༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཀོ་རི་ཡའི་ནང་པ་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་ལ་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་གསུང་ཆོས་དབུ་འཛུགས་མཛད་པ། ༢༠༢༡ ཟླ་བ་ ༡ ཚེས་ ༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་དང་ཆོས་ཞུ་བའི་བཀའ་འདྲི་ཁག་གཅིག་ལ་བཀའ་ལན་སྩལ་ཡོད་པ་རེད།  

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ སྔོན་ཙམ་ལ་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་གསུང་ཆོས་གསོལ་འདེབས་ཞུ་མཁན་གྱི་འབྲེལ་ཡོད་ཀོ་རི་ཡའི་དགེ་སློང་Ven. Jin-Ok  ལགས་ཀྱིས་༸གོང་ས་མཆོག་སྐུ་གཟུགས་གསལ་ཐང་གི་འཚམ་འདྲི་དང་འབྲེལ་འཛམ་གླིང་གཉན་རིམས་ཀྱི་དཀའ་ངལ་ནང་དུ་མགོན་པོ་གང་ཉིད་མཆོག་གིས་ཀོ་རི་ཡའི་ནང་པ་ཚོར་ཆོས་འབྲེལ་བཀའ་དྲིན་སྩལ་བར་ཐུགས་རྗེ་ཆེ་ཞུས་པ་དང་ཤེས་རབ་སྙིང་པོ་གསུང་འདོན་གནང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་སྐབས་དྲ་ལམ་བརྒྱུད་ཆོས་ཞུ་བར་འཚམ་འདྲི་གནང་བཞིན་པ། ༢༠༢༡།༡།༥ པར་བ། བསྟན་འཛིན་འཇམ་དཔལ་ལགས།

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་འདིར་ཀོ་རི་ཡའི་ཆོས་གྲོགས་ཚོར་ཉིན་གསུམ་རིང་ཤེས་རབ་སྙིང་པོ་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་བྱུང་བར་ངོས་ཡང་སྐལ་བ་བཟང་པོ་བྱུང་། ཤེས་རབ་སྙིང་པོ་ནི་ཤེར་ཕྱིན་གྱི་གཞུང་རྒྱས་པ་ཡུམ་འབུམ་པ་དང་། དེ་ལས་ཀྱང་རྒྱས་པ་ཡོད་འདུག བསྡུས་པ་ནི་བརྒྱད་སྟོང་པ་དང་། བསྡུས་ཤོས་ནི་ཤེར་ཕྱིན་ཡི་གེ་གཅིག་མ། ཨ། ཞེས་པའི་ཚིག་འདི་གཅིག་པུ་ཤེར་ཕྱིན་ཡི་གེ་གཅིག་མ་རེད། ཨ་ཞེས་པ་ནི་དགག་ཚིག་རེད། དགག་ཚིག་འདིས་ང་རང་ཚོར་སྣང་བ་ནང་བཞིན་ཡོད་པ་མ་རེད་ཅེས་དགག་བྱ་བྱེད་པ་དེ་རེད། ཤེས་རབ་སྙིང་པོ་འདི་ནི་ཤེར་ཕྱིན་ཉེར་ལྔ་བ་ཟེར་བ་དེ་རེད། ཉུང་ཉུང་དང་དོན་དག་འདུས་ཆེན་པོ་ཞིག་རེད། དེ་རིང་འདིར་ཀོ་རི་ཡའི་ཆོས་གྲོགས་ཚོར་ཤེས་རབ་སྙིང་པོའི་འགྲེལ་བཤད་རོབ་ཙམ་ཞུ་རྒྱུ་ཡིན།

སྔོན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཤེས་རབ་ཅེས་པའི་མིང་འདི་ནི་སངས་རྒྱས་པའི་ཆོས་ཀྱི་ནང་དུ་དད་པ་གཅིག་པུ་མ་ཡིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བསམ་བློ་བཏང་ནས་དད་པ་དང་ཤེས་རབ་ཅེས་གལ་ཆེན་པོ་རེད་དེ། གཙོ་བོ་ཤེས་རབ་རེད། དད་པ་དེའང་ཤེས་རབ་ཀྱིས་དྲངས་པའི་དད་པ་ཞིག་དགོས་པ་རེད། སྤྱིར་བཏང་དད་པ་ལ་དབང་རྟུལ་དད་པའི་རྗེས་འབྲངས་དང་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཞེས་བཤད་རྒྱུན་ཡོད། ང་ཚོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཤེས་རབ་ཅེས་རྗོད་སྐབས་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་རྒྱུ་མཚན་ལ་ལྟོས་ནས་དངོས་ཡོད་གནས་ཚུལ་གང་ཡོད་ཤེས་རབ་ཀྱིས་དཔྱད་ནས་ཤེས་པར་བྱེད་པ་ཞིག་ཡིན། ཤེས་རབ་ཅེས་ཤེས་པ་ཙམ་མ་ཡིན་པར་རབ་ཅེས་པས་དཔྱད་པ་བྱས་ཏེ་རྒྱུ་མཚན་གྱི་ཐོག་ནས་རེད། དེར་བརྟེན། བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་པ་འདི་ནུས་པ་ཆེན་པོ་འདུག བཅོམ་ལྡན་འདས་ཀྱི་བཀའ་འདིའི་དོན་ནི་ཁྱོད་རང་ཚོས་ཡིད་ཆེས་བྱས་ནས་དད་པ་བྱེད་དགོས་པ་མ་རེད། བཅོམ་ལྡན་འདས་ཀྱིས་གསུང་བའི་བཀའ་ལ་ཞིབ་འཇུག་དང་བརྟག་དཔྱད། རྒྱུ་མཚན་ཡོད་མེད་བསམ་བློ་བཏང་སྟེ་རྒྱུ་མཚན་ལྡན་པ་ཞིག་ཡིན་ན་ཡིད་ཆེས་བྱོས་ཞེས་བཀའ་གནང་ཡོད།

དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་སྔོན་ཀོ་རིའི་ཡའི་དགེ་སློང་Ven. Jin-Ok ལགས་ཀྱིས་ཀོ་རི་ཡའི་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་བཞིན་པ།  ༢༠༢༡།༡།༥ པར་བ། བསྟན་འཛིན་འཇམ་དཔལ་ལགས།

རྒྱ་གར་ནང་དུ་སངས་རྒྱས་ཀྱི་བསྟན་པ་རྐང་བཟུང་མཁན་ནི་ནཱ་ལེནྡྲ་ཆགས་ཡོད། ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་ཤེས་རབ་ཀྱིས་དཔྱད་ནས་དད་པ་སྐྱེས་པ་ཞིག་དང་། དེས་ཟིན་པའི་རྒྱ་ཆེ་བ་དང་ཟབ་མོའི་ལམ་གྱི་རིམ་པ་མང་པོ་ཞིག་ཉམས་ལེན་བྱེད་པ་གཙོ་བོ་ཤེས་རབ་ཀྱི་ཐོག་ནས་ཡོང་དགོས་པ་ཞིག་གསུངས་བཞིན་ཡོད། ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ལ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གཉིས་སུ་ཕྱེས་ནས་རྒྱ་ཆེ་བའི་ཤེར་ཕྱིན་གྱི་གཞུང་གི་དངོས་བསྟན་སྟོང་ཉིད་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་བཤད་བཞིན་ཡོད། ཤེར་ཕྱིན་གྱི་གཞུང་ནི་དོན་དག་ཧ་ཅང་རྒྱ་ཆེན་པོ་རེད། ཟབ་མོའི་ལམ་གྱི་རིམ་པའི་སྐོར་དེ་ལ་སྟོང་ཉིད་ཀྱི་སྐོར་གསུངས། རྒྱ་ཆེ་བའི་ལམ་རིམ་གྱི་སྐོར་ལ་ཤེས་རབ་སྙིང་པོའི་ནང་དུ་རྒྱས་པ་མེད་ཀྱང་། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ལམ་ལྔ་གསུམ་བཅོ་ལྔ་དེ་སྐབས་ཐོག་སྦྱོར་ལམ། སྒོམ་ལམ། མཐོང་ལམ། མི་སློབ་ལམ་ཞེས་གསུངས་བཞིན་ཡོད་པ་རེད། ཐེག་པ་གསུམ་གྱི་དབང་དུ་བྱས་པ་ཡིན་ན་ཉན་རང་གི་ལམ་གྱི་བགྲོད་སྟངས་དང་། བྱང་ཆུབ་སེམས་དཔའི་ལམ་གྱི་བགྲོད་སྟངས་སོགས་གསུངས་ཡོད་པ་རེད།

གང་ལྟར་ཤེར་ཕྱིན་གྱི་གཞུང་ཡག་པོ་ཞིག་ཤེས་པ་ལ་མངོན་རྟོགས་རྒྱན་ཧ་ཅང་གལ་ཆེན་པོ་རེད། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་སྟོན་པ་དེ་མངོན་རྟོགས་རྒྱན་རེད། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་སྟོན་མཁན་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་རྣམས་རེད། ཤེར་ཕྱིན་གྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ་སྔོན་ལ་ཚིག་ལ་བསམ་བློ་བཏང་། གང་ལྟར་སྔོན་ལ་ཐོས་བྱུང་གི་གོ་བ་སྐྱེས། དེ་ནས་བསམ་བྱུང་གི་གོ་བ་སྐྱེས། རིམ་བཞིན་ཉམས་མྱོང་སྐྱེས་ཡོང་བ་ཞིག་གི་བསམ་བློ་བཏང་ཡོང་སྐབས་མངོན་རྟོགས་རྒྱན་དང་རྩ་བ་ཤེས་རབ། དབུ་མ་འཇུག་པ། གྲྭ་ས་ལ་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བཅས་དབུ་ཕར་ལ་གཙོ་བོར་བལྟ་བཞིན་ཡོད་པ་རེད། དེ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ཆེ་བའི་ལམ་གྱི་རིམ་པ་འདི་དག་ཧ་ཅང་གལ་ཆེན་པོ་རེད། དེ་མངོན་རྟོགས་རྒྱན་དུ་ཧ་ཅང་ཡག་པོ་གསུངས་ཡོད་པ་རེད། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ནི་ཤེར་ཕྱིན་གྱི་མདོ་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་ཀྱི་སྐོར་ལ་གསུངས་པ་ཞིག་ཆགས་ཡོད། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། ཞེས་པའི་ཚིག་འདི་དག་ནི་སྟོང་ཉིད་བཞི་སྐོར་ཟེར་བ་དེ་རེད། ཧ་ཅང་གནད་ཆེན་པོ་རེད།

ཀོ་རི་ཡའི་ནང་པ་ཚོས་གཙོས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་གསན་གཟིགས་གནང་མཁན་རྣམས་ལ་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩོལ་བཞིན་པ།  ༢༠༢༡།༡།༥ པར་བ། བསྟན་འཛིན་འཇམ་དཔལ་ལགས།

སྟོང་པ་ཉིད་སྟོང་པ་ཉིད་ཟེར་དུས་ནམ་མཁའ་སྟོང་པ་ལྟ་བུའམ་གང་ཡང་མེད་པ་ཞིག་མ་རེད། ང་ཚོར་རྒྱུན་དུ་འབྲེལ་བ་ཡོད་པའི་སྟོང་གཞི་ཆོས་ཅན་གཟུགས་རོ་སོགས་ཀྱི་རང་བཞིན་ཇི་ལྟ་བུ་ཡིན་པ་ལ་བསམ་བློ་བཏང་ཡོང་སྐབས་གཟུགས་སྟོང་པའོ་ཞེས་གཟུགས་རོ་སོགས་ལ་བརྟག་དཔྱད་སྐབས་བློ་ལ་སྣང་བ་ལྟར་གྱི་ཚུགས་ཐུབ་པ་ཞིག་གཏན་ནས་མེད་པ་ཞིག་དང་། སྟོང་པ་ཉིད་གཟུགས་སོ་ཞེས་པ་ནི་སྟོང་པ་ཞེས་པ་ནི་གང་ཡང་མེད་པའི་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། རྟེན་ནས་འབྱུང་བའི་སྟོང་པ་བཤད་ཀྱི་ཡོད་པས་ལྟོས་ནས་ཡོད་པ་དང་། དཔེར་ན། གཟུགས་ལྟ་བུར་ཆ་བཞག་ན་གཟུགས་ཆེན་པོ་དང་ཆུང་ཆུང་། དབྱིབས་དང་ཁ་དོག་མི་འདྲ་སོགས་ནི་སྟོང་གཞི་ཆོས་ཅན་གྱི་ཁྱད་པར་ལ་བལྟས་ནས་ཆོས་ཅན་དེའི་རྣམ་གཞག་བཤད་བཞིན་ཡོད། དེར་བརྟེན། སྟོང་པ་ཉིད་ལ་གཞི་གཅིག་ཡོད་པ་བྱས་ཏེ་ངོ་བོ་ཉིད་ཀྱིས་སྟོང་པ་རེད་ཅེས་རྗོད་སྐབས་གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ་ཞེས་པ་རེད། ངོས་ཀྱིས་ནམ་རྒྱུན་རྗོད་བཞིན་པ་ལྟར་ཚད་རྡུལ་དངོས་ཁམས་རིག་པ་ནི་ཧ་ཅང་ཕན་ཐོག་ཆེན་པོ་འདུག ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་ཅི་ལྟར་བཤད་ཀྱི་ཡོད་པ་རེད་ཅེ་ན། ང་ཚོའི་སྒོ་ལྔའི་ཤེས་པ་ལ་གཟུགས་སོགས་ཀྱི་ཆོས་སྣང་བཞིན་པའི་སྐབས་སུ་དོན་གྱི་ངོས་ནས་ཡོད་པ་ཞིག་ཏུ་སྣང་བཞིན་ཡོད་པ་རེད། ཡིན་ནའང་། སྣང་བ་ལྟར་དུ་གྲུབ་པ་གཏན་ནས་ཡོད་པ་མ་རེད། བཙལ་བར་ཕྱིན་པ་ཡིན་ན་དཔེར་ན་གཟུགས་རོ་སོགས་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་བཞིན་ཡོད་ཀྱང་། ཕར་དཔྱད་པ་ཡིན་ན་ཁྱོན་ནས་རྙེད་རྒྱུ་ཡོད་པ་མ་རེད། ཅེས་ཚད་རྡུལ་དངོས་ཁམས་རིག་པ་ཕལ་ཆེར་མིང་བརྡའི་བཞག་ཙམ་ཞེས་པ་དེའི་ཐོག་སླེབས་ཡོང་གི་འདུག

སངས་རྒྱས་པའི་གྲུབ་མཐའི་ནང་གི་དབུ་སེམས་ཀྱི་གྲུབ་མཐའ་གཉིས་ཀས་ཚད་རྡུལ་དངོས་ཁམས་རིག་པས་བཤད་པ་ལྟར་སྣང་བ་ལྟར་མ་གྲུབ་པར་གསུང་གི་ཡོད། སྣང་བ་ལྟར་དོན་གྱི་ངོས་ནས་མ་གྲུབ་ཅེས་པ་དབུ་མ་བའི་བཤད་སྟངས་དང་། སྣང་བ་ལྟར་ཕྱི་རོལ་དོན་དུ་མ་གྲུབ་ཅེས་པ་སེམས་ཙམ་པའི་ལྟ་བ་རེད། དེར་བརྟེན། དངོས་ཁམས་རིག་པའི་བཤད་སྟངས་དེ་ཧ་ཅང་གསལ་བོ་རེད། ང་ཚོར་ཕན་ཐོགས་འདུག སྟོང་ཉིད་ཀྱི་ལྟ་བ་བཤད་པ་ལ་ཚད་རྡུལ་དངོས་ཁམས་རིག་པ་སྦྱངས་ནས་བཤད་ན་ཧ་ཅང་འཇུག་སླ་བ་རེད། ཉིན་རེ་བཞིན་གྱི་བཟའ་བཏུང་ལོངས་སྤྱོད། གཉེན་ཉེ་བ་སོགས་སྣང་བ་ལྟར་གྲུབ་མེད་པར་བཤད་པ་ལ་དགོས་པ་རྒྱུ་མཚན་དང་ཕན་ཐོགས་ཅི་ཡོད་ལ་བསམ་བློ་གཏོང་དགོས། དུད་འགྲོ་བྱ་རི་དྭགས། སྦྲང་མ་ཚུན་ཆད་ལ་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་། སྣང་བ་ལྟར་ཞེན་ནས་ཚེ་བསྐྱལ་འགྲོ་གི་ཡོད། ང་ཚོས་སྟོང་ཉིད་ཀྱི་ལྟ་བ་སྣང་བ་ལྟར་མ་གྲུབ་པ་ཚད་རྡུལ་དངོས་ཁམས་རིག་པ་དང་འབྲེལ་ནས་བཤད་པ་དེས། ཆགས་སྡང་གི་བློས་སྣང་ཙམ་དེ་མིན་པར་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་། སྣང་བ་ལྟར་འཛིན་པ་དམ་པོ་ཞིག་སྐྱེས་ནས་དེ་ལ་ཚུལ་མིན་ཡིད་བྱེད་ཀྱིས་སྒྲོ་བཏགས་ནས་བཟང་པོ་དང་ངན་པ་ཚུགས་ཐུབ་པ་ཞིག་ཡོད་པར་བློ་ལ་བཞག་གི་ཡོད། དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། དེ་ནི་སྟོང་པ་ཉིད་དུ་བཤད།། དེ་ནི་བརྟེན་ནས་བཏགས་པ་སྟེ།། དེ་ཉིད་དབུ་མའི་ལམ་ཡིན་ནོ།། གང་ཕྱིར་རྟེན་འབྱུང་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་པ།། དེའི་ཕྱིར་སྟོང་པ་མ་ཡིན་པའི་།། ཆོས་འགའ་ཡོད་པ་མ་ཡིན་ནོ།། ཞེས་ཆོས་ཐམས་ཅད་སྟོང་བ་ཉིད་ཀྱི་རང་བཞིན་དུ་བཤད་པ་ནི། ངོ་བོ་ཉིད་ཀྱིས་གྲུབ་མེད་པ་དང་སྣང་བ་ལྟར་གྲུབ་མེད་པར་རྟེན་ནས་འབྱུང་བའམ་བརྟེན་ནས་བཏགས་ཙམ་ཞིག་རེད་ཅེས་བཤད་ཀྱིན་ཡོད། དེ་བཟང་པོ་དང་དེ་ངན་པ་རེད་ཅེས་པའི་ཨ་འཐས་ཀྱི་འཛིན་པ་དེས་ཆགས་སྡང་གི་བློ་དང་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྣ་ཚོགས་སྐྱེས་བཞིན་ཡོད། ཆོས་ཕྱོགས་ནས་བཤད་ན། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་ཆགས་སྡང་སྐྱེས། དེ་ལས་ལས་བཟང་ངན་བསགས་པར་བཤད་བཞིན་ཡོད། ཆོས་ཕྱོགས་ཀྱི་སྐད་ཆ་མ་བཤད་ནའང་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རྐྱེན་གྱིས་སེམས་ལ་འཆར་སྒོ་སྣ་ཚོགས་ཤར། དེ་ལ་བརྟེན་ནས་འཇིགས་སྣང་དང་། ང་རྒྱལ། ཕྲག་དོག་སྐྱེ་བ་སོགས་སེམས་འཁྲུག་སྡོད་ཀྱི་རེད།

ཀོ་རི་ཡའི་ནང་པ་ཚོས་གཙོས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་གསན་གཟིགས་གནང་མཁན་རྣམས་ལ་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩོལ་བཞིན་པ།  ༢༠༢༡།༡།༥ པར་བ། བསྟན་འཛིན་འཇམ་དཔལ་ལགས།

དེང་སྐབས་འཛམ་གླིང་གི་རྙོག་དྲ་མང་པོ་ཞིག་མིས་བཟོས་པའི་རྙོག་དྲ་རེད། མི་སུ་ཡིན་ནའང་རྙོག་དྲ་བཟོ་མི་འདོད་ཀྱང་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དབང་གིས་ཡོང་གི་ཡོད། དེའི་རྩ་བ་གཏུགས་ན་ཅི་ལྟར་སྣང་བ་བཞིན་དོན་གྱི་ངོས་ནས་ཡོད་པར་བསམ་བློ་བཏང་བས་རེད། ཆོས་མེད་མཁན་ཚོས་ཀྱང་ཚད་རྡུལ་དངོས་ཁམས་རིག་པར་བསམ་བློ་བཏང་ན་ཕན་ཐོགས་འདུག རྒྱ་གར་གྱི་ཚན་རིག་པ་ར་རྗ་རཱ་མ་ནཱས་ཚད་རྡུལ་དངོས་ཁམས་རིག་པ་དེང་སྐབས་ནུབ་ཕྱོགས་ལ་གསར་དུ་དར་གྱི་ཡོད་ནའང་། རྒྱ་གར་ལ་ལོ་ཉིས་སྟོང་ཡར་སྔོན་ནས་དར་ཡོད་པ་རེད་ཅེས། ཁུངས་སུ་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིགས་བཅད་འགའ་སྐྱོར་སོང་། དེ་བདེན་པ་རེད། རྒྱ་གར་གྱི་རིགས་པའི་གཞུང་ལུགས་ནང་དུ། སྣང་བ་ལྟར་གྲུབ་མེད་པའི་སྐད་ཆ་ཤུགས་ཆེན་པོ་ཡོད། དེ་ནི་ཤེས་བྱའི་རྣམ་གྲངས་ཙམ་མིན་པར་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་བ་ལ་གཉེན་པོ་བསྟེན་སྟངས་ཤིག་གསུངས་ཡོད། དབུ་མ་རྩ་བ་ཤེས་རབ་ལས། གཟུགས་སྟོང་པའོ་ཞེས། གཟུགས་ཞེས་དོན་གྱི་ངོས་ནས་ཡོད་པ་ལྟར་སྣང་ཡང་སྣང་བ་ལྟར་གྲུབ་ཡོད་པ་མ་རེད། གཟུགས་ཀྱི་དབྱིབས་དང་ཆ་ཤས་བསལ་ནས་བཙལ་ན་གཟུགས་རྙེད་པ་ཡོད་མ་རེད། གཟུགས་རྡུལ་ཕྲ་རབ་ལ་གཏུགས་ན་གཟུགས་རྙེད་མི་ཐུབ། མ་བརྟག་མ་དཔྱད་པར་ཕན་གནོད་འབྲེལ་བའི་གཟུགས་ཤིག་ཡོད། དེ་བཞིན་སྒྲ། དྲི། རོ། རེག་བྱ་སོགས་བཏགས་དོན་བཙལ་ན་རྙེད་པ་མེད་པ་རྩ་ཤེས་ལས་གསལ་བོ་ཡོང་གི་ཡོད། དེ་ཅིའི་ཕྱིར་གལ་ཆེན་པོ་རེད་ཅེ་ན། སྣང་བ་ལྟར་གྲུབ་པར་འཛིན་པ་དེས་ཨ་འཐས་ཀྱི་འཛིན་པ་དང་དེ་ལས་ཆགས་སྡང་སྐྱེ་བ་རེད། དེར་བརྟེན། མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ། སློབ་དཔོན་ཨཱརྱ་དེ་ཝའི་དབུ་མ་བཞི་བརྒྱ་བ་ལས།  ལུས་ལ་ལུས་དབང་ཇི་བཞིན་དུ།། གཏི་མུག་ཀུན་ལ་གནས་གྱུར་ཏེ།། དེ་བཞིན་ཉོན་མོངས་ཐམས་ཅད་ཀྱང་།། གཏི་མུག་བཅོམ་པས་བཅོམ་པར་འགྱུར།། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། མཐོང་ན་གཏི་མུག་འབྱུང་མི་འགྱུར།། དེའི་ཕྱིར་འབད་པ་ཀུན་གྱིས་འདིར།། གཏམ་དེ་ཐོག་མར་བསྙད་པར་བྱ།། ཞེས་སྡོམ་ཆེན་པོ་ཞིག་བརྒྱབ་ཡོད།  

སེམས་མི་སྐྱིད་པ་བཟོ་མཁན་ཆགས་སྡང་དང་། ཆགས་སྡང་གི་རྩ་བ་ནི་དོན་སྟེང་ནས་ཡོད་པ་ཞིག་སྣང་ཞིང་སྣང་བ་ལྟར་དོན་སྟེང་ནས་ཡོད་པར་ཞེན་ཏེ། ཨ་འཐས་ཀྱི་འཛིན་པ་སྐྱེས་ཤིང་དེ་ལས་ཆགས་སྡང་སྐྱེ་བཞིན་ཡོད། ཨ་འཐས་ཀྱི་འཛིན་པ་དེ་སེལ་བ་ལ། བརྟེན་ནས་བཏགས་པར་བསམ་བློ་འཁོར་ན་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་ཡང་སྣང་བ་ལྟར་མེད་པར་གསུངས་པ་རེད། དེ་ཚིག་ཙམ་ནས་མི་འཇོག་པར་བསམ་བློ་ཐོངས་དང་། ཆགས་སྡང་སྐྱེ་སའི་ཡུལ་དེ་སྤྱིར་བཏང་བློ་ལ་ཤར་དུས་སྣང་ཙམ་ལྟ་བུ་ཞིག་རེད། དེ་ལ་ཆགས་སྡང་སྐྱེ་དུས་དོན་གྱི་ངོས་ནས་ཡོད་པའི་ཨ་འཐས་ཀྱི་འཛིན་པ་ཞིག་སྐྱེ་བཞིན་ཡོད་པ་གསལ་བོ་རེད། དེར་བརྟེན། སྟོང་པ་ཉིད་ཅེས་པ་དེས་ཉོན་མོངས་ལ་གཉེན་པོ་བྱེད་པ་དང་འཕྲལ་དུའང་སེམས་ལྷོད་ལྷོད་དང་ཞི་བདེ་ཡོང་བར་ཁྱད་པར་འདུག ཨ་འཐས་ཀྱི་འཛིན་པ་ཤུགས་ཆེན་པོ་ཡོད་ན་ཆགས་སྡང་སྐྱེ་བ་དང་། དོན་གྱི་ངོས་ནས་མེད་པར་མིང་བརྡས་བཞག་ཙམ་ལ་བསམ་བློ་བཏང་ན་ཨ་འཐས་ཀྱི་འཛིན་པ་ཤུགས་ཆུང་བར་འགྲོ་བ་གསལ་བོ་རེད། དེང་སྐབས་འཛམ་གླིང་འདིར་ང་ཚོ་མི་ཚང་མ་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ཤ་སྟག་ཡིན་ནའང་། དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་ཞེ་ཅིག་རེད།  སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཁ་ཁ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་ནང་པ་གཙོ་བོར་གྱུར་བའི་དད་ལྡན་རྣམས་ལ་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་གནང་བཞིན་པ། ༢༠༢༡།༡།༥ པར་བ། བསྟན་འཛིན་འཇམ་དཔལ་ལགས།

མི་ཚེ་འདིར་འདོད་དང་མི་འདོད་པའི་རྐྱེན་བྱས་ནས། ཕྲག་དོག་དང་འགྲན་སེམས། ང་རྒྱལ། སྡུག་ས་ནས་གསོད་རེས་བྱེད་པ་ཚུན་ཆད་ཆགས་སྡང་གི་བློ་ཤུགས་ཆེན་པོ་སྐྱེས་ནས་རྙོག་དྲ་དེ་དག་ཡོང་གི་ཡོད། ཚན་རིག་པ་ཚོས་ཀྱང་དེ་ལྟར་བཤད་ཀྱིན་འདུག སེམས་མི་སྐྱིད་པ་ཡོང་བ་དེ་སེམས་ནང་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རྐྱེན་གྱིས་ཨ་འཐས་ཀྱིས་འཛིན་པས་ཕྱོགས་ལྷུང་ཤུགས་ཆེན་པོ་ཞིག་བྱས་ནས་ཡོང་གི་ཡོད་པ་ཧ་ཅང་གསལ་བོ་རེད། དེར་བརྟེན། ཟབ་མོ་དབུ་མའི་གཞུང་གི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཞེས་པས་ཨ་འཐས་ཀྱི་འཛིན་པ་ཤུགས་ཆུང་བར་གཏོང་བ་རེད། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་པ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། དེ་དང་དེ་ནི་མདོ་བཞིན་དུ།། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད།། ཅེས་དོན་བདུན་ཅུའི་རྣམ་གཞག་གསུང་སྐབས་སེམས་བསྐྱེད་ནས་བཟུང་སྟེ། རྒྱ་ཆེ་བའི་བློ་དག་སྡོམ་བརྒྱབ་ནས་རིམ་གྱིས་བློ་སྦྱངས་སྟངས་ཤིག་གསུངས་ཡོད། དེར་བརྟེན། དབུ་ཕར་གཉིས་ཟུང་འབྲེལ་བྱས་ནས་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་དུ་གྲྭ་ས་ཁག་ནས་གཞུང་ཆེན་པོ་ཏི་ལྔ་རྗོད་སྐབས་དབུ་ཕར་གཉིས་གལ་ཆེན་པོར་བརྩི་བཞིན་ཡོད། ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དབུ་མ་རྩ་བ་ཤེས་རབ་དང་། དབུ་མ་འཇུག་པ། སྦས་དོན་མངོན་རྟོགས་ཀྱི་རིམ་པ་མངོན་རྟོགས་རྒྱན་གྱི་སྟེང་ནས་ལྟ་བཞིན་ཡོད། དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཆོས་འབྲེལ་གྱི་སྔོན་འགྲོའི་གསུང་ཆོས་བཀའ་དྲིན་སྩལ་རྗེས་ཤེས་རབ་སྙིང་པོའི་ཆོས་འབྲེལ་དབུ་འཛུགས་མཛད་པ་དང་། ཆུ་ཚོད་༩།༥༠ ཙམ་རིམ་པར་ཆོས་ཞུ་པའི་དྲི་བ་ལྔ་ལ་བཀའ་ལན་སྩལ་རྗེས་ཉིན་དང་པོའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།