༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཨི་ཊ་ལིའི་དད་ལྡན་ཆོས་ཞུ་བར་དྲ་ལམ་བརྒྱུད་བདེན་བཞི་དང་བདེན་གཉིས་ཀྱི་གསུང་ཆོས་སྩལ་བ། ༢༠༢༡ ཟླ་བ་ ༤ ཚེས་ ༧

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་ནང་པའི་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་བདེན་པ་བཞི་དང་བདེན་པ་གཉིས་ཀྱི་གསུང་ཆོས་དང་དྲི་བར་བཀའ་ལན་སྩལ་ཡོད་པ་རེད།

དེ་ཡང་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཨི་ཊ་ལིའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་ནས་གསུང་ཆོས་གོ་སྒྲིག་མི་སྣས་༸གོང་ས་མཆོག་ལ་ཨི་ཊ་ལིའི་ནང་པའི་ཆོས་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་འཚམ་འདྲིའི་གུས་ཕྱག་སྔོན་བཏང་གིས་བཀའ་ཆོས་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། གསུང་ཆོས་ཞུ་མཁན་ཚང་མར་འཚམ་འདྲི་ཞུས་རྗེས་བདེན་བཞི་དང་བདེན་གཉིས་ཀྱི་སངས་རྒྱས་གསུང་གི་སྙིང་པོ་ཡིན་པ་དང་། ཕྱི་ལོ་ ༡༩༨༥ ལོར་ཨི་ཊ་ལིའི་ནང་པའི་ཚོགས་པ་མགོ་བཙུགས་པ་ནས་ཕྱི་ལོ་ ༢༠༡༢ ཁྲིམས་མཐུན་དེབ་སྐྱེལ་བྱས་པ་དང་། དེའི་ནང་དུ་ནཱ་ལེནྡྲའི་ཆོས་བརྒྱུད་དང་པ་ལིའི་ཆོས་བརྒྱུད་གཉིས་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཆོས་ཚོགས་མི་འདྲ་བ་དྲུག་ཅུ་ཙམ་ཡོད། དེ་ཡང་སྤུས་ཚད་གཙོ་བོར་བཟུང་ཡོད་པ་ཞིག་ཡིན། ང་ཚོའི་དམིགས་ཡུལ་ནི་མི་མང་ལ་རོགས་རམ་བྱེད་པ་དང་། ཆོས་ལུགས་རིས་སུ་མ་ཆད་པ་ཉམས་བཞེས་བྱེད་པ་གཙོ་བོ་ཡིན། དེ་བཞིན་ནང་ཆོས་དང་འབྲེལ་བའི་སློབ་སྦྱོང་དང་ཁོར་ཡུག་སྲུང་སྐྱོབ། དབུལ་ཕྱུག་གི་ཁྱད་པར་ཆུང་དུ་གཏོང་རྒྱུ་དང་། ལྷག་པར་དུ་དུས་ཚོད་གཉེན་འཕྲེང་ཅན་གྱི་སྐབས་སུ་མི་མང་ལ་རོགས་རམ་བྱེད་རྒྱུ་ང་ཚོའི་དམ་བཅའ་ཆགས་ཡོད། རྒྱ་གར་དང་བོད་ནང་དུ་ནང་ཆོས་བསྐྱར་གསོ་བྱེད་པ་ལ་ང་ཚོའི་ངོས་ནས་གང་ཐུབ་ཀྱིས་རྒྱབ་སྐྱོར་ཞུ་བཞིན་པ་ཡིན། ཨི་ཊ་ལིའི་ནང་དུ་ནང་ཆོས་ཀྱི་རྨང་གཞི་བརྟན་པོ་ཡོང་བ་དང་རྒྱ་བསྐྱེད་ཆེད་ང་ཚོས་མུ་མཐུད་ནས་ལས་ཀ་བྱེད་བཞིན་ཡོད། ང་ཚོས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་འགྲོ་བ་མི་སྤྱིའི་བཟང་སྤྱོད་གོང་དུ་སྤེལ་བ་དང་། ཆོས་ལུགས་མཐུན་འབྲེལ་གོང་སྤེལ་གཏོང་རྒྱུ་ཡང་ང་ཚོའི་དམ་བཅའ་ཡིན། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོར་གསུང་ཆོས་བཀའ་དྲིན་སྩལ་བ་ནི་ཧ་ཅང་སྐལ་བ་བཟང་པོ་དང་། ༸མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལ་ང་ཚོས་ཕྱུར་གྲུ་མཉམ་འདེགས་ཞུ་རྒྱུ་དང་། མུ་མཐུད་ནས་སངས་རྒྱས་བསྟན་པའི་དོན་དུ་སྐུ་ཚེ་༸ཞབས་པད་བརྟན་པ་དང་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་གསོལ་འདེབས་ཞུ་རྒྱུ་ཡིན་ཞེས་གསུངས་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

ལེགས་སྦྱར་གྱི་གཞུང་དུ། ཆོས་འཁོར་དང་པོ། ཆོས་འཁོར་གཉིས་པ། ཆོས་འཁོར་གསུམ་པ་ཞེས་གསུངས་བརྗོད་བཞིན་ཡོད། ཆོས་འཁོར་དང་པོ་དེ་བདེན་བཞིའི་ཆོས་འཁོར་རེད། བདེན་བཞིའི་ཆོས་འཁོར་གསུངས་དུས། བདེན་བཞིའི་ངོ་བ་བཟླས་པ། བྱ་བ་ལ་བཟླས་པ། བྱ་བ་འབྲས་བུ་དང་བཅས་པ་བཟླས་པ་ཞེས་བཟླས་པ་གསུམ་གྱི་སྒོ་ནས་གསུངས་བཞིན་ཡོད། དེ་གནད་འགག་ཆེན་པོ་རེད། བདེན་བཞིའི་ངོ་བོ་ལ་བཟླས་པ་ཞེས་པ་ནི།  འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ།། འདི་ནི་འགོག་པ་འཕགས་པའི་བདེན་པའོ།། འདི་ནི་ལམ་འཕགས་པའི་བདེན་པའོ།། ཞེས་གསུངས། བདེན་པ་བཞི་ལ་སྤངས་བླངས་འཇུག་ལྡོག་ཅི་ལྟར་བྱ་བ་ལ། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤངས་པར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱ་ཞེས་གསུངས་པ་རེད། སྡུག་བསྔལ་ཕྲ་རགས་གང་འདྲ་ཡིན་པ་ཤེས་དགོས་པ་རེད། འབུ་སྲིན་ཚུན་ཆད་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པས། སྡུག་བསྔལ་དེ་རྒྱུ་དང་རྐྱེན་གང་ལ་བརྟེན་ནས་ཡོང་བ་རྩད་གཅོད་དགོས་པ་ཀུན་འབྱུང་བདེན་པ་བཤད་ཀྱིན་ཡོད། ཀུན་འབྱུང་སྤངས་བར་བྱ་ཞེས། ཀུན་འབྱུང་སྤངས་ཐུབ་བམ་མི་ཐུབ་ཅེས་པ་ནི། ཀུན་འབྱུང་གི་རྩ་བ་ལས་དང་ཉོན་མོངས་དང་། ཉོན་མོངས་མང་པོ་ཡོད་པ་ལས་ཉོན་མོངས་ཀྱི་རྩ་བ་ཉོན་མོངས་དུག་གསུམ་རེད། པཱ་ལིའི་གཞུང་ནང་དུ་གསུངས་ཡོད་པ་རེད་དེ་ཞིབ་ཚགས་པོ་ཆོས་འཁོར་གཉིས་པ་དང་གསུམ་པའི་ནང་དུ། ཟབ་བཤད་གནང་གི་ཡོད་རེད། ཉོན་མོངས་ཀྱི་རྣམ་གཞག་དག་ཟབ་པོ་དང་དེའི་ལྡོག་ཟླ་གཉེན་པོ་བདག་མེད་པའི་ལྟ་བ་སོགས་གསུངས་བཞིན་ཡོད། འཁོར་ལོ་དང་པོའི་སྐབས་སུའང་བདག་མེད་པའི་ལྟ་བ་སྒྲིལ་ནས་ཡོང་གི་ཡོད་རེད། སྡུག་བསྔལ་ཤེས་པར་བྱ་སྟེ། ཤེས་པར་བྱར་མེད་ཅེས་སྡུག་བསྔལ་ཤེས་དགོས་པ་རེད། ཡིན་ནའང་། གཏིང་རིང་པོའི་སྒོ་ནས་བསམས་ན། སྡུག་བསྔལ་ཤེས་པར་བྱར་ཡོད་པ་མ་རེད། ཀུན་འབྱུང་སྤངས་པར་བྱ། སྤངས་པར་བྱར་མེད། འགོག་པ་མངོན་དུ་བྱ། མངོན་དུ་བྱར་མེད། ལམ་སྒོམ་པར་བྱ། སྒོམ་པར་བྱར་མེེད་ཅེས་བདག་མེད་པའི་ལྟ་བ་ལ་སྒྲིལ་ནས་ཡོང་གི་ཡོད་པ་རེད། བཅོམ་ལྡན་ཀྱི་གསུང་སྟངས་དེ་ཧ་ཅང་མཁས་པ་རེད།

བཅོམ་ལྡན་མངོན་པར་རྫོགས་པའི་སངས་རྒྱས་མ་ཐག་ཏུ་གསུངས་པའི། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། ཞེས་སོགས་ལ། ངོས་ཀྱིས་ནམ་རྒྱུན་གོ་བ་འདི་འདྲ་ཞིག་ལེན་གྱིན་ཡོད། ཟབ་ཞི་ཞེས་པས་ཡུལ་ཝ་ར་ནཱ་སིར་གསུངས་པའི་བདེན་བཞི་ཆོས་འཁོར་དང་། སྤྲོས་བྲལ་ཞེས་པས། འཁོར་ལོ་དང་པོར། སྡུག་བསྔལ་ཤེས་པར་བྱ། ཤེས་པར་བྱར་མེད། ཀུན་འབྱུང་སྤངས་པར་བྱ། སྤངས་པར་བྱར་མེད། འགོག་པ་མངོན་དུ་བྱ། མངོན་དུ་བྱར་མེད། ལམ་སྒོམ་པར་བྱ། སྒོམ་པར་བྱར་མེེད་ཅེས་པས་སྟོང་ཉིད་ཀྱི་ལྟ་བ་ལ་སྒྲིལ་ཡོང་གི་འདུག དེ་མདོ་སྡེ་དགོངས་འགྲེལ་གྱི་ཐ་སྙད་སྦྱར་ན། བར་བ་མཚན་ཉིད་མེད་པའི་ཆོས་འཁོར་རེད། བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་བོ་རིར་གསུངས་པའི་ཤེར་ཕྱིན་གྱི་ཆོས་འཁོར་དེ་དག་གསུངས་བཞིན་ཡོད། འགོག་པའི་བདེན་པ་ཞེས་པ་ཞིབ་ཚགས་པོས་བསམས་ན། ཉོན་མོངས་སྤངས་ཐུབ་བམ་མི་ཐུབ། ཉོན་མོངས་སྤངས་པའི་བྲལ་བ་གང་འདྲ་ཞིག་ཡོད་མེད་ཤེར་ཕྱིན་གྱི་གཞུང་ལ་བརྟེན་ནས་ཡོང་དགོས་པས། སྤྲོས་བྲལ་ཞེས་པས་ཤེར་ཕྱིན་གྱི་གཞུང་ལས་རྟེན་འབྱུང་མཐའ་བརྒྱད་དང་བྲལ་བར་གསུངས་པ་དེ་རེེད།

འོད་གསལ་འདས་མ་བྱས་པ་ནི་ཕལ་ཆེར་འཁོར་ལོ་ཐ་མ་མདོ་སྡེ་དགོངས་འགྲེལ་རེད་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཞེས་པའི་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་དེ་རེད། རྒྱུད་བླ་མ། ཁམས་བདེར་གཤེགས་སྙིང་བོ་དཔེ་དགུ་དོན་དགུ་སྒོ་ནས་གསུངས་པ་དེའི་རྩ་བ་ཁུངས་གཏུགས་ས་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་རེད། དེ་འཁོར་ལོ་ཐ་མའི་གྲས་རེད། འོད་གསལ་འདུས་མ་བྱས་ཞེས་པས་སེམས་རང་བཞིན་གྱིས་འོད་གསལ་བ་དང་། དྲི་མ་གློ་བུར་བ། དྲི་མ་ཕྱོགས་གཅིག་ནས་སེམས་ཀྱི་རང་བཞིན་ལ་ཡོད་པ་མིན་པ། ཉོན་མོངས་དུག་གསུམ་གྱི་རྩ་བ་ནི། དབུ་མ་བའི་ལུགས་སུ་གཏི་མུག་བདེན་འཛིན་དང་། དེ་ཕྱིན་ཅི་ལོག་པའི་བློ་ཆགས་ཡོད། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སོགས་ཉོན་མོངས་མང་པོ་ཞིག་ཡོད་པ་ཚང་མ། དུག་གསུམ་གྱི་རྩ་བ་དང་དེའི་རྩ་བ་གཏི་མུག་རེད། གཏི་མུག་ངོས་འཛིན་སྟངས་མི་འདྲ་བ་ཡོད་ནའང་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཞེས་སྟངས་ལྟར་ན། གཏི་མུག་བདེན་འཛིན་ཞེས་པ་དེ་རེད། དབུ་མ་བཞི་བརྒྱ་བར། ལུས་ལ་ལུས་དབང་ཇི་བཞིན་དུ།། གཏི་མུག་ཀུན་ལ་གནས་གྱུར་ཏེ།། དེ་བཞིན་ཉོན་མོངས་ཐམས་ཅད་ཀྱང་།། གཏི་མུག་བཙོམ་པས་བཅོམ་པར་འགྱུར།། ཞེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། མཐོང་ན་གཏི་མུག་འབྱུང་མི་འགྱུར།། དེའི་ཕྱིར་འབད་པ་ཀུན་གྱིས་འདིར།། གཏམ་དེ་ཐོག་མར་བསྙད་པར་བྱ།། ཞེས་གསུངས་པའི་ཚིག་དེ་ཧ་ཅང་གསལ་བོ་རེད། རྩ་བ་དེ་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་བཅོམ་ཐུབ་ན། སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པས་བཅོམ་ཐུབ་པ་རེད། མེད་པར་བཟོ་ཐུབ་པ་ཞིག་རེད། སེམས་ཀྱི་རང་བཞིན་འོད་གསལ་བའི་འགྲེལ་བཤད་ཞིབ་ཕྲ་ནི་ཕལ་ཆེར་སྔགས་ཀྱི་གཞུང་ནས་གསུངས་པ་དེ་རེད། འཁོར་ལོ་བར་བའི་སྐབས་སུ་ཡུལ་གྱི་འོད་གསལ་གསུངས། འཁོར་ལོ་ཐ་མའི་སྐབས་སུ་ཡུལ་ཅན་གྱི་འོད་གསལ་གསུངས་པའི་ཟོལ་ལྟ་བུ་ཞིག་འདུག

དེ་ལྟར་འཁོར་ལོ་དང་པོའི་བདེན་བཞི་ཆོས་འཁོར་སྐབས་སུ། བདེན་པ་བཞིའི་ངོ་བ་བཟླ་བ། བྱ་བ་ལ་བཟླ་བ། བྱ་བ་འབྲས་བུ་དང་བཅས་པ་བཟླ་བ་ཞེས་པ་དེ་ལྟར་གསུངས་པ་རེད། དེ་ལྟར་འཁོར་ལོ་རིམ་པ་གསུམ་གུང་བསྒྲིགས་ནས་བསམ་བློ་བཏང་ན་ཧ་ཅང་ཟབ་པོ་རེད། མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལས་ཚད་མ་རིག་པའི་སྟེང་ནས་དཔྱད་པ་བྱེད་པ་ལ་འདི་ལྟར་འགྲོ་བ་ཡོང་དུས། དེང་འཛམ་གླིང་འདིར་ཚན་རིག་པའི་རིག་གནས་དག་ཡར་རྒྱས་ལ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་། ཕྱི་དངོས་པོ་རྐྱང་པ་ལས་སེམས་ཁམས་རིག་པའི་སྐོར་ནུབ་ཕྱོགས་ནས་དར་བའི་ཚན་རིག་ནང་ལ་དེ་ཚོའི་སྐོར་མི་འདུག གཞི་ནས་ཚན་རིག་པ་ཚོས། སེམས་ཀྱི་བདེ་སྐྱིད་ཅེས་པ་དེར་གཙོ་བོ་སེམས་ཀྱི་ཞི་བདེ་དགོས་པ། སེམས་ཞི་བདེ་ཡོང་བ་ལ་ཞི་བདེ་ལ་དཀྲུག་མཁན་དེ་ཉོན་མོངས་དང་ཆགས་སྡང་གིས་དཀྲུགས་ཀྱིན་ཡོད་པ་དང་། དེ་ལ་གཉེན་པོ་བསྟེན་དཧོས་པའི་དོ་སྣང་གསར་བ་ཞིག་ཡོང་བཞིན་འདུག ཆགས་སྡང་ལ་གཉེན་པོ་བསྟེན་སྟངས་སྤྱིར་ཆོས་ལུགས་ཚང་མའི་ནང་དུ་ཡོང་གི་ཡོད་ནའང་སངས་རྒྱས་པའི་གཞུང་གིས་ཆགས་སྡང་ལ་གཉེན་པོ་བསྟེན་སྟངའ་ཧ་ཅང་གསལ་བོ་ཡིན་པ། འཁོར་ལོ་བར་བའི་སྐབས་སུ་གསུངས་པའི་ཡུལ་གྱི་འོད་གསལ་དང་། འཁོར་ལོ་ཐ་མའི་སྐབས་སུ་གསུངས་པའི་ཡུལ་ཅན་འོད་གསལ་གཉིས་སྦྲེལ་ནས་ཡོང་དུས་སྤངས་པ་མཐར་ཐུག་དང་རྟོགས་པ་མཐར་ཐུག་ཅེས་པ་ཡོང་ཐུབ་པ་ཞིག་རེད། སངས་རྒྱས་ཀྱི་སའི་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཐུག་ཅིག་ཡོང་བ་ནི་གཞུང་དེ་དང་སྦྲེལ་ནས་བསམ་བློ་བཏང་ན་བསམ་བློ་གཏོང་རྒྱུ་ཡོད་པ་རེད།

གཙོ་བོ་ཀླུ་སྒྲུབ་ཡབ་སྲས་ཧ་ལས་པ་རེད། ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལ་ཚིག་འགྲེལ་ཚིག་གསལ་ཡོད་པ་རེད། དོན་འགྲེལ་དབུ་མ་འཇུག་པའང་ཡོད་པ་རེད། དབུ་མ་འཇུག་པ་ནི་ཧ་ཅང་ཟབ་པོ་རེད། དབུ་མ་འཇུག་པའི་དབུར། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི།། ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ།། ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ།། དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི།། ཞེས་སྙིང་རྗེ་ལ་བསྟོད་ཕྱག་མཛད་དེ། དེ་ཁོ་ན་ཉིད་ཀྱི་སྐོར་གསུངས་པ་ལ་ངས་ཉིན་ལྟར་བསམ་བློ་གཏོང་བཞིན་ཡོད། དབུ་མ་འཇུག་པ་ལས། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན།། དེ་ལ་སྐུར་བས་དངོས་པོ་འཇིག་པོ་འཇིག་པའི་ཕྱིར།། སྟོང་ཉིད་དངོས་པོ་འཇིག་པའི་རྒྱུ་འགྱུར་ན།། དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན།། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན།། དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ།། གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི།། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ།། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས།། བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ།། རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས།། ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར།། ཞེས་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པས་མེད་དམ་ཞེ་ན། མ་ཡིན་ཏེ། དབུ་མ་འཇུག་པ་ལས། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ།། ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན།། ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས།། ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར།། དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང༌།། སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར།། ཞེས་གསུངས་པའི་ཚིག་དེ་དག་ཧ་ཅང་ཟབ་པོ་རེད། ངས་ཉིན་ལྟར་སྐྱོར་ནས་བསམ་བློ་གཏོང་བཞིན་ཡོད། ཟླ་བ་གྲགས་པ་ཧ་ཅང་ཞལ་ཚ་བོའང་རེད། དབུ་མ་འཇུག་པ་ལས། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས།། ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར།། ཞེས་པའི་སྐབས་ཀྱི་དབུ་མ་འཇུག་པའི་རང་འགྲེལ་ལས། སློབ་དཔོན་དབྱིག་གཉེན་དང་ཕྱོགས་གླང་སོགས་ཀྱིས་དེ་ཁོ་ན་ཉིད་ཀྱི་གནད་དོན་ཟབ་ཅིང་ཕྲ་བ་སྤངས་སོང་ཟེར་ན། དེ་སྐད་དུ་སྨྲའོ་ཞེས་གསུངས་པ་ལྟར་རེད། དེར་བརྟེན། དབུ་ཚད་ཀྱི་གཞུང་ནི་ཧ་ཅང་གལ་ཆེན་པོ་རེད།

སེམས་ཁམས་རིག་པའི་སྐོར་མངོན་པ་མཛོད་ལས་གསུངས་བཞིན་ཡོད། སྒྲོམ་གཞི་དེར་བསླངས་པ་ཡོད་རེད། ཡིན་ནའང་། མངོན་པ་མཛོད་ཀྱི་འཇིག་རྟེན་ཁམས་ཆགས་ཚུལ་ལ་སླེབས་དུས་རི་རབ་དང་གླིང་བཞི་གླིང་ཕྲན་སོགས་སྒྲ་ཇི་བཞིན་དུ་ཁས་ལེན་རྒྱུ་ཡོད་པ་མ་རེད། དངོས་ཡོད་གནས་ཚུལ་དང་མཐུན་གྱི་ཡོད་པ་མ་རེད། མཛོད་རྩ་བ་ལས། ལྷུན་པོ་རིན་ཆེན་བཞིའི་རང་བཞིན།། ཆུ་ཡི་ནང་དུ་བརྒྱད་ཁྲི་དག། ནུབ་བོ་དེ་བཞིན་སྟེང་དུ་ཡང་།། དཔག་ཚད་དག་ནི་བརྒྱད་ཁྲིའོ།། ཞེས་དང་། ཉི་ཟླ་ལྷུན་པོའི་ཕྱེད་ན་འོ།། དཔག་ཚད་ལྔ་བཅུ་གཅིག་དང་བཅས།། ནམ་ཕྱེད་ཉི་མ་ནུབ་པ་དང་།། ཉི་མ་ཕྱེད་དང་འཆར་དུས་གཅིག། ཅེས་སོགས་ནི། སློབ་དཔོན་དབྱིན་གཉེན་གྱི་ལུང་དྲངས་ནའང་། ཁྱབ་པ་མ་བྱུང་ཞེས་ཞུ་རྒྱུ་རེད། འདོད་ཟེར་རྒྱུ་ཡོད་མ་རེད། སངས་རྒྱས་པའི་གཞུང་དག་ལ་གཙོ་བོ་མཁན་ཆེན་ཞི་བ་ཚོས་ང་ཚོར་ངོ་སྤྲོད་གནང་བའི་དབུ་ཚད་ཟུང་འབྲེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བཀའ་ཆོས་སྩལ་རྗེས་དད་ལྡན་ཆོས་ཞུ་བའི་དྲི་བར་བཀའ་ལན་སྩལ་བ་དང་། མཐར་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་ཚན་རིག་ཀུན་བཏུས་ཀྱི་དེབ་ངོ་སྤྲོད་དང་ཨི་ཊ་ལིའི་སྐད་ཐོག་བསྒྱུར་མཁན་ལ་ལེགས་གསོལ་བསྔགས་བརྗོད་དང་བཅས་མཛད་རིམ་ལེགས་པར་གྲུབ་ཡོད་པ་བཅས།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།