༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཐའེ་ཝན་དད་ལྡན་མི་མང་ལ་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་གསུང་ཆོས་བཀའ་དྲིན་སྩལ་བ། ༢༠༢༡ ཟླ་བ་ ༥ ཚེས་ ༡

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་གསུང་ཆོས་དང་དྲི་བར་བཀའ་ལན། དེ་བཞིན་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཅས་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་ཆུ་ཚོད་༩ པ་ཙམ་ལ་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་ཆོས་ཞུ་བ་ཡོངས་ནས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། གསུང་ཆོས་གྲ་སྒྲིག་ཚོགས་ཆུང་གི་འཐུས་ཚབ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན།

ད་རེ་ཐེ་ཝན་གྱི་ཆོས་གྲོགས་ཚོར་ཆོས་འབྲེལ་བྱེད་པའི་གོ་སྐབས་བྱུང་བ་རེད། ཁྱོད་ཚོ་དོན་གཉེར་ཆེན་པོ་རེད། ཉན་མཁན་གྱི་གདུལ་བྱ་དོན་གཉེར་ཅན་ཡོང་དུས། ཆོས་བཤད་པ་ནི་ཤཱཀྱའི་དགེ་སློང་ཞིག་ཡིན་པའི་ངོས་ནས་འགན་ཡོད་པ་དང་འོས་བབ་ཆགས་ཡོད། དེར་བརྟེན་དེ་རིང་འདིར་ཤེས་རབ་སྙིང་པོའི་ཆོས་འབྲེལ་བྱེད་པར་ངོས་རང་ཧ་ཅང་དགའ་བོ་བྱུང་། སངས་རྒྱས་པའི་ཆོས་དེ་འཛམ་བུ་གླིང་འདིར་ཆོས་ལུགས་མང་པོ་ཡོད་པའི་ནང་གི་གཅིག་རེད། ཁྱད་པར་དུ་བཅོམ་ལྡན་ཁོང་གིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་དགེ་སློང་དང་མཁས་པ། དེ་བཞིན་ཆོས་ལ་དོ་སྣང་ཡོད་པ་ཚོས་གསེར་ལ་བཅད། གཏུབ། བསྲེག་ཅེས་བསྲེག་བཅད་བརྡར་གསུམ་བྱ་བ་བཞིན་ཆོས་ལ་བརྟག་དཔྱད་བྱེད་དགོས་པ་རེད། བཅོམ་ལྡན་འདས་ཁོང་གི་གསུང་ལའང་བརྟག་དཔྱད་བྱས་ཏེ། རྒྱུ་མཚན་ལྡན་པར་མཐོང་ནས་ཡིད་ཆེས་ཡོང་ན་ངའི་ཆོས་ལ་ཉམས་ལེན་བྱོས་ཞེས་གསུངས་པ་དེ་ཧ་ལས་པ་རེད། འཛམ་གླིང་གི་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་བཞིན་ཡོད། མིའི་རིགས་ལ་ཕན་ཐོགས་ཀྱི་ཡོད། ཧ་ཅང་ཡག་པོ་རེད། ཡིན་ནའང་། སོ་སོའི་ཆོས་ལུགས་ལ་བརྟག་དཔྱད་བྱོས་ཞེས་གསུངས་མཁན་ཕལ་ཆེར་བཅོམ་ལྡན་འདས་ལས་ཡོད་པ་མ་རེད། ཆོས་ལུགས་དེ་དང་དེས་ངས་གསུངས་པ་ལ་ཡིད་ཆེས་བྱོས་ཞེས་གསུངས་པ་མ་གཏོགས། བརྟག་དཔྱད་བྱོས་གསུང་མཁན་ཕལ་ཆེར་ཡོད་པ་མ་རེད། བཅོམ་ལྡན་འདས་ཀྱིས་བརྟག་དཔྱད་ཀྱིས་ངའི་བཀའ་ལ་རྒྱུ་མཚན་ལྡན་པ་དང་རིགས་པས་ཅི་ཙམ་དཔྱད་ནའང་ངེས་པ་ཐོབ་པ་ཞིག་ཡོང་ན་ཉམས་ལེན་བྱོས་གསུངས་པ་རེད།    

བཅོམ་ལྡན་འདས་ཀྱིས་རྒྱ་གར་ལ་ཐོག་མར་བདེན་བཞི་ཆོས་འཁོར་གསུངས་ཏེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ།། ཞེས་སོགས་ཀྱི་བདེན་བཞིའི་ངོ་བོ་ལ་བཟླ་བ་དང་། བྱ་བ་ལ་བཟླ་བ། བདེན་པ་བཞི་དེ་འདྲ་ཡིན་ན་བླང་དོར་ཅི་ཞིག་བྱེད་རྒྱུ་ཡོད་ཅེ་ན། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ་ཞེས་སྡུག་བསྔལ་ཤེས་པར་བྱས་ན། སྡུག་བསྔལ་མི་འདོད་པ་ལ་རྒྱུ་མཚན་དགོས་པ་མ་རེད། འབུ་སྲིན་ཚུན་ཆད་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། སྡུག་བསྔལ་མི་འདོད་ན་སྡུག་བསྔལ་གྱི་རྒྱུ་བཙལ་རྒྱུ་གལ་ཆེན་པོ་རེད། དཔེར་ན། ལུས་པོར་ནད་ན་ཚ་རེ་བྱུང་ནའང་དེའི་རྒྱུ་དང་རྐྱེན་ག་རེ་ཡིན་སྨན་པས་བརྟག་དཔྱད་བྱས་ནས་དེའི་རྒྱུ་སྔོན་འགོག་བྱེད་པ་ལྟར་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་རྒྱུ་དང་རྩ་བ་ཀུན་འབྱུང་དང་། དེ་ལ་ལས་ཉོན་གཉིས་ཡོད་པས་ལས་ཀྱི་བྱ་སྤྱོད་ཀྱི་ཐོག་ནས་ལས་བསོག་པ་དང་། ལས་བསོག་པ་ནི་ཀུན་སློང་ལ་ཐུག་གི་ཡོད། སྐྱོན་ཅན་གྱི་བྱ་བ་དེ་དག་ཆགས་སྡང་གི་བློས་བྱེད་ཀྱིན་ཡོད་པས་ཀུན་འབྱུང་གསུངས་པ་རེད། དེར་བརྟེན། སྡུག་བསྔལ་ཤེས་པར་བྱ། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤངས་དགོས་པ་རེད་ཅེས་གསུངས་པ་རེད།

བདེན་བཞི་ངོ་བོ་ལ་བཟླ་བ། བྱ་བ་ལ་བཟླ་བ། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླ་བ་ཞེས་པས་ནང་བའི་ལྟ་གྲུབ་ཐུན་མོང་མ་ཡིན་པ་སླེབས་ཀྱི་ཡོད། སྡུག་བསྔལ་ཤེས་པར་བྱ། ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ། སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ། མངོན་དུ་བྱར་མེད། ལམ་སྒོམ་པར་བྱ། སྒོམ་པར་བྱར་མེད། ཅེས་པས་སྡུག་བསྔལ་ཤེས་དགོས་ནའང་བརྟག་དཔྱད་བྱས་ནས་སོང་ན་ཡུལ་དུས་ནས་གྲུབ་པ་ཞིག་མེད་པར་གསུངས་པ་རེད། བཅོམ་ལྡན་འདས་ཀྱིས། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ།། མི་ཤེས་པས་ན་འགྲོ་བ་འཁྱམ་འགྱུར་བ།། དེ་དག་ཐུགས་རྗེ་མངའ་བའི་ཐབས་ཚུལ་དང་།། རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད།། ཅེས་གསུངས་ནས། སྡུག་བསྔལ་གྱི་རྩ་བ་ཉོན་མོངས་པའི་ཀུན་འབྱུང་། ཉོན་མོངས་པའི་ཀུན་འབྱུང་གི་རྩ་བ་ཆགས་སྡང་གི་བློ་ལས་ཡོང་གི་ཡོད་པས་སྟོང་ཉིད་ཀྱི་སྐོར་གསུངས་ཀྱི་ཡོད། འགྲེལ་བཤད་གསལ་བོ་དང་ཞིབ་ཚགས་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་དང་སྟོན་པའི་བཅོམ་ལྡན་འདས་ཀྱི་རྗེས་འབྲངས། རིགས་པའི་དབང་ཕྱུག་བསམ་གྱིས་མི་ཁྱབ་པ་རེད། ཁོང་གི་སློབ་མ་མང་པོ་ཡོད་ནའང་དཔལ་ལྡན་ཟླ་བ་གྲགས་པ་ནི། རིགས་པ་བརྒྱ་དག་གིས་འཛུད་པར་མཛད་ཅེས་པ་ལྟར་ཀླུ་སྒྲུབ་ཀྱི་དགོངས་པ་རིགས་ལམ་ཕྲ་མོའི་སྟེང་ནས་གཏན་ལ་ཕབ་མཁན་གཙོ་བོ་རེད། རྗེ་རིན་པོ་ཆེས། རྟེན་འབྲེལ་བསྟོད་པ་ལས། ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ།། དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས།། གསུང་རབ་མཁའ་ལ་ཐོགས་མེད་རྒྱུ།། མཐར་འཛིན་སྙིང་གི་མུན་པ་སེལ།། ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ།། དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི།། འོད་དཀར་འཕྲེང་བས་གསལ་བྱས་པ།། བླ་མའི་དྲིན་གྱིས་མཐོང་བའི་ཚེ།། བདག་གི་ཡིད་ཀྱིས་ངལ་གསོ་ཐོབ།། ཅེས་གསུངས་པ་ལྟར། རྩ་བ་ཤེས་རབ་ཀྱི་འགྲེལ་བ་མང་པོ་ཡོད་ནའང་། ཚིག་འགྲེལ་ཚིག་གསལ། དོན་འགྲེལ་དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ་ཧ་ཅང་རྩ་ཆེན་པོ་རེད།

ངོས་རང་ལ་མཚོན་ནའང་དབུ་མ་འཇུག་པ་དང་མངོན་རྟོགས་རྒྱན་ཆུང་དུས་ནས་བློར་བཟུང་བ་རེད། བྱམས་ཆོས་སྡེ་ལྔ་ལས་མངོན་རྟོགས་རྒྱན་གྱིས་ཡུམ་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ། ས་ལམ་བགྲོད་པའི་རིམ་པ་གཙོ་བོ་གསུངས་བཞིན་ཡོད། ཤེར་ཕྱིན་གྱི་གཞུང་ལས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་བཀྲལ་བ་ལ་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་དྲུག དེ་ལས་ཀྱང་རྩ་བ་ཤེས་རབ་ཧ་ལས་པ་ཞིག་རེད། རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། དེ་ནི་སྟོང་བ་ཉིད་དུ་བཤད།། དེ་ནི་བརྟེན་ནས་བཏགས་པ་སྟེ།། དེ་ཉིད་དབུ་མའི་ལམ་ཡིན་ནོ།། ཞེས་པའི་ཚིག་དེ་ཧ་ཅང་ནུས་པ་ཆེན་པོ་དང་གསལ་བོ་རེད། དེའི་དགོངས་པ་ཨརྱ་དེ་བས་དབུ་མ་བཞི་བརྒྱ་བ་ལས་བཀྲལ་དུས། ལུས་ལ་ལས་དབང་ཇི་བཞིན་དུ།། གཏི་མུག་ཀུན་ལ་གནས་གྱུར་ཏེ།། དེ་བཞིན་ཉོན་མོངས་ཐམས་ཅས་ཀྱང་།། གཏི་མུག་བཅོམ་པས་བཅོམ་པར་འགྱུར།། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། མཐོང་ན་གཏི་མུག་མཐོང་མི་འགྱུར།། དེའི་ཕྱིར་འབད་པ་ཀུན་གྱིས་འདིར།། གཏམ་དེ་ཐོག་མར་བསྙད་པར་བྱ།། ཞེས་གསུངས་པ་དེ་ཧ་ཅང་འདུས་ཆེན་པོ་རེད། སྟོད་ཉིད་གལ་ཆེ་བ་ནི་ཉོན་མོངས་ཀྱི་རྩ་བ་ཆགས་སྡང་། ཆགས་སྡང་གི་རྩ་བ་ཨ་འཐས་ཀྱིས་འཛིན་པ་བདེན་འཛིན་ལ་ཐུག་པ་རེད། རྟེན་འབྱུང་གིས་སྟོང་བའི་གོ་བ་ཡག་པོ་ཆགས་ན། སྟོང་བ་ཉིད་ཀྱི་དོན་མཐའ་གཉིས་སེལ་བ་སྟོང་བ་ཉིད་ཀྱི་དོན་ཤེས་ཐུབ་ཀྱི་རེད། མདོར་ན། ཉོན་མོངས་བཅོམ་པ་ལ་སྟོང་ཉིད་ཀྱི་ལྟ་བར་སློབ་གཉེར་བྱས་ཏེ། ཡང་ཡང་བསམ། བསམ་པའི་ཐོག་ནས་ངེས་པ་ཐོབ་པ་ཞིག་བྱེད་པ་དང་། ངེས་པ་ཐོབ་པའི་དོན་དེ་རྩེ་གཅིག་ཏུ་ཡང་ཡང་བསྒོམས་ནས་སྒོམ་བྱུང་གི་ཉམས་མྱོང་སྐྱེ་བ་གསུངས་བཞིན་ཡོད། ཐོས་བསམ་སྒོམ་གསུམ་ཞེས་ཆོས་ཞེས་པ་དེ་སེམས་ལ་འགྱུར་བ་གཏོང་བ་ཡིན་དུས། དད་པ་གཅིག་བུས་འགྱུར་བ་ཐེབས་ཐུབ་ཀྱི་མི་འདུག ཚེ་རབས་མང་པོར་ཉོན་མོངས་ལ་གོམས་ཡོད་པས་ལས་སླ་བོས་ཉོན་མོངས་སྐྱོན་ཡིན་པ་དང་། བདེན་འཛིན་གྱི་སྐྱོན་རེད་ཅེས་ཚིག་ཙམ་གྱིས་སེམས་ལ་ངེས་པ་ཐོབ་རྒྱུ་ཁག་པོ་རེད། ཡང་ཡང་བསམ་བློ་བཏང་ནས་འགྲོ་དགོས་པ་ཞིག་རེད།

མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བློར་བཟུང་ནས་ཆུང་དུས་སུ་ཉིན་ལྟར་སྐྱོར་གྱིན་ཡོད་ནའང་སེམས་ལ་ཚོར་བ་ཡོང་མི་ཐུབ་མོད། རིམ་གྱིས་སྟོང་བ་ཉིད་ཀྱི་གོ་བ་ལ་བསམ་བློ་བཏང་། ཕར་ཕྱིན་གྱི་བསླབ་བྱ་གཙོ་བོ་དེ་བྱང་ཆུབ་ཀྱི་སེམས་རེད། བྱང་ཆུབ་ཀྱི་སེམས་ལ་ཡུན་རིང་པོ་དང་། ལོ་མང་པོར་བསམ་བློ་བཏང་ན་སེམས་ལ་བཟོ་ལྟ་ཞིག་སླེབས་ཡོང་གི་འདུག མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་་པའི་བྱང་ཆུབ་འདོད།། ཅེས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ན་སེམས་ལ་དགའ་སྣང་དང་སྐྱོ་སྣང་ཚང་མ་ཡོང་བ་ཞིག་རེད། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། ཅེས་དང་། དེ་བས་སྐྱོ་ངལ་ཀུན་སེལ་བའི།། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས།། བདེ་ནས་བདེ་བར་འགྲོ་བ་ལ།། སེམས་ཤེས་སུ་ཞིག་སྒྱིད་ལུགས་འགྱུར།། ཞེས་རིགས་པ་བརྒྱ་ཕྲག་གི་སྒོ་ནས་གཏན་ལ་ཕབ་ཏེ་གསུངས་པ་དེས་སེམས་ལ་སྒུལ་སྐྱོམ་ཐེབས་ཀྱི་འདུག རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་པའི་ཚིག་འདོན་དུས་སེམས་ལ་དགའ་སྐྱོ་ཟུང་འབྲེལ་དང་། བཀའ་གདམས་བླ་མ་གོང་མ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ལ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ནས། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེས། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་བྱས་ན། ཚོགས་ཀྱང་ཁོ་རང་གིས་བསོག སྡིག་སྒྲིབ་ཀྱང་ཁོ་རང་གིས་སྦྱོང་ཞེས་གསུངས་པ་ལྟར་ཧ་ཅང་རྩ་ཆེན་པོ་རེད། གང་ལྟར་བྱང་ཆུབ་ཀྱི་སེམས་ནི་ཧ་ཅང་གལ་ཆེན་པོ་རེད།  

ངོས་ཀྱིས་དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་ཉིན་ལྟར་ཀློག་གི་ཡོད། དབུ་མ་འཇུག་པ་ལས། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས།། ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར།། ཞེས་དང་། དབུ་མ་འཇུག་པའི་རང་འགྲེལ་ལས། སློབ་དཔོན་དབྱིག་གཉེན་དང་ཕྱོགས་གླང་སོགས་ཀྱིས་དེ་ཁོ་ན་ཉིད་ཀྱི་གནད་དོན་ཟབ་ཅིང་ཕྲ་བ་སྤངས་སོང་ཟེར་ན། དེ་སྐད་དུ་སྨྲའོ་ཞེས་གསུངས་པ་ལྟར་རེད། དཔལ་ལྡན་ཟླ་བ་གྲགས་པ་ཧ་ཅང་ཞལ་གསལ་བོ་རེད། སྐྱོན་བརྗོད་ཧ་ཅང་གསལ་བོ་གནང་འདུག ཟབ་མོ་སྟོང་བ་ཉིད་ཅེས་པར་རིགས་པས་དཔྱད་ན་བློ་ལ་སྣང་བ་ལྟར་དོན་གྱི་ངོས་ནས་གྲུབ་ན། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བ། ཆོས་རྣམས་རང་སྟོང་དུ་གསུངས་པ་མི་འཐད་པར་ཐལ་བ། ཞེས་གསུངས་པའི་ཐལ་བ་བཞི་དེ་ཧ་ཅང་ཡག་པོ་འདུག ངོས་ཀྱིས་ཉིན་ལྟར་ཞོགས་པར་སྟོང་ཉིད་ལ་བསམ་བློ་གཏོང་དུས་ཚིག་དེ་དག་འཆར་ཅན་སྐྱོར་བཞིན་ཡོད། སྣང་བ་བཞིན་དོན་སྟེང་ནས་ཡོད་ན་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་རེད། འཕགས་པའི་མཉམ་བཞག་གིས་ཇི་ལྟར་སྣང་བ་བཞིན་གཏན་ནས་མེད་པ་ཞིག་གཟིགས་ནས། སྤྲོས་པ་མཐའ་དག་དང་བྲལ་བའི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་དུས། དངོས་པོ་རང་མཚན་ཞིག་ཡོད་ན་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་རེད།

ཐ་སྙད་པའི་ཆོས་དེ་མིང་བརྡས་བཞག་ཙམ་ཞིག་ལས་དོན་གྱི་ངོས་ནས་ཡོད་ན། ཐ་སྙད་བདེན་པ་རིགས་པའི་དཔྱད་བཟོད་དུ་ཐལ་བ་རེད། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བ། བཅོམ་ལྡན་འདས་ཀྱི་མདོ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་སྟོང་བའོ།། གཟུགས་སྟོང་བ་ཉིད་ཀྱིས་སྟོང་བར་མི་བྱེད་དེ། གཟུགས་ཉིད་སྟོང་བ་ཉིད་དང་། ཞེས་པས། གཟུགས་ཞེས་སྟོང་གཞི་ཆོས་ཅན་དང་། དེ་སྣང་བ་བཞིན་ཡོད་པ། དཔེར་ན། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པའི་སྟོང་བ་ཞེས་པས། སྟོང་ཉིད་ཀྱི་ལྟ་བ་ཚད་ལོངས་པ་ཞིག་ཡོང་གི་ཡོད་པ་མ་རེད། དེ་ལྟར་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བ་སོགས་ལ་བསམ་བློ་བཏང་ན། སེམས་ལ་ཏན་ཏན་སྒུལ་སྐྱོམ་ཐོབ་ཀྱི་འདུག ངོས་ཀྱིས་འདི་ལ་ལོ་མང་པོ་དང་ཉིན་རེ་བཞིན་བསམ་བློ་གཏོང་གི་ཡོད་པས་སེམས་ལ་སྒུལ་སྐྱོམ་ཐབས་ཀྱི་འདུག དབུ་མ་འཇུག་པ་ལས། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི།། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ།། སྲིད་གསུམ་འདི་དག་མ་ལུས་གདོན་ནས་སྐྱེ་མེད་པར།། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།། ཞེས་འགོག་བདེན་ཐོབ་རྒྱུ་གསུངས་བཞིན་འདུག ངོས་ནས་ཀྱང་དེར་རེ་བ་རྒྱག་གི་ཡོད། འགོག་བདེན་ཞི་ལྷག་ཟུང་འབྲེལ་གྱི་ཐོག་ནས་འགྲོ་དགོས་པ་རེད། ཕལ་ཆེར་འགོག་བདེན་རྗེས་མཐུན་པ་ཞིག་སླེབས་ཀྱི་ཡོད་པ་འདྲ། དཔེ་ཆའི་ནང་དུ་བཤད་པ་ཙམ་མིན་པར་བསམ་བློ་བཏང་ན་རྡོག་ལ་སྒྲིལ་བ་ཞིག་འདུག དེར་བརྟེན། དབུ་མ་འཇུག་པ་ཧ་ཅང་གལ་ཆེན་པོ་རེད། དོན་དག་དེ་དག་ལ་ཉིན་ལྟར་བསམ་བློ་བཏང་ནས་སེམས་ལ་བཟོ་ལྟ་དོད་ཡོང་དུས་ཤེས་རབ་སྙིང་བོ་དེ་ལྗིད་ཁོག་ཡོད་པ་ཞིག་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་ཤེས་རབ་སྙིང་པོའི་ཆོས་འབྲེལ་དབུ་འཛུགས་ཀྱིས་མཇུག་གྲུབ་མཚམས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་བཅུ་གཅིག་གི་དྲི་བར་བཀའ་ལན་སྩལ་བ་དང་། མཐར་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་བཅས།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།