༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྗེས་འཇུག་པ་ཚོར་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་གནང་སྒོ་ལེགས་པར་གྲུབ་པ། ༢༠༢༡ ཟླ་བ་ ༩ ཚེས་ ༩

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིངྒ་པོར་ནང་པའི་ཆོས་ཚོགས་(TBC)གཙོས་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་བཅུ་ཡིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་གསུང་ཆོས་དང་། ཆོས་ཞུ་བའི་དྲི་བ་ཁག་ཅིག་ལ་བཀའ་ལན། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཅས་སྩལ་ཡོད་པ་རེད།

དེ་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་རྒྱ་སྐད་དང་ཨིན་རྡི་ནེ་ཤཱི་ཡིའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཞེས་གསུང་འདོན་དང་འབྲེལ་བཀའ་སློབ་སྩལ་དོན།

ཨེ་ཤ་ཡའི་ཆོས་ཚོགས་ཁག་ཅིག་གི་ཆོས་གྲོགས་ཚོས་ཆོས་འབྲེལ་ཞིག་བྱུང་ན་ཞེས་རེ་འདུན་གནང་བ་བཞིན་དེ་རིང་ཉིན་གཉིས་པ་ཡིན། རྒྱ་རིགས་ཆོས་གྲོགས་ཚོས་སྨོན་ལམ་གསུངས་པ་དེ་བཞིན། ཆོས་དང་ལྷག་པར་དུ་ཤེར་ཕྱིན་གྱི་གཞུང་གི་དགོས་པ་ག་རེ་ཡིན་པ་དང་། དེ་ནི་འདོན་པ་བཏོན་ནས་སྡོད་པ་ཙམ་རེད་དམ་ཞེ་ན་མ་ཡིན་པར། དུག་གསུམ་ཉོན་མོངས་སེལ་དགོས། དུག་གསུམ་ཉོན་མོངས་ནི་མི་ཤེས་པའི་རྨོངས་པ་ཆགས་ཡོད་པས་དེ་སེལ་བ་ལ་སྨོན་ལམ་རྒྱབ་པ་ཙམ་གྱིས་ཕན་ཐོགས་མེད། དེ་ལ་ཤེས་རབ་ཀྱི་སྣང་བ་འབར་བའི་ཐོག་ནས་མ་སྐྱེས་པ་སྐྱེས་པ་དང་། སྐྱེས་པ་གོང་ནས་གོང་དུ་འཕེལ་བའི་ཐོག་ནས་མི་ཤེས་པའི་རྨོངས་པ་སེལ་གྱི་ཡོད། དུག་གསུམ་ཉོན་མོངས་དེ་ཤེས་རབ་ཀྱི་སྣང་བ་འབར་བའི་ཐོག་ནས་སེལ་བ་དང་། དེ་ལ་ཕྱི་ནང་གི་བར་ཆད་ཀྱི་འགལ་རྐྱེན་མ་ཡོང་བ་དང་། དེའི་རྗེས་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག་ཅེས་སྟོང་ཉིད་སྒོམ་པ་དེ་རང་འདོད་ཡིད་བྱེད་ཀྱིས་རང་ཉིད་ལ་ཞི་བདེའི་གོ་འཕང་ཐོབ་ན་བསམ་པ་ཞིག་དང་། དགྲ་བཅོམ་པའི་གོ་འཕང་ཐོབ་ན་བསམ་པ་ཙམ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྣམ་མཁྱེན་རྒྱལ་བའི་གོ་འཕང་སྒྲུབ་འདོད་ཀྱི་ཐོག་ནས་ཤེས་རབ་ཀྱི་སྣང་བ་གོང་ནས་གོང་དུ་འཕེལ་ཕྱིར་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག་ཅེས་སྨོན་ལམ་འདི་ཧ་ཅང་འདུས་ཆེན་པོ་རེད། ཆོས་གྲོགས་ཚོས་སྨོན་ལམ་འདི་གསུངས་པའི་སྐབས་སུ་ངོས་ཀྱི་སེམས་ལ་འགུལ་བསྐྱོད་ཐེབས་ཀྱི་འདུག

དུག་གསུམ་ཉོན་མོངས་སེལ་བར་ཤོག ། 
ཤེས་རབ་སྣང་བ་འབར་བར་ཤོག །
ཕྱི་ནང་ངན་སེམས་མེད་པ་དང་།། 
རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག།

དེ་རིང་འདིར་བྱ་རྒྱུའི་ཆོས་འབྲེལ་ནི་འཇུག་པ་རང་འགྲེལ་རེད། སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ནི་ཕལ་ཆེར་ཤེར་རབ་སྙིང་པོ་གཙོ་བོ་ཆགས་ཡོད་པ་རེད། གོང་དུ་བརྗོད་པ་ལྟར་དུག་གསུམ་ཉོན་མོངས་སེལ་བྱེད་ཤེས་རབ་སྣང་བ་ནི་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཤེས་པའི་བློ་དེའི་ཐོག་བསམ་བློ་གཏོང་དགོས། སྟོང་པ་ཉིད་ནི་བདག་མེད་པ་ཅེས་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཚང་མས་གསུངས་བཞིན་ཡོད་པ་རེད། བདག་མེད་པའི་མེད་རྒྱུའི་བདག་དེ་གང་འདྲ་ཞིག་རེད། དེའི་ཐོག་ནས་བདག་མེད་ཀྱི་གོ་བ་ཕྲ་རགས་མང་པོ་ཞིག་ལེན་པ་དང་། མདོ་སྡེ་བ་དང་བྱེ་བྲག་སྨྲ་བས་བདག་མེད་པ་གསུང་གི་ཡོད། བདེན་བཞིའི་རྣམ་གཞག་གསུངས་མཁན་ཚང་མས་བདག་མེད་པ་ཟེར་བའི་ལྟ་གྲུབ་དེ་གསུངས་ཀྱི་ཡོད།

ང་ཚོས་ཐེག་ཆེན་དང་ཐེག་དམན་ཟེར་གྱི་འདུག ཚིག་དེ་ངོས་རང་ལ་བདེ་བོ་མི་འདུག མཐོ་དམན་བརྩི་བཞིན་ཡོད་པ་ལྟ་བུ་ཞིག་འདུག དེ་ལས་ལེགས་སྦྱར་གྱི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་བརྗོད་པ་ཡིན་ན་ཡག་ཤོས་འདུག དེར་བརྟེན། པཱ་ལིའི་ཆོས་བརྒྱུད་ནང་དུ་ཡིན་ནའང་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་ནང་ཡིན་ནའང་རེད། སྡུག་བསྔལ་ནི་སེམས་མ་བཏུལ་བའི་དབང་གིས་ལས་ངན་བསགས་པ་དང་། དེ་ལ་བརྟེན་ནས་སྡུག་བསྔལ་ཡོང་གི་ཡོད། བདེ་བ་དང་སྡུག་བསྔལ་ནི་རྒྱུ་མེད་རྐྱེན་མེད་ཀྱི་ཐོག་ནས་ཡོང་བ་མ་ཡིན་པར་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་ཞིག་རེད། སྡུག་བསྔལ་གྱི་རྒྱུ་རྩ་བར་གཏུགས་ཡོང་སྐབས་པཱ་ལིའི་གཞུང་དང་ལེགས་སྦྱར་གྱི་གཞུང་ཚང་མའི་ནང་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཞེས་གསུངས་བཞིན་ཡོད། མ་རིག་པ། འདུ་བྱེད། རྣམ་ཤེས་ཞེས་སོགས་གསུངས་ཡོད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མར་མ་རིག་པ་ཞེས་གསུངས་ཀྱི་འདུག གང་ལྟར་ང་ཚོའི་སངས་རྒྱས་པའི་གཞུང་གི་འགྲོ་སྟངས་ནི་རྒྱུ་མཚན་དང་ལྡན་པ་རིགས་པ་དང་ལྡན་པ་ཞིག་རེད། གཞན། བདེ་སྡུག་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་གནང་བ་ལྟ་བུ་ཞིག་དང་། ཡང་རྒྱུ་མེད་རྐྱེན་མེད་ཀྱང་མིན་པ་ལྟ་བུ་རེད། རྒྱ་གར་གྱི་གཞུང་གི་ནང་དུ་ཨ་ཧེམ་ས་(Ahimsa)དང་། ཀ་རོ་ན་(karuna)ཞེས་བཅོམ་ལྡན་འདས་མ་བྱོན་གོང་ནས་གསུངས་ཡོད་པ་ཞིག་རེད། ཨ་ཧེམ་ས་ཞེས་འཚེ་བ་མེད་པ་དང་། འཚེ་བ་ཡོང་བ་ནི་ཁྲོ་བའི་སེམས་སོགས་ཀྱི་ཐོག་ནས་ཡོང་གི་ཡོད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཚང་མ་གཅིག་མཚུངས་རེད། ཡིན་ནའང་། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ལ་རྨོངས་པ་ནི་མི་རིག་པས་བྱེད་ཡོང་གི་ཡོད། སེམས་མ་བདེ་བ་བྱེད་མཁན་གཙོ་བོ་ཉོན་མོངས་དང་ཉོན་མོངས་ཀྱི་རྩ་བ་མ་རིག་པ་རེད། དེར་བརྟེན། སངས་རྒྱས་པའི་གཞུང་གི་ནང་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅེས་པ་ཧ་ཅང་གལ་ཆེན་པོར་གསུངས་བཞིན་ཡོད།

ངོས་རང་གི་ཉམས་མྱོང་གི་ཐོག་ནས་བཤད་ན། ཅི་ཙམ་གྱིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཤུགས་ཆེ་རུ་ཕྱིན་པའི་ཚོད་ཀྱིས་བླང་དོར་གྱི་གནས་ཤེས་པ་དང་། བླང་དོར་གྱི་གནས་ལ་ཡིད་ཆེས་སླེབས་པ། དེ་ལ་འབད་བརྩོད་བྱེད་མི་དགོས་པར་རང་གི་འདོད་པས་དང་དུ་བླངས་ནས་བྱེད་རྒྱུ་ཞིག་ཡོང་གི་འདུག གང་ལྟར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅེས་པ་ཧ་ཅང་གལ་ཆེན་པོ་རེད། མ་རིག་པ་སེལ་བ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་སེལ་བ་མ་གཏོགས་མ་རིག་པ་མེད་པར་གྱུར་ཅིག་ཟེར་ནས་བརྗོད་པ་གཅིག་པུས་ཡོང་གི་མ་རེད། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་མ་རིག་པ་མེད་པ་བཟོ་རྒྱུ་ཡོད་པ་མ་རེད། རྨོངས་པའི་གཞན་དབང་དུ་གྱུར་པའི་སེམས་ཅན་རང་ཉིད་ཀྱིས་ཡིན་ལུགས་བརྟག་དཔྱད་ཀྱིས་མ་རིག་པ་སེལ་བ་མ་གཏོགས་གཞན་མེད། (དབུ་མ་འཇུག་པའི་སེམས་བསྐྱེད་པ་དྲུག་པར། )

དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི།།
རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ།།
སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར།།
རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།།

ཅེས་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པ་བཤད་ཀྱི་ཡོད། ཕྱི་ནང་གི་ཆོས་གང་ཡིན་ཡང་སྣང་ཚུལ་དེ་མ་རིག་པ་དང་དེའི་བག་ཆགས་ཀྱི་དབང་གིས་དོན་དམ་ནས་ཡོད་པ་ཞིག་སྣང་ཡོང་གི་ཡོད་པ་མ་གཏོགས། དོན་ངོ་མར་དོན་དམ་ནས་ཡོད་པ་ཞིག་ཁྱོན་ནས་མེད། ངོས་ཀྱིས་རྟག་ཏུ་འདི་ལ་བསམ་བློ་གཏོང་གི་ཡོད། ལོ་བཅུ་ཕྲག་མང་པོར་བསམ་བློ་བཏང་བའི་ལག་རྗེས་སུ། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།། ཞེས་པའི་འགོག་བདེན་རྗེས་མཐུན་པ་ཞིག་གི་སྒང་ལ་ཕལ་ཆེར་ངོས་རང་སླེབས་ཀྱི་ཡོད་པ་ལྟ་བུ་འདུག དེ་སྒོམ་ནས་བྱུང་བ་རེད། སྨོན་ལམ་བརྒྱབ་ནས་བྱུང་ཡོད་པ་མ་རེད།

རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི།།
འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད།།
དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི།།
མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན།།

ཅེས་ཉམས་ཐག་པའི་སེམས་ཅན་རང་དང་རང་འདྲ་བ་མ་རིག་པའི་གཞན་དབང་དུ་གྱུར་མཁན། འདོད་པ་བདེ་བ་འདོད་ཀྱང་བདེ་བས་ཕོངས། མི་འདོད་པ་སྡུག་བསྔལ་ཡིན་ཡང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཚོར་ལྷག་པར་དུ་བརྩེ་བའི་བློ་སྐྱེད་ནས་སྡུག་བསྔལ་སེལ་བ་དང་། སྡུག་བསྔལ་སེལ་ཐུབ་པ་དང་བདེ་བ་སྒྲུབ་ཐུབ་པ་དངོས་ཡོད་གནས་ཚུལ་དེ་ལྟར་ཡིན་པ་ལ་རྨོངས་ནས་སྡུག་བསྔལ་གྱིས་མནར་ནས་ཡོད་པ་ལ་ལྷག་པར་དུའང་སྙིང་རྗེ་སྐྱེད་པ་རེད། བདེ་བ་སྒྲུབ་པའི་བསམ་བློ་མེད་པ་ཡིན་ན་སྡུག་བསྔལ་གྱིས་མནར་སྡོད་མཁན་ལ་གང་དྲག་ཟེར་བ་ཙམ་མ་གཏོགས་གཞན་མེད། དེ་ལྟར་སྟོང་པ་ཉིད་ཀྱི་དོན་ཤེས་པའི་ཐོག་ནས་མ་རིག་པ་སྤོང་དགོས་པ་རེད། དེ་ལ་མ་རིག་པའི་ཞེན་ཡུལ་སུན་བྱུང་ནས་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་དེ་འགག་པ་ཞིག་འགྲོ་བཞིན་ཡོད་པས་ཤེས་རབ་ཀྱི་སྣང་བ་སྐྱེས་དགོས།

དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི།།
མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན།།
ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།།
ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི།།
བདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།།
རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ།

ཅེས་བདེན་གཉིས་ཀྱི་གཤོག་པ་ཟུང་ལྡན་གྱིས་རང་རྒྱུད་ཀྱི་སྐྱོན་རྣམས་རིམ་བཞིན་མེད་པར་བཟོས་བ་དང་། ཐབས་ཀྱི་གྲོགས་དང་བཅས་པའི་ཐོག་ནས་ཡར་རྒྱས་སུ་ཕྱིན་ཏེ་མཐར་བཅོམ་ལྡན་འདས་ནང་བཞིན་སྤངས་རྟོགས་མཐར་ཕྱིན་པའི་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་ཞིག་རེད། དེ་ལྟར་བསམ་བློ་བཏང་ཡོང་སྐབས། གང་ལྟར་ང་ཚོ་ཚང་མའི་རྒྱུད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་རེད། སེམས་ཡོད་ཚད་ལ་སེམས་ཀྱི་མཐར་ཐུག་གི་རང་བཞིན་ནི་གསལ་རིག་ཙམ་ཆགས་ཡོད་པ་རེད། སེམས་ཕྲ་རགས་མང་པོ་ཡོད་པའི་ནང་གི་སེམས་ཕྲ་མོའི་སྒང་ལ་སླེབས་སྐབས་ཉོན་མོངས་མངོན་གྱུར་བ་སྐྱེས་རྒྱུ་ཡོད་པ་མ་རེད། སེམས་ཀྱི་ལྷན་སྐྱེས་ཀྱི་རང་བཞིན་འོད་གསལ་བ་ཆགས་ཡོད་པ་རེད། དེ་ང་ཚོར་སྤོབས་པ་སླེབས་དགོས་པ་རེད།  དེ་ཤེས་པ་བྱོས། དེའི་ཐོག་ནས་སེམས་དེ་རང་བཞིན་གྱིས་འོད་གསལ་བ་རེད་མ་གཏོགས་དྲི་མ་དེ་ལྷན་སྐྱེས་ལ་ཡོད་པ་ཞིག་མ་རེད། མ་རིག་པ་ནི་མི་ཤེས་པའི་དབང་གིས་ཡོང་བ་ཞིག་ཡིན་པས་དེ་སེལ་ཐུབ་པའི་བསམ་བློ་ཞིག་འཁོར་ཡོང་གི་འདུག དེ་ལྟ་བུའི་ཐབས་ཤེས་ཀྱི་རྟོགས་པ་ཟུང་འདབ་ཆགས་ཀྱི་གཤོག་པ་ཟུང་ལྡན་ལྟར་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་རྒྱུ་ཞིག་རེད།

འདི་ངོས་ཀྱིས་ཆོས་གྲོགས་ཚོར་དཔེ་ཆའི་ནང་དུ་བསླབ་པ་གཅིག་པུ་མིན། ངོས་རང་ལ་ཆ་བཞག་ན་ལོ་བཅུ་ཕྲག་མང་པོར་བསམ་བློ་མང་པོ་བཏང་ནས་དཔྱད་སྒོམ་དང་། འཇོག་སྒོམ་བྱས་པར་དངོས་གནས་བསམ་བློར་འགྱུར་བ་འགྲོ་རྒྱུ་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་བརྗོད་དུས་བློ་དེ་ག་རང་གི་ནང་དུ་ཡོང་བ་ཞིག་དང་། རང་གཅེས་འཛིན་གྱི་གཞན་དབང་དུ་གྱུར་བའི་བློ་དེ་གཞན་གཅེས་འཛིན་གྱི་བློའི་རྣམ་པར་བསྒྱུར་ཐུབ་པ་དང་། བདེན་གྲུབ་ཏུ་འཛིན་པའི་བློའི་ཨ་འཐས་ཀྱི་འཛིན་པ་དེ་སྣང་ཡུལ་མི་མཐུན་པ་སྒྱུ་མ་ལྟ་བུ་ཡིན་བསམ་པ་ཞིག་བློ་ལ་ཤར་ཐུབ་པ་ཞིག་ཡོང་རྒྱུ་འདུག ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།། ཞེས་པ་ནི་ཚིག་ཙམ་མ་ཡིན་པར་ཉམས་མྱོང་གི་ཐོག་ནས་ཐབས་ཤེས་ཟུང་འབྲེལ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པའི་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ས་རེད་བསམ་པ་ཞིག་བློ་ལ་ཤར་གྱི་འདུག དེ་དུས་གཅིག་ལ་ཡོང་གི་མ་རེད། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱཧཱ། ཞེས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་ཞེས་ཡོད།  རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།། ཅེས་པར་བསམ་བློ་གཏོང་དུས་ངོས་རང་ཡང་ཕལ་ཆེར་ཐེག་ཆེན་ཚོགས་ལམ་ཐོབ་པར་ཆ་བཞག་ཆོག་གི་རེད། ཐེག་ཆེན་སྦྱོར་ལམ་གྱི་ཐོག་ལ་འགྲོ་རྒྱུ་སླེབས་ཡོང་གི་འདུག དེ་ཐོས་བྱུང་གི་ཤེས་རབ། བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་ཅེས་རིམ་པར་བསམ་བློ་བཏང་བ་ཡིན་ན་དཔེ་ཆའི་ནང་དུ་བཤད་ཡོད་པ་ཙམ་མ་ཡིན་པར་སེམས་ནང་དུ་ཚོར་བ་སླེབས་པ་ཞིག་དང་ཉམས་མྱོང་སླེབས་པ་ཞིག་ཡོང་རྒྱུ་འདུག

དེར་བརྟེན། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱཧཱ། ཞེས་བློ་གོང་ནས་གོང་དུ་ཁྱད་ཞུགས་པ་ནི་ད་ལྟའི་ང་རང་ཚོའི་བློ་མ་རིག་པའི་གཞན་དབང་དུ་གྱུར་བ། རང་གཅེས་འཛིན་གྱི་གཞན་དབང་དུ་གྱུར་བའི་བློ་འདི་ག་བཅོས་བསྒྱུར་བཏང་ནས་འགྲོ་རྒྱུ་མ་གཏོགས། དེ་ཕར་བཞག་ནས་སངས་རྒྱས་ཀྱི་བྱིན་རླབས་གློ་བུར་དུ་ཡོང་རྒྱུ་ཡོད་པ་མ་རེད། འདི་ངོས་ཀྱིས་ཆོས་གྲོགས་ཚོར་ངོས་རང་གི་ཉམས་མྱོང་ཐོག་ནས་འདི་ལྟར་ཡོང་གི་འདུག་ཅེས་ཞུ་འདོད་བྱུང་། ཅེས་སོགས་བཀའ་སློབ་སྩལ་རྗེས་དབུ་མ་འཇུག་པའི་གསུང་ཆོས་འཕྲོ་སྐྱོང་དང་། དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་སྐབས། འཆི་ཁའི་ཉམས་ལེན་ལ་ལམ་སྟོན་བཀའ་སློབ་ཕེབས་དོན།

ཤི་ཁར་ཆགས་སྡང་སྐྱེས་སར་བསམ་བློ་མ་བཏང་བར། ངོས་ཀྱི་ངོ་ཤེས་པ་ཁ་ཤས་ཤི་ཁར་ཐུབ་དབང་གི་སྐུ་མདུན་ལ་བཞག ཁ་ཤས་ཀྱིས་ངོས་ཀྱི་པར་མདུན་ལ་བཞག་ནས་དེ་རང་ལ་བསམ་བློ་བཏང་ནས་ཤེས་པ་རགས་པ་རྣམས་ཐིམ་པ་ཡོང་གི་འདུག དེས་བག་ཆགས་ཏན་ཏན་འཇོག་གི་ཡོད་པ་རེད། ང་ཚོ་ནང་པ་ཞིག་ཡིན་ན་ཐུབ་དབང་གི་སྐུ་ཞིག་མདུན་ལ་བཞག དེ་ལ་སེམས་གཏད་ནས་དེ་རང་གི་ཐོག་ནས་རྣམ་ཤེས་རགས་པ་ཕར་ཐིམ་པ་ཡིན་ན་ཡག་པོ་ཡོད་པ་རེད། མཁྱེན་སོང་ངམ། ལོ་ཉིས་སྟོང་ལྔ་བརྒྱའི་གོང་གི་བཅོམ་ལྡན་འདས་ལ་བསམ་བློ་གཏོང་དུས་བློ་ལ་གསལ་བོ་འཆར་མ་ཐུབ་པ་ཡོང་གི་རེད། ངོས་ཀྱིས་འདི་ལྟར་བཤད་ན་འགྲིག་གི་མི་འདུག་མ་གཏོགས། ངོས་རང་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད་པ་རེད། སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། འཛམ་གླིང་ཡོངས་གྲགས་སུ་ཞི་བདེའི་སློབ་དཔོན་ཞིག་ཆགས་ཡོད། ངོས་ཀྱི་པར་ཞིག་མདུན་ལ་བཞག་པ་ཡིན་ན་བློ་ལ་འཆར་བདེ་བོ་ཡོད་པ་རེད། དེ་ལྟར་བྱས་ན་ཕན་གྱི་རེད། ཅེས་བཀའ་སློབ་ཕེབས་རྗེས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་། མཐར་སིངྒ་པོར་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Ng Wee Nee ལགས་ཀྱིས་ཐུགས་རྗེ་ཆེ་དང་། གསུང་ཆོས་གོ་སྒྲིག་ཞུས་པ་བསྔོ་བ་ཞུས་རྗེས་ཐེངས་འདིའི་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྗེས་འཇུག་པ་རྣམས་ལ་བཀའ་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།། །།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།