༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཀྱི་ནུས་པའི་སྐོར་ལ་བཀའ་སློབ་སྩལ་བ། ༢༠༢༡ ཟླ་བ་ ༨ ཚེས་ ༢༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་Tibet Initiative Deutschland (TID) ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཀྱི་ནུས་པའི་(Tibetan Culture and Its Potential to Contribute to Peace) སྐོར་ལ་དྲ་ལམ་ཐད་གཏོང་བརྒྱུད་བཀའ་སློབ་དང་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་དགུ་པ་མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་བཀའ་སློབ་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་འཛིན་བསྟན་འཛིན་ཛཱོ་ཆི་བྷའར་(Tenzyn Zochbauer) ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་དང་བཀའ་སློབ་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་འཇར་མན་དང་སུད་སི། ཨོ་སི་ཁྲི་རི་ཡ་བཅས་རྒྱལ་ཁབ་གསུམ་ནས་བོད་དོན་རྒྱབ་སྐྱོར་བ་མི་མང་པོ་ཞིག་གིས་བཀའ་སློབ་གསན་གཟིགས་ཞུ་བཞིན་ཡོད་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་ནི་ལོ་སོ་གཉིས་གོང་ལ་བོད་དོན་དང་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་བཙུགས་པ་ཞིག་ཡིན་པའི་སྐོར་༸སྙན་སེང་དང་། ང་རང་ནི་བོད་རིགས་དང་མི་རིགས་གཞན་པ་འདྲེས་མ་ཞིག་ཡིན། ཨ་མ་བོད་པ་ཡིན་པའི་ཆ་ནས་བོད་དོན་ཐོག་རྒྱུན་རིང་པོར་ལས་འགུལ་སྤེལ་བ་ནི་ཧ་ཅང་གཟི་བརྗིད་ཆེན་པོ་ཞིག་ལ་བསམ་གྱི་ཡོད། དེ་རིང་འདིར་༸གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཀྱི་ནུས་པའི་སྐོར་ལ་ལམ་སྟོན་བཀའ་སློབ་གནང་རོགས་ཞུ། ཞེས་གསོལ་འདེབས་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།

འཇར་མན་ནས་སླེབས་པའི་གྲོགས་པོ་མང་པོ་ཞིག་དང་ལྷན་དུ་བགྲོ་གླེང་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་། ངོས་རང་ལོ་ཆུང་བའི་དུས་ནས་འཇར་མན་ཟེར་བའི་ལུང་པ་འདི་ལ་སེམས་ནང་དུ་ཉེ་བོ་ཡིན་པའི་བསམ་ཚུལ་ཞིག་ཡོད། དེའི་རྒྱུ་མཚན་ནི་དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་འཇར་མན་ལ་དཀའ་ངལ་མང་པོ་འཕྲད་པ་ཡིན་པས་དམིགས་བསལ་གྱིས་སེམས་ཐག་ཉེ་བོ་ཞིག་ཡོད། འཇར་མན་པ་ཨབ་ཤ་ནའི་ཊར་ (Peter Aufschnaiter)དང་ཧེན་རིག་ཧ་རར་(Heinrich Harrer)གཉིས་བོད་དུ་ཕེབས་ནས་འཇར་མན་གྱི་མིང་བོད་ལ་རྒྱུན་འཇགས་བྱུང་ཡོད། ཨབ་ཤ་ནའི་ཊར་ལ་དམིགས་བསལ་འབྲེལ་བ་བྱུང་མ་སོང་ཡང་ཧེན་རིག་ཧ་རར་ལ་འབྲེལ་བ་ཧ་ཅང་ཟབ་མོ་ཡོད། གྲོགས་པོ་འཆམ་པོ་ཡིན། ངོས་ཀྱི་དབྱིན་སྐད་འདི་ཡང་ཁོང་གིས་བསླབ་པ་ཞིག་རེད། རྗེས་ལ་དོ་སྣང་བྱུང་བ་ལ་ཁོང་རང་ཡང་དབྱིན་སྐད་སྤུས་དག་པོ་མེད་པ་ཤེས་སོང་། དེར་བརྟེན།  དགེ་རྒན་གྱི་དབྱིན་སྐད་སྤུས་དག་པོ་མེད་དུས་དགེ་ཕྲུག་གི་དབྱིན་སྐད་སྤུས་དག་པོ་ཡོང་མི་ཐུབ་པ་ནི་ཆོས་ཉིད་རེད།  ངོས་རང་ལོ་ཆུང་ཆུང་སྐབས་ནས་འཇར་མན་གྱི་མིང་དེ་བསམ་བློའི་ནང་དུ་བྱུང་བ་ཞིག་ཡིན།

དམག་ཆེན་དང་པོའི་སྐབས་སུ་ཨ་རི་ལ་སོགས་པའི་རྒྱལ་ཁབ་མང་པོ་ཞིག་གིས་འཇར་མན་ལ་གནོད་བསྐྱལ་ཡོད་པ་དང་། དམག་ཆེན་གཉིས་པའི་སྐབས་སུའང་ཨ་རི་ལ་སོགས་པའི་མཉམ་དུ་དམག་འཁྲུག་རྒྱབ་ནས་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་རེད། འཇར་མན་གྱི་ས་ཁྲ་ལ་ལྟ་དུས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་ཆུང་ཆུང་ཞིག་དང་ཨ་རི་ས་ཁྲའི་ནང་དུ་ཆེན་པོ་ཞིག་རེད། དམག་ཆེན་དང་གཉིས་སྐབས་སུ་འཇར་མན་ལ་ཐུབ་ཚོད་བཏང་བ་ལྟ་བུ་འདུག་པས་ཁྱོད་རང་ཚོའི་མཉམ་དུ་བཀའ་མོལ་ཞུ་རྒྱུར་ཧ་ཅང་དགའ་བོ་ཡོད། དམག་ཆེན་གཉིས་པའི་རྗེས་སུ་འཛམ་གླིང་ལ་ཞི་བདེའི་ཆེད་དུ་འཇར་མན་དང་ཉི་ཧོང་གཉིས་ཀྱིས་ཁུར་བླངས་འདུག་བསམ་པ་དྲན་གྱི་འདུག ཉི་ཧོང་ལ་ཆ་བཞག་ན་རྡུལ་ཕྲན་མཚོན་ཆའི་དཀའ་ངལ་མང་པོ་ཞིག་འཕྲད་པ་རེད། རྒྱལ་ཁབ་འདི་གཉིས་ཀྱིས་དམག་ཆེན་གྱི་སྐབས་སུ་དམིགས་བསལ་གྱིས་སྡུག་བསྔལ་ཆེན་པོ་མྱང་བ་ཡིན་པས་སེམས་གཏིང་ནས་འཛམ་གླིང་གི་ཞི་བདེ་འདོད་མཁན་ཆགས་ཡོད་པ་རེད། འཇར་མན་དང་ཉི་ཧོང་གཉིས་འཛམ་གླིང་ཞི་བདེ་ལ་ལེགས་སྐྱེས་ཕུལ་བར་ནུས་པ་ཆེན་པོ་ཡོད་པས་འདིར་འཇར་མན་པའི་མཉམ་དུ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ལ་ཧ་ཅང་དགའ་བོ་ཡོད།

དེ་རིང་འདིར་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཀྱི་ནུས་པ་ཞེས་པའི་སྐོར་ལ་བཀའ་མོལ་རེད། བོད་ཀྱི་གདོད་མའི་དུས་སྐབས་ནི་འབྲོག་པ་ཆགས་ཡོད་པས་རིག་གཞུང་གཏིང་ཟབ་མོ་དེ་ཙམ་ཡོད་པ་མ་རེད། དུས་རབས་བདུན་པའི་སྐབས་སུ་བཙན་པོ་སྲོང་བཙན་སྒམ་པོས་རྒྱ་ནག་ནས་བཙུན་མོ་གཅིག་བཞེས་ཡོད་ཀྱང་། ཁོང་གི་དགོངས་པ་ཧ་ཅང་རྒྱ་ཆེན་པོ་ཡོད་པས་བོད་ལ་རང་གི་ཡི་གེ་ཞིག་དགོས་པར་དགོངས་པ་བཞེས་ཡོད། དེ་ཡང་རྒྱ་ནག་ལ་དར་བཞིན་པའི་ཡི་གེ་བླངས་པ་མ་ཡིན་པར་བོད་རང་ལ་ཡི་གེ་དགོས་པར་དགོངས་ཡོད། སྐབས་རེར་རྩེད་མོ་དང་སྦྲགས་ནས་ཞུ་བཞིན་པ་ཞིག་ལ་བོད་ཀྱི་བཙན་པོ་ཁོང་གིས་རྒྱ་ནག་ནས་བཙུན་མོ་བཞེས་ནས་སྤྲོ་བོ་དང་ཞལ་ཟས་ལ་མཉེས་པོ་གནང་ཡོད་ཀྱང་། རྒྱ་ནག་གི་སྐད་ཡིག་དེ་ཧ་ཅང་གི་རྙོག་དྲ་ཚ་བོ་ཞིག་ཡིན་པ་གཟིགས་ནས་བོད་རང་གི་ཡི་གེ་ཞིག་གསར་གཏོད་ལ་དགོངས་བཞེས་དང་། དེ་ཡང་རྒྱ་གར་ནས་དེ་བ་ན་ག་རི་(Devanagari)ཟེར་བའི་ཡི་གེ་དེ་ལས་དཔེར་བླངས་ནས་བོད་ཀྱི་ཀ་མད་སུམ་ཅུ་དང་དབྱངས་བཞི་གཏན་འབེབས་ཀྱིས་རང་གི་ཡི་གེ་གསར་གཏོད་མཛད་ཡོད།

དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ནང་ཆོས་བོད་ལ་གདན་འདྲེན་ཞུ་རྒྱུར་དགོངས་པ་བཞེས་པ་དང་། དེ་ཡང་རྒྱ་ནག་ནས་མ་ཡིན་པར་རྒྱ་གར་ནས་ཐད་ཀར་སངས་རྒྱས་ཀྱི་ཆོས་ཀྱི་ལྟེ་གནས་གཙོ་བོ་ནཱ་ལེནྡྲའི་མཁས་པའི་དབང་པོ་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུས་པ་དང་། མཁན་ཆེན་ཞི་བ་འཚོ་བོད་དུ་ཆིབས་བསྒྱུར་གནང་ནས་བོད་ལ་རང་གི་སྐད་དང་མཐུན་པའི་ཡི་གེ་ཡོད་པ་གཟིགས་པས་ལེགས་སྦྱར་དང་། པཱ་ལིའི་སྐད་ཡིག་སྦྱོང་མི་དགོས་པར་ལེགས་སྦྱར་དང་པཱ་ལིའི་སྐད་ཡིག་ཐོག་ཡོད་པའི་ནང་ཆོས་ཀྱི་གཞུང་རྣམས་བོད་ཡིག་ཏུ་བསྒྱུར་དགོས་པའི་བཀའ་སློབ་ཕེབས་པ་རེད། མཁས་པ་ཁ་ཤས་ཀྱི་གསུངས་ཚུལ་དུ་མཁན་ཆེན་ཞི་བ་འཚོ་མཆོག་དགོང་ལོ་ཧ་ཅང་བགྲེས་པོ་ཡིན་ནའང་བོད་ཡིག་སྦྱོང་བའི་ཐབས་ཤེས་གནང་བ་རེད་ཟེར། མཁན་ཆེན་ཞི་བ་འཚོས་ལམ་སྟོན་གནང་བ་ལ་རྟེན་ནས་དུས་རབས་བརྒྱད་པ་ནས་བཟུང་བོད་ཀྱི་ལོ་ཙཱ་བའམ་ནང་ཆོས་ལ་སློབ་གཉེར་གནང་མཁན་མང་པོ་ཞིག་གིས་ལེགས་སྦྱར་དང་པཱ་ལིའི་སྐད་སྦྱང་ནས་བོད་ཡིག་ཏུ་བསྒྱུར་བ་རེད།  དེའི་ནང་དུ་སངས་རྒྱས་ཀྱི་བཀའ་ཐད་ཀར་བསྒྱུར་བ་ལ་པོད་བརྒྱ་ལྷག་དང་། རྒྱ་གར་མཁས་པའི་མཛད་པའི་བཀའ་འགྲེལ་བསྟན་འགྱུར་ལ་པོད་ཉིས་བརྒྱ་ལྷག་ཙམ་ཞིག་ཡོད། མདོར་ན་བོད་ཀྱི་སྐད་ཡིག་ཐོག་བཀའ་འགྱུར་དང་བསྟན་འགྱུར་པོད་སུམ་བརྒྱ་ལྷག་ཙམ་ཡོད་པ་རེད། དེ་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་ཕྱག་དཔེ་ཆགས་ཡོད། བོད་ཀྱི་རིག་གཞུང་གི་ཐུན་མོང་མ་ཡིན་པའི་རྩ་བ་འདི་ནས་བཙུགས་ཡོད་པར་བསམ་གྱི་ཡོད། འདས་པའི་བོད་ཀྱི་མཁན་སློབ་རྣམ་པ་དང་། ཆོས་རྒྱལ་རྣམ་པ་ཚོས་རྒྱ་ནག་དང་རྒྱ་གར་གྱི་མཁན་སློབ་རྣམ་པ་ཚོ་ཇི་འདྲ་ཡིན་པ་བསྡུར་ནས་བདམས་པ་ཞིག་རེད། དེར་བརྟེན། བོད་པ་རྣམས་ཀྱི་བསམ་ཚུལ་ཞིག་ལ་རྒྱ་གར་ནི་བོད་པ་ཚོའི་དགེ་རྒན་ཡིན་པ་ལ་ངོས་འཛིན་ཞུ་བཞིན་ཡོད། བླ་སློབ་ཀྱི་འབྲེལ་བ་ལ་ངོས་འཛིན་ཞུ་བཞིན་ཡོད་པ་རེད། ཡིན་ནའང་། དུས་རབས་ཉེར་གཅིག་པའི་ནང་དུ་གོ་ལྡོག་ནས་འདས་པའི་སྐབས་སུ་དགེ་རྒན་ཡིན་པའི་རྒྱ་གར་བ་ཚོ་དེང་གི་སུ་དགེ་ཕྲུག་དང་། བོད་པ་ཚོ་འདས་པའི་དུས་སུ་སློབ་མ་ཡིན་ནའང་དེང་གི་དུས་སུ་དགེ་རྒན་ཆགས་ཡོད།

བོད་ཀྱི་ཡི་གེ་གསར་གཏོད་བྱས་པ་ནས་བཀའ་བསྟན་འགྱུར་མང་པོ་བྱུང་བ་དང་དེ་གཞིར་བཞག་ནས་བོད་ལ་རྣལ་འབྱོར་གྱི་དབང་ཕྱུག་དང་མཁས་པའི་དབང་པོ་མང་པོ་ཞིག་བྱོན་པ་རེད། དེང་གི་དུས་སུ་ནང་པའི་ཆོས་དང་རིག་གཞུང་། ལྟ་གྲུབ། ཚད་མ་རིག་པ་སོགས་དང་། ཡང་ན་སེམས་ཁམས་རིག་པའི་སྐོར་ཞུ་དགོས་བྱུང་ན་འཛམ་གླིང་ནང་དུ་བོད་པ་ཚོ་ཤེས་ཚད་ཡག་ཤོས་ཆགས་ཡོད་པ་ཞུ་ཐུབ་པ་ཞིག་རེད། པཱ་ལིའི་ཆོས་བརྒྱུད་ཀྱི་ནང་པའི་ཆོས་གྲོགས་ཚོར་ཚད་མ་རིག་པ་དང་སེམས་ཁམས་རིག་པ་གཏིང་ཟབ་མོ་དེ་ཙམ་ཡོད་པ་མ་རེད།  གཙོ་བོ་ལུང་གི་རྗེས་འབྲངས་པ་རེད། རྒྱ་ནག་ལ་དར་བའི་ནང་པའི་ཆོས་བརྒྱུད་ལ་མཚོན་ན་ལེགས་སྦྱར་གྱི་ཆོས་བརྒྱུད་ཆགས་ཡོད་ཀྱང་། ནང་ཆོས་ལ་གཏིང་ཟབ་མོར་སློབ་སྦྱོང་བྱེད་པའི་དར་སྲོལ་ཡོད་པ་མ་རེད། ལྷག་པར་དུ་ཚད་མ་རིག་པའི་སྐོར་ལ་སློབ་སྦྱོང་གནང་གི་ཡོད་པ་མ་རེད། དེ་ལས་ལྡོག་སྟེ་ང་ཚོ་བོད་པ་རྣམས་ཀྱི་ནང་ཆོས་སྤྱི་དང་ཚད་མ་རིག་པའི་ཐོག་ལ་དོ་སྣང་ཧ་ཅང་ཆེན་པོ་ཡོད། བོད་ཀྱི་ནང་ཆོས་ཀྱི་ཤེས་ཚད་ལ་བལྟས་པ་ཡིན་ན་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པ་ཞིག་ཆགས་ཡོད།

བོད་ཀྱིས་ཆོས་ལ་སློབ་གཉེར་བྱེད་སྟངས་ནི་ནཱ་ལེནྡྲ་ལ་ལྟོས་ནས་བྱུང་བ་ཡིན་པས་ལུང་གི་རྗེས་འབྲངས་མ་ཡིན་པར་རིགས་པས་དཔྱད་པ་བྱེད་རྒྱུ་ཧ་ཅང་ཤུགས་ཆེན་པོ་ཡོད། དཔེར་ན། བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་བཀའ་སྩལ་ཡོད་པས་སངས་རྒྱས་རང་ཉིད་ཀྱི་བཀའ་རྩ་བར་བཟུང་ནས་ལོ་བརྒྱ་ཕྲག་རིང་སློབ་གཉེར་ཆེན་པོ་བྱས་ཡོད། རྒྱ་ནག་གི་ནང་པ་ཚོ་ལྟར་ང་ཚོས་ཀྱང་སྒོམ་ཉམས་ལེན་བྱེད་བཞིན་ཡོད་ཀྱང་། སྒོམ་ཉམས་ལེན་ཙམ་མ་ཡིན་པར་ཆོས་ཀྱི་སློབ་གཉེར་ལ་ཧ་ཅང་ནན་ཏན་བྱེད་ཀྱི་ཡོད། ང་ཚོས་སློབ་སྦྱོང་བྱེད་སྐབས་ཐོག་མར་རྩ་བ་བློ་འཛིན་བྱེད་དགོས། ངོས་རང་ལ་ཆ་བཞག་ན་ལོ་དྲུག་ཙམ་ནས་བོད་སྐད་ནང་ཡོད་པའི་རྒྱ་གར་མཁས་པའི་གཞུང་གི་རྩ་བ་བློ་འཛིན་བྱས་ཡོད།

ལག་པ་བརྡབ་ནས་རྟགས་གསལ་གཏོང་བའི་ལམ་ལུགས་ནི་བོད་ལ་ཐུན་མོང་མ་ཡིན་པར་དར་བ་ཞིག་རེད། དེ་ནི་ཕྱྭ་བ་ཆོས་ཀྱི་སེང་གེས་གསར་གཏོད་མཛད་པ་ཞིག་རེད། དེ་ལྟ་བུ་ཞིག་གཞན་ལ་ཡོད་པ་མ་རེད། མཚན་ཉིད་པ་ཁ་ཤས་ཤིག་རྟགས་གསལ་གཏོང་དུས་ཧ་ཅང་འཁྲུགས་པོ་ཆགས་ནས་ལག་མཐིལ་ལ་ན་ཟུག་རྒྱག་པའང་ཡོང་གི་ཡོད་པ་རེད། ནང་པའི་ཆོས་བྱེད་མཁན་གྱི་ས་ཕྱོགས་གང་སར་ཡོད་པའི་མི་མང་པོར་འབྲེལ་བ་ཡོད་པས་དེ་དག་ལ་ལྟོས་ན་བོད་ཡིག་ནང་དུ་ཡོད་པའི་སློབ་སྦྱོང་དེ་ཧ་ཅང་སྤུས་དག་པོ་ཞིག་ཡིན་པ་ཞུ་ཐུབ་ཀྱི་རེད། ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་བྱེད་ཀྱི་ཡོད། ལེགས་སྦྱར་ལ་མཚོན་ན་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱི་སྒོ་ནས་ཉམས་ལེན་བྱེད་པ་ཞིག་གསུངས་ཀྱི་ཡོད་པ་དེ་ང་ཚོའི་བོད་ཀྱི་ཉམས་ལེན་ལ་ཏན་ཏན་ཡོད་པ་རེད། ང་ཚོ་བོད་པས་ཆོས་ཉམས་ལེན་བྱེད་པའི་སྐབས་སུ་བྱམས་སྙིང་རྗེ་ཉམས་ལེན་བྱེད་པ་ཙམ་མ་ཡིན་པར་དེ་ཡང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་ཉམས་ལེན་བྱེད་ཀྱི་ཡོད། དེར་བརྟེན། བོད་ཀྱི་རིག་གཞུང་འདི་འཛམ་གླིང་ཞི་བདེ་ལ་ནུས་པ་ཆེན་པོ་ཡོད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ང་ཚོའི་ཉམས་ལེན་བྱེད་སྟངས་གཙོ་བོ་ནི་ཡིད་ཆེས་དང་ལུང་ལ་བརྟེན་པ་མ་ཡིན་པར་རིགས་པ་ལ་བརྟེན་པ་ཡིན་པས་གཞན་ལའང་རིགས་པ་གཙོ་བོར་བྱེད་ནས་ཞུ་བདེ་བ་ཆགས་ཡོད། འཛམ་གླིང་ཞི་བདེའང་ནང་གི་ཞི་བདེ་ནས་ཡོང་དགོས་པར་འབད་བརྩོན་ཞུ་བཞིན་པ་ཡིན།

ཆོས་ཀྱི་ཡིད་ཆེས་སོ་སོ་བ་དང་དེའི་ནང་དུ་བྱུང་བའི་ལྟ་གྲུབ་ཀྱི་བསླབ་བྱ་ནི་ཐུན་མོང་ཆགས་ཡོད། ཆོས་ལ་སློབ་སྦྱོང་མི་བྱེད་མཁན་ཡིན་ནའང་སེམས་ཀྱི་ཞི་བདེ་འདོད་ཀྱི་ཡོད། གནས་ཚུལ་འདྲ་མི་འདྲ་བ་མང་པོ་ཞིག་ནང་སེམས་འཁྲུགས་པའི་དབང་གིས་བྱུང་བ་རེད། སྤྱིར་བཏང་མིའི་རང་བཞིན་ལྷན་སྐྱེས་ཀྱི་བློ་ནི་བྱམས་བརྩེ་ལྡན་པ་ཞིག་རེད། མ་ལས་སྐྱེས་པའི་སེམས་ཅན་གང་འདྲ་ཞིག་ཡིན་ནའང་མ་ཡི་བརྩེ་བས་མ་བསྐྱངས་པར་སྲོག་འཚོ་ཐབས་མེད་པ་ཞིག་རེད། དེར་བརྟེན། ང་རང་ཚོར་བཙས་མ་ཐག་པ་ནས་བྱམས་བརྩེའི་ས་བོན་ཡོད། དཀའ་ངལ་ནི་ནར་སོན་རིམ་བཞིན་དེང་དུས་སློབ་སྦྱོང་ནང་དུ་ནང་སེམས་ཀྱི་ཞི་བདེའི་སྐོར་ལ་ཕལ་ཆེར་དོ་སྣང་ཡོད་པ་མ་རེད། འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་གྱི་ཆོས་པ་ཞིག་ཡིན་ན་དཀོན་མཆོག་གིས་བཟོས་པ་རེད། དཀོན་མཆོག་མཁྱེན་ཟེར་བ་ཞིག་མ་གཏོགས་ཡོད་པ་མ་རེད། དེར་བརྟེན། དེང་དུས་ཀྱི་སློབ་སྦྱོང་གི་སྡེ་ཚན་ནང་དུ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སྐོར་ལ་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཕྱི་གཟུགས་པོའི་འཕྲོད་བསྟེན་ལ་ཆ་བཞག་ནའང་ནང་སེམས་ཀྱི་ཞི་བདེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཁོང་ཁྲོའི་བསམ་པ་ནར་མར་རང་རྒྱུད་ལ་སྐྱེས་པ་ཡིན་ན་སེམས་འཁྲུགས་པ་ཙམ་མ་ཡིན་པར་ལུས་པོའི་འཕྲོད་བསྟེན་ལའང་ཧ་ཅང་གནོད་ཚབས་ཡོད་པ་རེད། དེར་བརྟེན། ཆོས་ཀྱི་རྒྱུ་མཚན་གཅིག་པུ་མ་ཡིན་པར་ལུས་པོའི་འཕྲོད་བསྟེན་དང་སྤྱི་ཚོགས་སོགས་ཕྱོགས་གང་ལ་ལྟོས་ནའང་ནང་སེམས་ཀྱི་ཞི་བདེ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

ཆོས་ཁས་ལེན་དང་མི་ལེན་ནི་སྒེར་སོ་སོའི་རང་དབང་དང་། སེམས་ཀྱི་ཞི་བདེ་ནི་འགྲོ་བ་མི་སྤྱི་ལ་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། དེའི་ཐོག་ལ་ང་ཚོ་བོད་པའི་ངོས་ནས་ལེགས་སྐྱེས་ཕུལ་རྒྱུ་ཏན་ཏན་ཡོད་པ་རེད། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་ངོས་རང་གིས་དེང་དུས་ཀྱི་ཚན་རིག་པ་མང་པོའི་མཉམ་དུ་གྲོས་མོལ་གྱིས་ནང་སེམས་ཀྱི་ཞི་བདེ་བསྐྲུན་སྟངས་དང་། ཞི་བདེ་དཀྲུག་མཁན་ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་ལ་གཉེན་པོ་བསྟེན་སྟངས་སྐོར་ལ་ཐབས་ཤེས་མང་པོ་བཏང་ཡོད།  ཐབས་ཤེས་དེ་ཡང་ཆོས་ལུགས་ལ་བརྟེན་པ་མ་ཡིན་པར་ཚན་རིག་པ་དང་མཉམ་དུ་གྲོས་བསྡུར་བྱས་ཡོད་པས་ཉམས་མྱོང་གང་འཚམ་ཞིག་ཡོད་པ་རེད། གྲོས་མོལ་ཞུ་སའི་མི་མང་པོ་ཡོད་ཀྱང་དེའི་ནང་ནས་གཙོ་བོ་ཚན་རིག་པ་མང་ཤོས་ཤིག་ཆགས་ཡོད། དེང་གི་ཚན་རིག་པ་མང་པོ་ཞིག་གིས་འཚོ་བ་སྐྱེལ་དུས་ཚན་རིག་པོ་ཡིན་ཀྱང་། ནང་པའི་རིག་གནས་ལྟར་རྟགས་གསལ་གཏོང་བ་དང་རིགས་པས་དཔྱད་པ་བྱེད་པར་ཧ་ཅང་དགའ་མོས་བྱེད་ཀྱི་འདུག ངོས་རང་ནང་པ་ཞིག་ཡིན་པའི་ཆ་ནས་ནང་ཆོས་ཁྱབ་བསྒྲགས་བྱེད་རྒྱུ་གཙོ་བོ་བྱེད་ཀྱི་མེད། ཡིན་ནའང་། ནང་པའི་གཞུང་ནས་བྱུང་བའི་བསླབ་བྱ་དེ་དག་འཛམ་གླིང་ཞི་བདེ་ལ་ཕན་པའི་ཆེད་དུ་སེམས་ཁུར་ལེན་གྱི་ཡོད། འཛམ་གླིང་ཞི་བདེའི་ཆེད་དུ་བོད་ཀྱི་རིག་གཞུང་ལ་ཧ་ཅང་ནུས་པ་ཆེན་པོ་ཡོད་པ་རེད། དེ་ཡང་ནང་པའི་ཆོས་ལ་བརྟེན་མི་དགོས་པར་རིགས་པའི་དཔྱད་སྟངས་ཀྱི་ཐོག་ནས་ནུས་པ་ཏན་ཏན་ཡོད་པ་རེད། ཅེས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ་གྲུབ་མཚམས་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝོལ་གང་གྷི་རབ་ཌར་ (Wolfgang Grader) ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།། 

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།