༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཤེས་རབ་སྙིང་པོའི་བཀའ་ཆོས་གནང་སྒོ་ལེགས་པར་གྲུབ་པ། ༢༠༢༡ ཟླ་བ་ ༡ ཚེས་ ༧

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཉིན་གྲངས་གསུམ་རིང་གི་ཤེས་རབ་སྙིང་པོའི་བཀའ་ཆོས་གནང་སྒོ་ཁག་ལེགས་པར་གྲུབ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཙམ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོ་དང་ལྷན་སྐད་ཆ་བཤད་རྒྱུ་ཉིན་གསུམ་པ་དེ་རེད། ཉིན་དང་པོ་དང་གཉིས་པར་སྐད་ཆ་བྱུང་བ་དེ་དག་སོ་སོ་གཅིག་པུ་བསྡད་པའི་སྐབས་ངོས་ཀྱིས་བརྗོད་པ་རྣམས་ལ་ཉམས་ལེན་བྱ་རྒྱུ་བྱུང་སོང་ངམ། གང་ལྟར་བླ་མའི་དྲུང་ནས་འཆད་པ་བྱུང་ཚེ་དེ་ཚར་གཅིག་ཐོས་སོང་ཞེས་པ་ཙམ་མིན་པར་ངེས་པར་དུ་བསྐྱར་དུ་བསམ་བློ་བཏང་སྟེ་ཉིན་རེ་བཞིན་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་རེད། ཉིན་ལྟར་བསམ་བློ་གཏོང་ཡོང་སྐབས་རིམ་བཞིན་ཐོག་མར་ཐོས་བྱུང་གི་གོ་བ་སྐྱེས་པ་རྣམས་རིམ་པའི་བསམ་བློ་གཏོང་དུས་སེམས་ནང་ཕྲན་བུ་ངེས་པ་སྐྱེ་རྒྱུ་དང་། སེམས་ནང་ངེས་པ་སྐྱེ་དགོས་བྱུང་བ་ཡང་ནས་ཡང་དུ་སྒྲིལ་དུས་བསམ་བློའི་ནང་འགྱུར་བ་ཐེབས་ཡོང་གི་ཡོད། གང་ལྟར་ཐོས་པའི་དོན་ལ་ཡང་ནས་ཡང་དུ་བསམ་བློ་བཏང་ནས་དཔེ་ཆ་ཡང་ཀློག་པ་དང་། ངོས་ཀྱིས་བཤད་པ་དང་དཔེ་ཆ་ནང་ཡོད་པ།   དེ་བཞིན་ངོས་ཀྱིས་ད་ལྟ་བཤད་པ་འགའ་ཤས་དཔེ་ཆ་ནང་མ་གསལ་བ་དེ་འདྲ་ཡོང་སྲིད་པ་རེད། ངོས་ཀྱིས་སྤྱི་ཡོངས་ཐོག་སྙིང་པོ་མདོར་བསྡུས་ཤིག་ཤོད་ཀྱི་ཡོད། དཔེ་ཆ་ནང་དེའི་འགྲེལ་བཤད་ཞིབ་ཕྲ་ཡོད། ཁྱེད་རང་ཚོ་ཆོས་འབྲེལ་ཐོབ་སོང་ཞེས་ཐོབ་གྲངས་གསོག་རྒྱུའི་སྐད་ཆ་མ་རེད།

ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་སྔོན་ཀོ་རིའི་ཡའི་དགེ་སློང་Ven. Jin-Ok ལགས་ཀྱིས་ཀོ་རི་ཡའི་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་བཞིན་པ། ༢༠༢༡།༡།༧ པར་བ། བསྟན་འཛིན་འཇམ་དཔལ་ལགས།

རིམ་བཞིན་སོ་སོའི་སེམས་བརྒྱུད་ནང་འགྱུར་བ་ཐེབས་རྒྱུ་དོན་དག་རེད། ངོས་རང་ངོས་ནས་ཆ་བཞག་ན། ལམ་རིམ་དང་དེ་ཚོ་གྲས་ངོས་རང་ཆུང་ཆུང་སྐབས་ནས་ཐོས་ཡོད། བཤད་ལུང་ཞུས་ཡོད། མྱུང་ཁྲི་ཡང་ཞུས་ཡོད། སྐབས་དེ་དུས་བསམ་བློ་གང་ཡང་བཏང་མེད་དུས་དེ་ཙམ་སེམས་ནང་གང་ཡང་མི་འདུག དེ་ནས་རིམ་པའི་སོསས་དེར་ཡང་ནས་ཡང་དུ་བསམ་བློ་བཏང་སྟེ་གཞུང་གཞན་དག་ཕན་ཚུན་འདྲེས་ནས་བསམ་བློ་བཏང་ཡོང་སྐབས་ཏན་ཏན་སེམས་ནང་འགྱུར་བ་འཐེབ་རྒྱུ་གཅིག་དང་སེམས་ནང་འགྱུར་བ་ཐེབས་པའི་ལག་ཆ་ལ་ཞོགས་པ་གཉིད་སད་པ་དང་ལམ་སང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དྲན་པ། ངོས་ཀྱིས་དུས་རྟག་ཏུ། ཇི་སྲིད་ནམ་མཁའ་གནས་པ་དང་། ཞེས་པའི་ཐོག་བསམ་བློ་འཁོར་གྱི་ཡོད། ཚེ་འདི་ལ་སྐྱེས་པ་ཙམ་མ་ཡིན་པར་ཇི་སྲིད་ནམ་མཁའ་གནས་པའི་བར་ལ་སེམས་ཅན་གྱི་དོན་བྱེད་ཀྱི་ཡིན་ཞེས་སེམས་ཤུགས་སྐྱེ་རྒྱུ་དང་། དེ་བཞིན་ཆོས་ཐམས་ཅད་རང་བཞིན་གྱི་སྒྲུབ་པའི་སྟོང་བ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། དེ་ནི་སྟོང་པ་ཉིད་དུ་བཤད།། དེ་ནི་བརྟེན་ནས་བཏགས་པ་སྟེ།། དེ་ཉིད་དབུ་མའི་ལམ་ཡིན་ནོ།། ཞེས་མགོན་པོ་ཀླུ་སྒྲུབ་ཀྱི་གསུངས་པ་དེ་ཚོའི་གྲས་དང་། གཞན་ཡང་ཟླ་བ་གྲགས་པའི་གསུངས་དེ་དག་ཧ་ལས་པའི་ཟབ་པོ་རེད་འདུག གང་ལྟར་རྗེ་རིན་པོ་ཆེ་མཆོག་གིས་མར་བསྡོམས་སྐྱོན་ཡོང་དུས་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་དང་།  ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བ། ཆོས་ཐམས་ཅད་རང་སྟོང་དུ་གསུངས་པར་མི་འཐད་པར་ཐལ་བ་བཅས་ཐལ་བ་བཞི་པོར་ངོས་ཀྱིས་ཉིན་ལྟར་བསམ་བློ་གཏོང་གི་ཡོད། ཞོགས་པ་ཡར་ལངས་ཏེ་བསྐོར་བ་ཏོག་ཙམ་སྐོར་བའི་སྐབས་དེ་རིགས་ལ་བསམ་བློ་གཏོང་གི་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་སྙིང་པོའི་བཀའ་ཆོས་ཉིན་མཐའ་མར་ཆོས་ཞུ་བ་རྣམས་ལ་བཀའ་སློབ་སྩོལ་བཞིན་པ། ༢༠༢༡།༡།༧ པར་བ། བསྟན་འཛིན་འཇམ་དཔལ་ལགས།

མགོན་པོ་ཀླུ་སྒྲུབ་ཀྱིས། ཕུང་མིན་ཕུང་པོ་ལས་གཞན་མིན།། དེ་ལ་ཕུང་མེད་དེ་དེར་མེད།། དེ་བཞིན་གཤེགས་པ་ཕུང་ལྡན་མིན།། ཞེས་རང་ལ་ཚུར་སྦྱར་ནས། བདག་ཅེས་བྱ་བ་ཕུང་ལྡན་མིན།། བདག་ཅེས་བྱ་བ་གང་ཞིག་ཡིན།། ཞེས་བསམ་བློ་གཏོང་བཞིན་པ་འདིས་སྟོང་པའི་གོ་བ་ཏོག་ཙམ་ཡོད་པ་དེ་སེམས་ནང་ཚོར་བ་ཡོད་པ་ཞིག་ཡོང་གི་ཡོད། གང་ལྟར་གལ་ཆེན་པོ་ནི་ཡང་ནས་ཡང་དུ་འདྲིས་པར་བྱེད་རྒྱུ་དང་། ཡང་ཡང་བསམ་བློ་བཏང་ནས་རིམ་པས་སེམས་ལ་འགྱུར་བ་ཐེབས་པ་བྱེད་རྒྱུ་རེད། འདིའི་ཐོག་ནས་ད་ལྟ་ཤེས་རབ་སྙིང་པོའི་ནང་གསུངས་པ་བཞིན། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཞེས་བློ་རིམ་པས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་མྱོང་བ་ཤུགས་ཆེ་རུ་དང་ཟབ་ཏུ་ཕྱིན་ནས་རིམ་པས་ཚོགས་ལམ་དང་སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་ང་ཚོས་ཤོད་བཞིན་པ་འདི་དཔེ་ཆའི་ནང་ཡོད་པ་ཙམ་མིན་པར་སོ་སོ་རང་གིས་ཉམས་མྱོང་གི་ཐོག་ལ་དེ་དག་དངོས་སུ་ཡོང་རྒྱུ་གོམས་པའི་སྒོ་ནས་ཡོང་གི་ཡོད། དད་པ་གལ་ཆེན་པོ་རེད་དེ་སེམས་ནང་འགུལ་སྐྱོད་འཐེབ་རྒྱུ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡང་ཡང་བསམ་བློ་བཏང་སྟེ་དད་པ་དང་ཤེས་རབ་ཟུང་སྦྲེལ་བྱས་ནས་འགྲོ་རྒྱུ་དང་གཙོ་བོ་གོམས་འདྲིས་རེད་འདུག ཅེས་བཀའ་སློབ་སྩལ་རྗེས་ཤེས་རབ་སྙིང་པོའི་བཀའ་ཆོས་འཕྲོ་སྐྱོང་མཛད་དེ་མཇུག་ལེགས་པར་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་མཛད་པའི་བླ་མའི་རྣལ་འབྱོར་གྲུ་འཛིན་ཞིང་གི་ཐེམ་སྐས་ཞེས་བྱ་བའི་ལུང་དང་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་མཛད་པ་དང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་ནང་པའི་རྗེས་འཇུག་གི་ཆོས་ཞུ་བའི་དྲི་བར་བཀའ་ལན་སྩོལ་བཞིན་པ། ༢༠༢༡།༡།༧ པར་བ། བསྟན་འཛིན་འཇམ་དཔལ་ལགས།

མཐར་ཆོས་བ་ཞིག་གིས། ནད་ཡམས་འདི་ཡུན་རིང་དྲགས་རྐྱེན་གྱིས་སེམས་གུ་དོག་པོ་ཆགས་བཞིན་འདུག་པས་དེའི་སེལ་བའི་ཐབས་ལམ་གསུང་རོགས། ཞེས་བཀའ་འདྲི་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ད་ལྟ་ནད་ཡམས་དེ་ཨ་མེ་རི་ཀའི་ནང་ལ་ཧ་ལས་པའི་ཤུགས་ཆེན་པོ་དང་། དེ་བཞིན་རྒྱ་གར་དང་ཉི་ཧོང་ལ་ཡང་ཤུགས་ཆེན་པོ་ཡོང་གི་འདུག་པས། ཀོ་རི་ཡ་དང་རྒྱ་ནག་གི་སེམས་ལ་དངོས་གནས་དངངས་སྐྲག་སྐྱེ་བ་དང་། སེམས་ཞུམ་པ། སྦུག་སྲུབས་དོག་པོ་ཆགས་ཀྱི་འདུག བསམ་བློ་རྒྱ་ཆེ་ས་ནས་བཏང་བ་ཡིན་ན། ང་ཚོའི་ལུས་འདི་གས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་རྒྱུ་བྱེད་ཀྱི་ཡོད་པས། སྐྱེ་རྒ་ན་འཆིའི་སྡུག་བསྔལ་དེ་རང་བཞིན་ལྷན་སྐྱེས་ཀྱི་སྲིད་པ་འཁོར་བའི་འཁོར་སྟངས་ཤིག་ཆགས་ཡོད། ནད་ཀྱི་སྡུག་བསྔལ་དེ་ད་ལྟའི་གནས་སྐབས་ལ་ནད་ཡམས་ཤིག་ཁྱབ་ནས་ཡོང་གི་ཡོད་པ་འདི་ཡིན། མཐོང་ཆོས་ལ་ཆ་བཞག་ན་དེ་ཟས་དང་སྤྱོད་ལམ་མང་པོ་ཞིག་དང་འབྲེལ་བ་ཡོད།

དྲ་ལམ་བརྒྱུད་གསུང་ཆོས་ཞུ་མཁན་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཞུ་བཞིན་པ། ༢༠༢༡།༡།༧ པར་བ། བསྟན་འཛིན་འཇམ་དཔལ་ལགས།

སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་ན། ཚེ་རབས་མང་པོའི་རྒྱུ་དང་རྐྱེན་ལ་བརྟེན་ནས་ད་ལྟའི་དུས་རབས་འདིར་ནད་ཡམས་འདི་འདྲ་ཞིག་དམིགས་བསལ་ཤུགས་ཆེན་པོ་བྱས་ནས་ཡོང་གི་ཡོད་པ་དང་། དེ་འཛམ་བུ་གླིང་འདིའི་སྒང་གི་མི་སོ་སོས་སྔོན་བསགས་པའི་ལས་ཀྱི་འབྲས་བུ་སྨིན་ནས་ཡོང་བ་ཞིག་ཡིན། ཞིབ་ཚགས་པོ་བྱས་ནས་ལས་ཅི་འདྲ་ཞིག་གིས་འབྲས་བུ་འདི་བྱུང་བ་རེད་ཟེར་ན། ལས་འབྲས་ཀྱི་རྒྱུ་འབྲས་དེ་ཕྲ་ཞིང་ཕྲ་བ་དང་ཤིན་ཏུ་ལྐོག་གྱུར་ཡིན་པས། བཅོམ་ལྡན་འདས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས། རྒྱུ་རྐྱེན་འདི་འདྲ་ཞིག་གི་ཐོག་ནས་ནད་ཡམས་འདི་དུས་སྐབས་འདིའི་སྐབས་སུ་བྱུང་བ་རེད་ཅེས་གསུང་རྒྱུ་ཞིག་མ་གཏོགས། ང་ཚོས་འཕྲལ་དུ་ཤེས་ཁག་པོ་ཡིན་ན་ཡང་། ནད་ཡམས་འདི་འདྲ་ཡོང་བའི་རྩ་བ་དེ། ང་ཚོར་སྡུག་བསྔལ་གྱི་རྟེན་བྱེད་པའི་སྡུག་བདེན་གྱི་ཕུང་པོ་ཞིག་ཡོད་པས་རྐྱེན་བྱས་ཏེ། ལས་ངན་བསགས་པའི་འབྲས་བུ་སྨིན་པ་ཞིག་ཆགས་ཡོད་པས། ལས་མ་བྱས་པ་དང་མི་འཕྲད། ལས་བྱས་པ་ཆུད་མི་ཟ་ཞེས་གསུངས་འདུག་པ་ལྟར། ནད་ཡམས་ཡོང་བ་དེ་རང་བཞིན་གྱིས་ང་ཚོའི་ཚེ་རབས་མང་པོའི་ལས་དང་འབྲེལ་བ་ཡོད་པ། ཚེ་འདི་ལ་ཡང་ཕྱི་ནང་གི་རྐྱེན་མང་པོ་ཞིག་གི་ཐོག་ནས་ནད་ཡམས་དེ་དག་ཡོང་གི་ཡོད་པར་བརྟེན། མ་ཚང་མེད་རྒྱུ་དེ་ལ་ནི།། འབྲས་བུ་གང་གིས་ལྡོག་པར་ནུས།། ཞེས་རྒྱུ་མ་ཚང་བ་མེད་པ་ཞིག་གྲུབ་ཚར་བའི་རྗེས་ལ་དེའི་འབྲས་བུ་ལྡོག་ཐབས་ཡོད་པ་མ་རེད་ཅེས་གསུངས་པ་ལྟར་ཡིན་པས། སེམས་མི་སྐྱིད་པ་དང་སེམས་ཁྲལ་བྱས་ནས་བསྡད་ན་ཕན་ཐོགས་མེད།

ནད་ཡམས་འདི་ལྟ་བུ་ཡོང་བའི་སྐབས་སུ་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་རྒྱ་ཆེ་ས་ནས་གཏོང་བ། དཔེར་ན། སྡུག་བསྔལ་དང་ལེན་གྱི་དམིགས་པ་ལ་བསམ་བློ་གཏོང་བ་ལྟ་བུ་བྱས་ཏེ། ཡང་སྙིང་བློ་སྦུག་སྲུབས་དོག་པོ་མ་བྱེད། འདུམ་བདེ་ཤོས་དེ་སྤྱོད་འཇུག་ནས། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགའ་བྱར་ཅི་དགོས།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། ཞེས་གསུངས་པ་ལྟར་བཅོས་སུ་ཡོད་མེད་ལ་བསམ་བློ་བཏང་ནས། བཅོས་ཐབས་ཡོད་པ་ཞིག་ཡིན་ན་བློ་ལྷོད་ལྷོད་བྱོས། ནད་ཡམས་འདི་སེལ་རྒྱུར་ཚན་རིག་པ་དང་སྨན་པ་ཚོས་ཧ་ཅང་འབད་བརྩོན་བྱེད་ཀྱི་ཡོད་པ་ལ་རྗེས་སུ་ཡི་རང་ཡོད། ཧ་ཅང་ཡག་པོ་རེད། བཅོས་སུ་མེད་པ་ཞིག་ཡིན་ན་ནི་ང་ཚོའི་སྤྱི་མཐུན་གྱི་ལས་ཡིན་པས་ལྡོག་ཏུ་ཡོད་པ་མ་རེད་བསམས་པ་དང་། སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་ན། ཚེ་རབས་ནས་ཚེ་རབས་བཤད་པ་མ་གཏོགས། ཚེ་འདི་གཅིག་པུ་བཤད་རྒྱུ་མ་རེད། དེ་ལྟ་བུའི་ཐོག་ནས་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་གསུངས་པ་ལྟར། རྐྱེན་ངན་བྱུང་བ་དེས་སེམས་སྦུག་སྲུབས་དོག་པོ་མི་བྱེད་པར། རྐྱེན་ངན་བྱུང་བ་དེ་དག་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་ཐུབ་པའི་གོ་སྐབས་ཡོད་པས་དེ་ལྟར་གྱིས། ཞེས་སོགས་དྲི་བ་ཁག་ལྔ་ལ་བཀའ་ལན་སྩལ་རྗེས་ཀོ་རི་ཡའི་དད་ལྡན་མང་ཚོགས་གཙོ་བོར་གྱུར་བའི་དྲ་ལམ་ནས་གསུང་ཆོས་ཞུ་མཁན་རྣམས་ལ་ཉིན་གསུམ་རིང་གི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།