༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

གོ་ལའི་ཚ་དྲོད་ཛ་དྲག་གི་གནས་སྟངས་སྐོར་ལ་བགྲོ་གླེང་། ༢༠༢༡ ཟླ་བ་ ༡ ཚེས་ ༡༠

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་གི་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་དོན་ལྟར་སའི་གོ་ལའི་གནམ་གཤིས་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་(Greta Thunberg) ལགས་དང་། ཕྱི་ལོ་ ༢༠༠༧ ལོའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཝི་ལི་ཡམ་མུའུ་མོ། དེ་བཞིན་ཨར་ཊིཀ་གླིང་ཁུལ་གྱི་ཚན་རིག་པ་གྲགས་ཅན་སུ་སན་ན་ཏ་ལི་སོགས་དེང་དུས་ཚན་རིག་པ་ཁག་ཅིག་དང་ལྷན་དུ་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་(The Crisis of Climate Feedback Loops) ཀྱི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བགྲོ་གླེང་མཛད་ཡོད་པ་རེད།

བགྲོ་གླེང་གཙོ་སྐྱོང་བ་ཝི་ལིས་ལེ་མཐོ་སློབ་ཀྱི་གཙོ་འཛིན་ཌ་ཨ་ཡི་ན་ཆེབ་མན་ཝལ་(Diana Chapman Walsh) ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་དང་། བགྲོ་གླེང་བརྗོད་གཞི་༸སྙན་སེང་ཞུ་བཞིན་པ། ༢༠༢༡།༡།༡༠ པར་པ། བསྟན་འཛིན་འཇམ་དཔལ་ལགས།

དེ་ཡང་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བགྲོ་གླེང་དབུ་འཛུགས་ཀྱིས་ཐོག་མར་བགྲོ་གླེང་གཙོ་སྐྱོང་བ་ཝི་ལིས་ལེ་མཐོ་སློབ་ཀྱི་གཙོ་འཛིན་ཌ་ཨ་ཡི་ན་ཆེབ་མན་ཝལ་(Diana Chapman Walsh)ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་རྗེས་༸གོང་ས་མཆོག་གིས་ངོས་རང་ལོ་བགྲེས་པོ་ཡིན་ནའང་གཟུགས་པོ་ཧ་ཅང་ཐང་པོ་ཡོད་པ་དང་ཆུ་ཚོད་བཅུ་ཙམ་རིང་གཉིད་ཁུགས་ཐུབ་ཀྱི་འདུག གཉིད་སྐྱིད་པོ་དང་སེམས་ཁམས་ཐང་པོ་ཡོད་པ་དེ་ཀླད་པ་གསལ་བོ་ཡོད་པའི་རྒྱུ་མཚན་ཆགས་ཡོད། སྐབས་རེར་ངོས་ལ་སྐྱོན་བརྗོད་བྱེད་མཁན་མཐོང་སྐབས་རྒྱལ་སྲས་ཞི་བ་ལྷའི་གསུང་ལ་རྗེས་དྲན་བྱེད་ཀྱི་ཡོད། བཟོད་པའི་ཉམས་ལེན་བྱེད་མཁན་ཞིག་ཡིན་ཚེ་དགྲ་དེ་གཉེན་གྱི་མཆོག་རེད་ཅེས་བཀའ་སྩལ་བ་ལྟར་དེ་ཉམས་ལེན་བྱེད་ཀྱི་ཡོད། སོ་སོ་ཉམས་ལེན་ཡག་པོ་བྱེད་མཁན་ཞིག་ཡིན་པ་ལ་ཕྱི་ནས་སྡང་པོ་བྱེད་མཁན་ཞིག་དགོས་ཀྱི་ཡོད་པ་རེད།  དེ་ཡང་སོ་སོའི་གཉེན་གྱི་ནང་དུ་མ་ཡོང་བར་སྐྱོན་བརྗོད་བྱེད་མཁན་ཞིག་ཡོང་གི་ཡོད་ཚེ་དེ་གཉེན་གྱི་མཆོག་ཡིན་པ་ནི་དགེ་བའི་བཤེས་གཉེན་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད། ཉམས་ལེན་བྱེད་ཐབས་འདི་ནི་ནང་པའི་གཞུང་གི་ཆོས་ཕྱོགས་དང་མ་འབྲེལ་བ་ཡིན་ནའང་མི་ཚེ་སྐྱིད་པོ་ཞིག་ཡོང་བའི་ཆེད་དུ་ཉམས་ལེན་བྱེད་འོས་པ་རེད། དེའི་དགོས་པ་གཙོ་བོ་ཡང་འཛམ་གླིང་དུ་དཀའ་ངལ་མང་པོ་ཞིག་ཡོད་པས་སེམས་ཀྱི་ཞི་བདེ་སྐྲུན་པར་ཆོས་ཕྱོགས་ཀྱི་བསླབ་བྱ་འདི་དག་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། རྒྱུ་མཚན་གཙོ་བོ་དེ་ཆགས་ཡོད། ངོས་ཀྱི་མཆུ་ཡི་མདོག་དང་སོ་ལ་ལྟོས་དང་གཟུགས་པོ་བདེ་ཐང་ཡོད་མེད་དེ་ནས་དཔོག་ཐུབ། ཅེས་དང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བགྲོ་གླེང་ལས་རིམ་ནང་གི་གནམ་གཤིས་ཀྱི་སྐོར་ལ་གོ་རྟོགས་སྤེལ་བའི་གློག་བརྙན་ཞིག་ལ་གཟིགས་བཞིན་པ། ༢༠༢༡།༡།༡༠ པར་པ། བསྟན་འཛིན་འཇམ་དཔལ་ལགས།

དེ་རྗེས་སེམས་དང་སྲོག་གི་བསྟི་གནས་ཁང་གི་གཙོ་འཛིན་གྱིས་༸གོང་ས་མཆོག་ཚོགས་འདུ་འདིར་ཆིབས་བསྒྱུར་བསྐྱངས་པར་བཀའ་དྲིན་ཆེ་ཞུས་པ་དང་།  འཛམ་གླིང་ས་ཕྱོགས་གང་སར་གསན་གཟིགས་གནང་མཁན་ཡོངས་ལ་འཚམ་འདྲི་དང་བགྲོ་གླེང་གི་བརྗོད་གཞི་ངོ་སྤྲོད་མཛད་རྗེས་བགྲོ་གླེང་འདི་དང་འབྲེལ་ནས་ཁོར་ཡུག་དང་གནམ་གཤིས་སྐོར་གྱི་གློག་བརྙན་གསུམ་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་སྐོར་དང་། བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་རྣམས་ངོ་སྤྲོད་མཛད་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་འཛམ་གླིང་གོ་ལ་ནི་ང་ཚོའི་ཁྱིམ་གཞི་ཡིན་ཞེས་པའི་ཕྱག་དེབ་ཀྱི་བརྗོད་གཞི་དང་འབྲེལ་ནས་བགྲོ་གླེང་བྱེད་རྒྱུ་ཡིན་པ་དང་། གནམ་གཤིས་འགྱུར་ལྡོག་གི་ཐད་ལ་བསམ་བློ་གཏོང་སྟངས་གཉིས་ཡོད། དེ་ནི་ཛ་དྲག་ཡིན་པ་དང་། གོ་སྐབས་ཡོད་པ་གཉིས་རེད། ཚན་རིག་པ་དང་ཆབ་སྲིད་པ་ཚང་མས་དོན་འདི་ལ་དགོངས་པ་བཞེས་དགོས་པ་ཆགས་ཡོད། ཅེས་སོགས་གསུང་བཤད་གནང་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བགྲོ་གླེང་ལས་རིམ་ནང་སའི་གོ་ལའི་གནམ་གཤིས་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་(Greta Thunberg) ལགས་ཀྱི་གསུང་བཤད་ལ་གསན་བཞིན་པ། ༢༠༢༡།༡།༡༠ པར་པ། བསྟན་འཛིན་འཇམ་དཔལ་ལགས།

ཐོག་མར་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་ལགས་ཀྱིས་ཁོར་ཡུག་སྐོར་ལ་བསམ་བློ་གཏོང་སྟངས་གོ་དུས་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་། གཞོན་སྐྱེས་ཀྱི་ངོས་ནས་དེ་ལྟ་བུའི་སེམས་ཁུར་ལེན་མཁན་ཞིག་མཐོང་དུས་མ་འོངས་པར་ང་ཚོའི་རེ་བ་བྱེད་སའི་གནས་ཚུལ་ཆགས་ཀྱི་ཡོད། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་འགྲོ་བ་སེམས་ཅན་ཐམས་ཅད་བདེ་སྐྱིད་འདོད་པ་ཞིག་ཡིན་པ་ནི་སྨོས་མི་དགོས་པ་རེད། མི་ཙམ་མ་ཡིན་པར་འབུ་སྲིན་ཚུན་ཆད་ནས་སོ་སོའི་སྲོག་འཚོ་བའི་ཆེད་དུ་སེམས་ཁུར་ཡོད་པ་རེད། འགྲོ་བ་མི་ལ་ཆ་བཞག་ན་ཀླད་པ་དམིགས་བསལ་གྱིས་རྣམ་དཔྱོད་ཅན་ཞིག་ཆགས་ཀྱི་ཡོད། ཡིན་ནའང་། འཛམ་གླིང་ལ་རྙོག་དྲ་བཟོ་མཁན་ཤུགས་ཆེ་ཤོས་དེ་མི་ཆགས་ཡོད། དུད་འགྲོ་སེམས་ཅན་ལྟ་བུར་མཚོན་ན་ཉིན་རེའི་བཟའ་བཏུང་ལ་སོགས་པའི་འཕྲལ་སེལ་གྱི་འདོད་པ་མ་གཏོགས་རྒྱ་ཆེ་སའི་གནོད་པ་མེད། དེ་བཞིན་ཁོ་ཚོར་ང་ཚོ་དང་ཁོ་ཚོ་ཞེས་དབྱེ་འབྱེད་ཀྱི་གཤིས་ཀ་ཆེན་པོ་ཡོད་པ་མ་རེད།

ཕྱི་ལོ་ ༢༠༠༧ ལོའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཝི་ལི་ཡམ་མུའུ་མོ་ལགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་སྐོར་ལ་གསུང་བཤད་གནང་བཞིན་པ། ༢༠༢༡།༡།༡༠ པར་པ། བསྟན་འཛིན་འཇམ་དཔལ་ལགས།

ཕྱོགས་གཅིག་ནས་འགྲོ་བ་མི་རྣམས་ཀྱིས་གོ་ལ་འདིའི་ནང་ཡི་རངས་བྱེད་དགོས་པའི་འཛུགས་བསྐྲུན་མང་པོ་བྱས་ཡོད། ཕྱོགས་གཞན་ཞིག་ནས་གཏོར་བཤིག་ཀྱང་མང་པོ་བཏང་ཡོད། དེང་གི་འཇིག་རྟེན་འདིར་བསམ་བློ་བཏང་བ་ཡིན་ན་དཀའ་ངལ་ཧ་ཅང་མང་པོ་འདུག མི་ཁག་ཅིག་གིས་འགྲེལ་བརྗོད་གནང་སྟངས་ལྟར་ན་ཁོར་ཡུག་ཉམས་ཆག་ཕྱིན་པ་ནི་མིས་བཏང་བ་ཡིན་པ་ཧ་ཅང་གསལ་བོ་གསུང་བཞིན་འདུག མིའི་ཀླད་པ་ཧ་ཅང་རྣམ་དཔྱོད་ཅན་ཞིག་ཆགས་ཡོད་ཀྱང་སོ་སོའི་སྒེར་རྐྱང་བའི་དོན་དུ་བསམ་བློ་གཏོང་བ་དང་། རང་དོན་ཁོ་ནར་བསམ་བློ་བཏང་གི་རེད། དངོས་ཡོད་གནས་ཚུལ་ལ་མི་སྒེར་གཅིག་གི་བསམ་བློ་ལ་མཚོན་ནའང་ཁྱིམ་ཚང་དང་ཚོགས་པ་ལ་རག་ལས་ཀྱི་ཡོད། མི་ཚེ་ཡང་སྤྱི་ཚོགས་ལ་བརྟེན་ཡོད། གང་ལྟར་རིགས་འགྲེ་བཏང་བ་ཡིན་ན་གོ་ལ་ཧྲིལ་བོའི་མི་འབོར་ཐེར་འབུམ་བདུན་ཁྱིམ་གཞི་གཅིག་ཆགས་ཡོད། དེར་བརྟེན། སྤྱི་ལ་ཁྱབ་པའི་སེམས་ཁུར་ཞིག་ངེས་པར་དུ་དགོས་པ་རེད། དེ་མིན་པར་སོ་སོ་རྐྱང་བའི་ས་ཆ་ཆུང་ཆུང་ལ་ཁྱབ་པའི་བསམ་བློ་ནི་ཧ་ཅང་བློ་རྒྱ་ཆུང་ཆུང་རེད། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མི་ཚེ་ཧྲིལ་བོ་གཞན་ལ་རྟེན་ནས་བསྡད་ཡོད་པ་མ་གཏོགས་རང་རྐྱང་བ་འཚོ་ཐབས་མེད། ཅེས་བཀའ་སློབ་སྩལ།

ཨར་ཊིཀ་གླིང་ཁུལ་གྱི་ཚན་རིག་པ་གྲགས་ཅན་སུ་སན་ན་ཏ་ལི་ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༡།༡།༡༠ པར་པ། བསྟན་འཛིན་འཇམ་དཔལ་ལགས།

དེ་རྗེས་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་ལགས་ཀྱིས་འཚམ་ཞུ་དང་འབྲེལ་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་གནམ་གཤིས་དང་འབྲེལ་ང་ཚོར་ཕྱག་འཕྲིན་གནང་བས་༸རྒྱལ་བ་རིན་པོ་ཆེས་ང་ཚོར་རྒྱབ་སྐྱོར་ཡོད་པ་ཤེས་ཏེ་ཧ་ཅང་དགའ་སྤོབས་དང་སྙིང་སྟོབས་ཆེན་པོ་སྦྱིན་བྱུང་། ཐུན་མོང་དུ་༸རྒྱལ་བ་རིན་པོ་ཆེ་དང་ང་ཚོར་འཛམ་གླིང་གི་གནམ་གཤིས་དང་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བསམ་ཚུལ་མཐུན་པོ་ཡོད་པ་རེད། ཅེས་སོགས་གསུང་བཤད་གནང་བ་དང་། ༸གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན།

སུ་བེ་ཌེན་ནས་ཡིན་པའི་བུ་མོ་ཆུང་ཆུང་འདིས་གནམ་གཤིས་དང་འབྲེལ་བའི་སྐོར་ནས་ཕྱག་ལས་གནང་བཞིན་པ་གོ་ཡོང་དུས་མ་འོངས་པར་དངོས་གནས་རེ་བ་ཞིག་མཐོང་བ་དང་། གཞོན་སྐྱེས་ཚོས་ཁོར་ཡུག་གིས་མཚོན་པའི་འཛམ་གླིང་གི་དཀའ་ངལ་ཐོག་ལ་འདི་ལྟ་བུའི་སེམས་ཁུར་ལེན་བཞིན་པ་ཐོས་དུས་ཧ་ཅང་དགའ་བོ་བྱུང་སོང་། སྤྱིར་བཏང་འཛམ་གླིང་དུ་དངོས་པོ་ཡར་རྒྱས་དང་འབྲེལ་བའི་བསམ་བློ་གཏོང་སྟངས་ཧ་ཅང་རྩལ་དུ་བཏོན་པ་ཆགས་ཡོད། དེ་ནས་སོ་སོའི་སྤྱི་ཚོགས་དང་སོ་སོའི་རྒྱལ་ཁབ་ལ་བསམ་བློ་བཏང་བ་ཆགས་ཡོད། འཛམ་གླིང་སྤྱི་ཡོངས་ཀྱི་ཁོར་ཡུག་སྐོར་ལ་སྐད་ཆ་བཤད་མཁན་ཉུང་ཉུང་རེད། ཡིན་ནའང་། ད་ལྟ་མ་འོངས་པར་བཟང་ཕྱོགས་ལ་རེ་བ་བྱེད་ཆོག་པ་ཞིག་རེད་བསམ་གྱི་འདུག ང་ཚོ་མི་བགྲེས་པ་ཚོ་ལོ་རྫོགས་འགྲོ་བཞིན་ཡོད་པ་དང་། ཁྱོད་རང་ཚོ་ད་ལྟ་གཞི་ནས་མགོ་བཙུགས་ཡོང་གི་ཡོད་པས་ང་ཚོའི་མ་འོངས་པའི་རེ་བ་བྱེད་ས་ནི་ཁྱོད་ཚོ་གཞོན་སྐྱེས་ཚོ་རེད། འདས་པ་ནི་འདས་ཟིན་པས་མ་འོངས་པ་གཞོན་སྐྱེས་ཚོར་རག་ལས་ཡོད། ང་ཚོའི་མི་ཐོགས་འདིས་དཀའ་ངལ་ཆེན་པོ་བཟོས་ཡོད་པར་བརྗོད་ཆོག་གི་རེད། དཀའ་ངལ་དེ་དག་ཁྱོད་ཚོ་གཞོན་སྐྱེས་ཚོས་སེལ་དགོས་པ་རེད། ཅེས་བཀའ་སློབ་སྩལ་རྗེས་གནམ་གཤིས་ཀྱི་སྐོར་ལ་གོ་རྟོགས་སྤེལ་བའི་གློག་བརྙན་ཞིག་གཟིགས་འབུལ་ཞུས་རྗེས་མུ་མཐུད་བགྲོ་གླེང་མཛད་ཡོད་པ་བཅས།།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།