ་སྐབས་བྱམས་སྙིང་རྗེ་དང་ཆོས་ལུགས་མཐུན་འབྲེལ། འཛམ་གླིང་སྤྱི་ལ་ཁྱབ་པའི་བཟང་སྤྱོད་བཅས་བཤད་ཀྱི་ཡོད་པས་ངོས་རང་གི་བསམ་བློ་བདེ་སྐྱིད་ལྡན་པའི་ངང་སྡོད་ཐུབ་ཀྱི་འདུག ཅེས་སོགས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་ཡོད་པ་བཅས།།  

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།